Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཕྱག་རྡོར་ལུགས་པའི་མངོན་རྟོགས།
   
   
   
   
   
   
   
   
   


 
previousགནམ་ཆོས་ཕྱག་རྡོར་ལུགས་པའི་མངོན་རྟོགས།next

གནམ་ཆོས་ཕྱག་རྡོར་ལུགས་པའི་མངོན་རྟོགས།


CMR016_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཕྱག་རྡོར་ལུགས་པའི་མངོན་རྟོགས་བཞུགས་སོ༔


CMR016_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་མཆོག་ལ་ཕྱག་འཚལ་ལོ༔ ཕྱག་རྡོར་ལུགས་པ་སྒྲུབ་པ་ནི༔ དཀྱིལ་འཁོར་དང་ནི་གཏོར་མ་མེད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར་བྱུང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ རང་ཉིད་ལུགས་བདག་མདུན། སྐུ་མདོག་མཐིང་༔ ཞལ་གདངས་ལྗགས་ནི་ཤིན་ཏུ་འདྲིལ༔ མཆེ་བ་རབ་གཙིགས་དབུ་སྐྲ་འབ༔ སྤྱན་གསུམ་དུས་གསུམ་འགྲོ་ལ་གཟིགས༔ གཡས་ཞལ་དེ་ནི་ཀུནྡའི་མདོག༔ གཡོན་ཞལ་པདྨ་རཱ་གའི་མདོག༔ དབུ་ལ་ཐོད་


CMR016_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་ལྔ་ཡིས་བརྒྱན༔ རུས་པའི་རྒྱན་དང་སྦྲུལ་ལ་སོགས༔ ཡིད་ལ་མི་སྡུག་པ་ཡིས་བརྒྱན༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ གཡས་ཀྱི་དང་པོས་རྡོ་རྗེ་འཕྱར༔ སྡེ་བརྒྱད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་སྡིགས་མཛུབ་རབ་ཏུ་སྒྲེངས༔ གནོད་བྱེད་དགྲ་བགེགས་གཟིར་ཞིང་གནོན༔ ཕྱག་གཡས་དེ་ནི་བར་མ་ཡིས༔ གདོན་བགེགས་སྙིང་ནི་རལ་གྲིས་གཏུབས༔ གཡོན་གྱི་བར་པས་ཞགས་པ་བསྣམས༔ རྒྱལ་བསེན་ཕོ་མོ་འཆིང་བར་བྱེད༔ གཡས་ཀྱི་འོག་མས་ཌཱ་རུ་དཀྲོལཿ རྒྱལ་བསེན་ཀླད་པ་ཆེམ་ཆེམ་དཀྲུགས༔ གཡོན་གྱི་


CMR016_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མས་རྩེ་གསུམ་འཛིན༔ དུག་གསུམ་དེ་ནི་སྒྲོལ་བར་བྱེདཿ ཡེ་ཤེས་མེ་ཡི་ཀློང་ན་ནི༔ ཧཱུྃ་ཧཱུྃ་ཕཊ་སྒྲ་རབ་ཏུ་སྒྲོག༔ ཞབས་བཞི་པད་ཉིའི་བླ་རུ་ནི༔ ལྷ་སྲིན་སྡེ་བརྒྱད་སྟེང་དུ་བགྲད༔ ཐུགས་ཀར་འཁོར་ལོ་ཉི་མའི་སྟེང་༔ ཧཱུྃ་ནི་ཤིན་ཏུ་ནག་པོ་ལས་འོད་ཟེར་ནག་པོ་འཕྲོས་པ་ཡིསཿ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་རྡོར་ལུགས་པ་སྤྱན་དྲངས་སོ༔ བདག་མདུན་བུམ་པའི་ལྷ་ལ་ཐིམ༔ ཞེས་པ་དབང་སྒྲུབ་དུས་སུ་ཡིན༔ རྒྱུན་གྱི་ཐུགས་དམ་ལ༔ བདག་ལ་སིབ་སིབ་ཐིམ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ དེ་ཡིས་ཕྱག་རྡོར་ལུགས་པ་འགྲུབ༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ ན་མ་ས༔ ཧཱུྃ༔ ཞལ་གདམས་ཐུགས་ཀར་འཁོར་ལོ་རྩིབས་དྲུག་གི་སྟེང་དུ་ཉི་མ་ལ་ཧཱུྃ་བསྒོམ༔ སྔགས་གྲངས་སྒྲུབ་པའི་གྲངས་ཚད་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེའུ་མགོ་ཟླའི་ཚེས་དྲུག་ལ་ཕྱག་རྡོར་ཁྲོ་བོ་ཕྱག་གཉིས་པ་ཞིག་གིས་དངོས་སུ་གསུངས་སོ་༈ གནམ་ཆོས་ལས་ཕྱག་རྡོར་གོས་སྔོན་ཅན་གྱི་དབང་ཡོད༔ ན་མོ་བཛྲ་པཱ་ཎི་ཡེ༔ ཕྱག་རྡོར་ལུགས་པའི་དབང་བསྐུར་ནི༔ སྟ་གོན་དབང་སྒྲུབ་སྤྱི་ལྟར་བྱ༔ གསུངས་ཕྱིར་བུམ་པ་མཆོད་གཏོར་བཤམས༔ མངོན་རྟོགས་གཅིག་གིས་བདག་མདུན་བུམ་གསུམ་བསྒྲུབ༔ བསྙེན་པ་བརྒྱ་སྟོང་ཅི་འགྲུབ་བཟླ༔


