Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟའ་སྲུང་ཉི་མ་མདུང་གང་མ།
   
   
   
   
   
   
   
   
   
   


 
previousགཟའ་སྲུང་ཉི་མ་མདུང་གང་མ།next

གཟའ་སྲུང་ཉི་མ་མདུང་གང་མ།


CMR016_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྲུང་ཉི་མ་མདུང་གང་མ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། ཉི་མ་མདུང་གང་དུས་སུ་ཁ་ནབ་ཏུ་གླུ་ལ། ཧཱུྃ། རང་ཉིད་སྐད་ཅིག་དྲན་རྫོགས་གསང་བའི་བདག །ཁྲོ་ཆས་ཡོངས་རྫོགས་རྡོ་རྗེ་སྦྲུལ་ཞགས་འཛིན། །མེ་འབར་པད་ཉི་རི་རབ་སྟེང་ན་བཞུགས། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཕྲེང་གྷསྐོར་གཅིག་བཟླའོ།། རང་མདུན་ཁྲག་མཚོ་ཟུར་གསུམ་དབུས་སུ་ནི། །རཱ་ཧུ་ལ་ནི་དུད་མདོག་མཐེ་བོང་ཙམ། །མགོ་བརྒྱད་བྱ་རོག་གདོང་དང་དགུ་ཡོད་པ། །མགོ་ལུས་མིག་གང་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་བཞི་འོག་གཉིས་སྦྲུལ་ཞགས་མདའ་གཞུ་སྟེ། །དང་པོས་ཐལ་སྦྱར་བདག་ལ་གུས་པའི་ཚུལ། །གདོང་ནི་ཤིན་ཏུ་སྨད་དེ་བཀའ་ཉན་གྱུར། །ཨོཾ་ཉི་མ་ནན༔ ཟླ་བ་ནན༔ ཀླད་པ་ནན༔ སྙིང་མགོ་ནན༔ བཞི་རྩིག་ལྟག་ཁུང་ནན༔ ཨེ་རྩེ་ཏྲ་མ་ཏྲ་ཟློག༔ ཨེ་ནཱ་ག་ཤིག༔ ནཱ་ག་སོད༔ ནཱ་ག་ཟློག༔ ནཱ་ག་ནཱི༔ ནཱ་ག་ཀིན་མགོ་ལ་ནན༔ ཞེས་བརྒྱ་རྩ་བཟླས་སོ། །གཏོར་ཆུང་བྲན། ཨོཾ་ཨཱཿཧཱུྃ༔ བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཀེ་ཏ་ཀེ་ཏུ་རཱ་ཧུ་ལ་ས་པཱ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔


CMR016_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ༔ ཨོཾ་བཛྲ་ཨགྷཾ་སོགས། ཤབ་བརྗོད། ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ མཐུ་སྟོབས་ནུས་པ་བསམ་མི་ཁྱབ༔ རཱ་ཧུ་ལ་ཞེས་རབ་གྲགས་པའི༔ སྲུང་མ་ཁྱོད་ལ་བདག་བསྟོད་དོ༔ བདག་ཅག་དཔོན་སློབ་མི་ནོར་བཅས༔ སྟེང་གདོན་གཟའ་ཡི་གནོད་པ་དང་༔ ནད་དང་གདོན་དང་བགེགས་ཀུན་ལསཿ བྱང་ཆུབ་བར་དུ་བསྲུང་བར་མཛོད༔ རཱ་ཧུ་ལ་ས་པཱ་རི་ཝཱ་ར་གཙྪགཙྪ༔ ར་ཧུ་ལ་རྒྱ་མཚོའི་ཕར་འགྲམ་དུ་སོང་༔ ཁྲག་མཚོ་དེ་ཡང་སྐམ་ནས་མི་སྣང་བར་བསམ༔ སྟོང་ཉིད་ཀྱི་ངང་དུ་བཞག༔ འདི་ཉི་ཤུ་དགུ་ནས་རྒྱབ་རེས་ཉི་ཤུ་དགུ་ཡིན་བར་མ་ཆག་ན་སྐྱེ་བ་འབུམ་ཚོ་གསུམ་གྱི་བར་གཟའི་གནོད་པ་མི་འབྱུང་གསུངས་སོ། །ཟླ་བ་བཅུ་ལ་མ་ཆག་ན་གཟའ་བཅོས་ཅི་བྱས་ཀྱང་རང་ལ་མི་གནོད་ལག་བླང་མའོ། །ཞེས་ཉམས་ལེན་བདེ་ཕྱིར་ཨ་རཱ་གས་སོ། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཟའ་སྲུང་ཉི་མ་མདུང་གང་མ།next