CMR016_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཨདྷཾ་སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ ཕྱག་རྡོར་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ནས་ཁྲུས་དང་མཎྜལ་བྱས་ལ༔ འོ་ན་ད་ལམ་ཁྱེད་རྣམས་ལ་ཕྱག་ན་རྡོ་རྗེའི་དབང་བསྐུར་བ་ཡིན་ཏེ༔ སྔོན་བསྐལ་པ་གངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན་བསྐལ་པ་གདུལ་དཀའ་བ་ཞེས་བྱ་བ་ལ༔ སངས་རྒྱས་ཡེ་ཤེས་སྒྲོལ་མ་ཆེན་པོའི་འོད་ཟེར་ཞེས་བྱ་བ་བྱོན་ཏེ༔ དེས་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་གྱི་རིགས་མཐའ་ཡས་མུ་མེད་པ་ལ་ཆོས་གསུངས་སོ༔ དེ་ནས་སངས་རྒྱས་ཞལ་འཛུམ་པ་ལས་སྔོན་མ་བྱུང་བའི་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ངོ་༔ དེའི་ཚེ་རྡོ་རྗེ་འཆང་ཆེན་པོར་རྒྱལ་པོ་དབང་ཕྱུག་རྒྱལ་པོས་ཕྱག་འཚལ་ནས་དེའི་རྒྱུ་མཚན་ཞུས་པས༔ བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བཻཌཱུརྱ་ལྟ་བུའི་འོད་ཟེར་གྱིས་རྟེན་ཐམས་ཅད་གསལ་བའི་མེ་ལྕེ་བྱུང་སྟེ༔ འོད་ཟེར་དེའི་དབུས་ནས་གསང་བདག་ལག་ན་རྡོ་རྗེ་འཁོར་རིག་པའི་ལྷ་མོ་དང་བཅས་པ་བྱུང་ངོ་༔ དེའི་ཚེ་སངས་རྒྱས་དེས་འཁོར་


CMR016_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གསང་བདག་གི་རྒྱུད་དཔག་ཏུ་མེད་པ་གསུངས་སོ༔ དེ་ཚུན་ཆད་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་དྲུང་དུ་བདུད་ཕམ་པར་བྱས་ནས་བསྟན་པ་བཟུང་ངོ་༔ དེ་རྗེས་སངས་རྒྱས་དཔག་ཏུ་མེད་པའི་བསྟན་པ་ལ་བདུད་བཏུལ་ལོ༔ འོད་སྲུང་ལ་སོགས་དང་ཤཱཀྱའི་བསྟན་པ་ལ་བདུད་མ་དུལ་བ་འདུལ་བ་དང་༔ གསང་བ་འཛིན་ཅིང་བསྐལ་བཟང་འདིའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་བསྲུང་ཞིང་གསང་བ་འཛིན་པ་ཡིན་ཏེ༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཞེས་གསུངས་པས་དང་པོའི་སངས་རྒྱས་ཉིད་ཡིན་ཀྱང་ཁྲོ་བོའི་ཚུལ་དུ་བཞུགས་པ་སྟེ༔ ད་ལྟ་ཡང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྤྲུལ་པ་ཇི་ཙམ་མཛད་པ་དེའི་གྲངས་སུ་སྤྲུལ་ནསཿ ཕྱི་བཞིན་དུ་འབྲངས་ནས་བར་ཆད་སེལ་བ་དང་༔ མ་འོངས་པ་ན་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཐམས་ཅད་ཀྱི་བདུད་འདུལ་ཞིང་༔ གསང་བ་འཛིན་ཅིང་རྡོ་རྗེ་རྩ་ལ་གྱིས་འགྲོ་བ་ཞེས་བྱ་བར་སངས་རྒྱས་པའི་ཚུལ་དང་༔ བསྐལ་པ་བྱེ་བ་འདས་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་སྐར་མ་བཀྲམ་པ་ལྟ་བུ་ཞེས་བྱ་བ་ལ་སངས་རྒྱས་རྡོ་རྗེ་རྣམ་པར་གནོན་པ་ཞེས་བྱ་བར་འཚང་རྒྱ་བའི་ཚུལ་སྟོན་པར་


CMR016_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ༔ རིག་པ་མཆོག་གི་རྒྱུད་ལས༔ གང་གིས་དེ་བཞིན་གཤེགས་པ་འབུམ་ཕྲག་གངྒཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས༔ གང་གིས་རིག་པའི་རྒྱལ་པོ་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་བས་བསོད་ནམས་མང་དུ་བསྐྱེད་དོ་ཞེས་གསུངས་སོ༔ དེ་ལ་ཕྱག་ན་རྡོ་རྗེ་འདི་ལ་རིགས་བརྒྱ་རྩ་བརྒྱད་ཡོད་པར་མཚན་བརྒྱ་རྩའི་བསྟོད་པ་ལས་གསལ༔ ཁྱད་པར་གནམ་ཆོས་ལས་ཕྱག་རྡོར་རིགས་བཅུ་གསུམ་བྱུང་བའི་ནང་ནས་འདི་ཕྱག་རྡོར་ལུགས་པ་ཞེས་བྱ་སྟེ༔ ཕྱག་རྡོར་གྱི་ནང་ནས་འདི་གོས་སྔོན་ཅན་གྱི་ལུགས་ཡིན༔ གོས་སྔོན་ཅན་ལ་ཡང་སྔགས་ཨུ་ཙཱརྱ་དང་༔ ནཱི་ལཾ་བཱ་ར་དྷ་ར་དང་བཛྲ་པཱ་ཎི་གསུམ་ལས་འདི་པཱ་ཎི་ཅན་ཡིན་པས་ཕྱག་རྡོར་ལུགས་པ་ཞེས་བྱ༔ འདིའི་དབང་ཐོབ་ན་ལྷ་སྲིན་སྡེ་བརྒྱད་གང་གིས་ཀྱང་ཚུགས་པར་མི་ནུས་ཏེ༔ ལོ་དུས་སུ་ཟླ་བ་ལྔ་པའི་ཚེས་གཅིག་ནས་ལྷ་འདྲེ་ཆེ་རིམ་ཐམས་ཅད་ལྷ་ཡུལ་དུ་ལྟད་མོ་བལྟར་འགྲོ༔ ཕྱིར་ལམ་རི་རབ་ཆེན་པོའི་བྱང་ཕྱོགས་ལྕང་ལོ་ཅན་དུ་རྣམ་སྲས་ཀྱི་ཕོ་བྲང་དུ་སྟོན་མོ་བྱེད༔ དེར་ཕྱག་ན་རྡོ་རྗེ་ཕེབས་ནས་ཆོས་བཤད༔ དེར་ཕྱག་རྡོར་གྱི་བཀའ་དང་དམ་ལས་འདས་པ་


CMR016_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྕང་ལོ་ཅན་དུ་འགྲོ་མི་ཕོད་པས་དེར་མ་ཕྱིན་ན་སྡུག་སྣང་ཆེན་པོ་ཡོད་རྒྱལ་པོའི་ཕོ་བྲང་དུའང་འགྲོ་མི་ཕོད༔ གལ་ཏེ་སོང་ཡང་གདན་བཤམས་པའི་སྟན་ཡང་མི་འཐོབ༔ ཕྱག་རྡོར་གྱི་ལས་མཁན་རྡོ་རྗེ་གནོད་སྦྱིན་གྱི་ཚོགས་རྣམས་ཀྱིས་སྤུ་གྲི་རྣོན་པོས་གདོན་དེའི་སྣ་དང་རྣ་བ་གཅོད༔ འཁོར་ལོ་རབ་ཏུ་འབར་བས་དེའི་ཀླད་པ་གཤག༔ ཕྱག་ན་རྡོ་རྗེའི་བཀའ་ཆད་ཀྱིས་ཁ་ནས་ཁྲག་སྐྱུག་ཅིང་སྙིང་ལ་མེ་འབར་ནས་ཚིག་སྟེ་ཤི་ནས་མནར་མེད་པའི་དམྱལ་བར་སྐྱེ་བར་བཤད༔ འོ་ན་དེས་ན་ལྷ་འདྲེས་བསྲུང་བའི་རྒྱུ་དམ་ཚིག་གང་ཡིན་ཞེ་ན་ཕྱག་ན་རྡོ་རྗེའི་དབང་ཐོབ་པ་དང་ལྷ་བསྒོམ་པ་དང་སྔགས་བཟླ་བ་དང་སྲུང་བ་བཏགས་པ་ལ་གནོད་པ་མི་བྱེད་པ་ཡིན་པས༔ སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ་ཕྱག་རྡོར་གྱི་དབང་ཐོབ་པ་དང་ལྷ་བསྒོམ་པ་དང་སྔགས་བཟླ་བ་ལ་གནོད་མི་སྲིད་པ་ཡིན་ནོ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་སློབ་དཔོན་དང་དབང་རྫས་རྣམས་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པ་གྱིས་ལ་དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བླ་མ་དཀོན་མཆོག་གསུམ་པོ་དང་༔ ཡི་དམ་ལྷ་ཚོགས་མ་ལུས་དང་༔ ཁྱད་པར་ཕྱག་རྡོར་ལུགས་པ་ལ༔


CMR016_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེརཿ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གསུམ་མམ་ཚིག་རྗེས་མ་གསུམ། དེ་ནས་སློབ་མ་ལྷར་བསྐྱེད་པའི་དོན་དུ༔ སློབ་མ་ལུགས་པ་སྐུ་མདོག་མཐིང་༔ ཞལ་གདངས་ལྗགས་ནི་ཤིན་ཏུ་འདྲིལ༔ མཆེ་བ་རབ་གཙིགས་དབུ་སྐྲ་འབརཿ སྤྱན་གསུམ་དུས་གསུམ་འགྲོ་ལ་གཟིགས༔ གཡས་ཞལ་དེ་ནི་ཀུནྡའི་མདོག༔ གཡོན་ཞལ་པདྨ་རཱ་གའི་མདོག༔ དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན༔ རུས་པའི་རྒྱན་དང་སྦྲུལ་ལ་སོགས༔ ཡིད་


CMR016_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་སྡུག་པ་ཡིས་བརྒྱན༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ གཡས་ཀྱི་དང་པོས་རྡོ་རྗེ་ཕྱར༔ སྡེ་བརྒྱད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་སྡིགས་མཛུབ་རབ་ཏུ་སྒྲེངས༔ གནོད་བྱེད་དགྲ་བགེགས་གཟིར་ཞིང་གནོན༔ ཕྱག་གཡས་དེ་ནི་བར་མ་ཡིས༔ གདོན་བགེགས་སྙིང་ནི་རལ་གྲིས་གཏུབས༔ གཡོན་གྱི་བར་པས་ཞགས་པ་བསྣམས༔ རྒྱལ་བསེན་ཕོ་མོ་འཆིང་བར་བྱེད༔ གཡས་ཀྱི་འོག་མས་ཌཱ་རུ་དཀྲོལ༔ རྒྱལ་བསེན་ཀླད་པ་ཆེམ་ཆེམ་དཀྲུགས༔ གཡོན་ཀྱི་འོག་མས་རྩེ་གསུམ་འཛིན༔ དུག་གསུམ་དེ་ནི་སྒྲོལ་བར་བྱེད༔ ཡེ་ཤེས་མེ་ཡི་ཀློང་ན་ནི༔ ཧཱུྃ་ཧཱུྃ་ཕཊ་སྒྲ་རབ་ཏུ་སྒྲོག༔ ཞབས་བཞི་པད་ཉིའི་བླ་རུ་ནི༔ ལྷ་སྲིན་སྡེ་བརྒྱད་སྟེང་དུ་བགྲད༔ ཐུགས་ཀར་འཁོར་ལོ་ཉི་མའི་སྟེང་༔ ཧཱུྃ་ནི་ཤིན་ཏུ་ནག་པོ་ལས༔ འོད་ཟེར་ནག་པོ་འཕྲོས་པ་ཡིས༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་རྡོར་ལུགས་པ་སྤྱན་དྲངས་སོ༔ ཕྱོགས་བཅུའི་ཞིང་ནས་གསང་བའི་བདག༔ གྲངས་མེད་སྤྱན་དྲངས་སློབ་མར་ཐིམ༔ ཧཱུྃ༔ ཕྱག་རྡོར་ལུགས་པའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་


CMR016_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར་ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད་ཅིང་སྤོས་དང་རོལ་མོ་བྱ༔ དེ་ནས་རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛྲ༔ དེས་དབང་གི་གཞི་བཀོད་པ་སོང་ནས༔ དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བླ་མ་དཀོན་མཆོག་གསུམ་པོ་དང་༔ ཡི་དམ་ལྷ་ཚོགས་མ་ལུས་དང་༔ ཁྱད་པར་ཕྱག་རྡོར་ལུགས་པ་ལ༔ གསོལ་བ་འདེབས་སོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་དབང་བསྐུར་སྩོལ༔ བུམ་པའི་དབང་ནི་བུམ་པ་ཐོགས་ལཿ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ༔ ལྟོ་བ་ཡངས་པ༔ མགྲིན་པ་རིང་བ༔ མཆུ་འཕྱང་བ༔ ལྷ་རྫས་ཀྱི་དར་སྔོན་པོས་མགུལ་པ་དཀྲིས་པ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་ཕྱག་ན་རྡོ་རྗེ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས༔ ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགསཿ ལུས་ཀྱི་གནས་བཞི་གང་སྒྲིབ་པ་བཞི་དག༔ དབང་བཞི་ཐོབ༔ སྐུ་བཞི་མངོན་དུ་བྱས་པའི་སྐལ་བ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ བུམ་


CMR016_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནི་གཞལ་ཡས་ཁང་༔ འདི་ནང་ཕྱག་ན་རྡོ་རྗེ་བཞུགས༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ ཕྱག་ན་རྡོ་རྗེའི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ ཀུལླཱ་ཨ་ཨ་བྷི་ཥིཉྩ་མཾ༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན་ཕྱག་ན་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་སྐུའི་དབང་ཐོབ༔ ལུས་ཀྱི་ནད་གདོན་ཞི༔ འདིའི་སྐུ་བསྒོམ་པར་དབང་༔ མཚན་དཔེ་ལྡན་པའི་སྐུ་ཐོབ་པའི་སྐལ་བ་དང་ལྡན་ནོ༔ དེ་ནས་དུང་དཀར་ཐོགས་ལ༔ ད་མདུན་བསྐྱེད་ཀྱི་མགྲིན་པ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་དུང་དཀར་པོ་གཡས་སུ་འཁྱིལ་པ༔ ནང་གི་རྩ་རྗེས་ལ་བཀྲ་ཤིས་པའི་རྟགས་བརྒྱད་དོད་ཅིང་ཆོས་ཀྱི་སྒྲ་རང་གྲགས་སུ་སྒྲོག་པ་མང་པོ་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དུང་དཀར་འདི་ནི་གོས་སྔོན་ཅན༔ གསུང་གི་རྟགས་རྣམས་ཡོངས་སུ་རྫོགས༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔


CMR016_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་དབང་རྣམས་ཡོངས་རྫོགས་ཤོག༔ རྩ་སྔགས་མཇུག་ཏུ༔ ཤཾ་ཁ་ལ་ཨ་བྷི་ཥིཉྩ་མཱི༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ འདིའི་སྔགས་བཟླ་བར་དབང་༔ གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ནོ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ད་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བཻཌཱུརྱའི་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ རྡོ་རྗེ་འདི་ནི་གོས་སྔོན་ཅན༔ ཐུགས་ཀྱི་རྟགས་རྣམས་རྫོགས་པ་ཡིན༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིསཿ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ རྩ་སྔགས་མཇུག་ཏུ༔ བཛྲ་ཨ་བྷི་ཥིཉྩ་མཱི༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་


CMR016_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ དེས་ཐུགས་ཀྱི་དབང་ཐོབ༔ སེམས་ཀྱི་སྒྲིབ་པ་དག༔ ཏིང་ངེ་འཛིན་བསྒོམ་པར་དབང་༔ ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་ནོ༔ དེ་ནས་སྐུ་གཟུགས་ཐོགས་ལ༔ སྐུ་གཟུགས་འདི་ནི་ཕྱག་རྡོར་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྟེང་ཕྱོགས་འོག་མིན་ལྕང་ལོ་ཅན་དང་རི་རབ་བྱང་ཕྱོགས་ལྕང་ལོ་ཅན་བྱེ་བ་ཕྲག་བརྒྱ་ནས་ཕྱག་ན་རྡོ་རྗེའི་སྐུ་ཆེ་བ་རི་རབ་ཙམ༔ ཆུང་བ་ཡུངས་འབྲུ་ཙམ་དཔག་ཏུ་མེད་པ་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་ཕྱག་རྡོར་ལུགས་པ་ཡིན༔ འདི་ཉིད་ཁྱོད་ཀྱི་མགོར་བཞག་པསཿ ཡོན་ཏན་དབང་རྣམས་ཐོབ་བར་ཤོག༔ རྩ་སྔགས་མཇུག་ཏུ༔ ཀཱ་ཡ་ཨ་བྷི་ཥིཉྩ་མཱི༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེའི་ཡོན་ཏན་བཀྲ་ཤིས་ཤོག༔ དེས་ཡོན་ཏན་གྱི་དབང་ཐོབ༔ བསགས་པ་ཆ་མཉམ་གྱི་སྒྲིབ་པ་དག༔ བསོད་ནམས་དང་ཡེ་ཤེས་རྒྱས༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་སྐལ་བ་དང་ལྡན་ནོ༔ དེ་ནས་གཏོར་མ་ཐོགས་ལ༔ ད་གཏོར་མ་འདི་ཉིད་ཕྱག་རྡོར་


CMR016_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་གི་ཚོགས་འཕྲོས༔ ཁྱེད་རང་རྣམས་ལ་ཐིམ་པས་ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་སྒོམས་ཤིག༔ ཧཱུྃ༔ གཏོར་མ་འདི་ནི་གོས་སྔོན་ཅན༔ ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས༔ ཕྲིན་ལས་དབང་རྣམས་ཡོངས་རྫོགས་ཤོག༔ རྩ་སྔགས་མཇུག་ཏུ༔ ཤཱནཾ༔ པུཎྚི༔ ཝ་མཱ་ར་ཡ་བ་ལིཏ་ཨ་བྷི་ཥིཉྩ་མཱི༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེའི་ཕྲིན་ལས་བཀྲ་ཤིས་ཤོག༔ དེས་ཕྲིན་ལས་ཀྱི་དབང་ཐོབ༔ ཤེས་བྱའི་སྒྲིབ་པ་དག༔ འདིའི་ཕྲིན་ལས་གང་བརྩམས་འགྲུབ་ཅིང་བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་ནོ༔ ད་གཏོར་མ་འདི་ཉིད་གསང་བདག་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་དེ་ཁྱེད་རང་གི་སྤྱི་བོར་བྱོན་པ་ཙམ་གྱིས༔ སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་སྟེང་ཕྱོགས་འོག་མིན་ལྕང་ལོ་ཅན་དང་༔ རི་རབ་བྱང་ཕྱོགས་ལྕང་ལོ་ཅན་བྱེ་བ་ཕྲག་བརྒྱ་ནས་གསང་བདག་ཕྱག་ན་རྡོ་རྗེའི་སྐུ་ཆེ་ཕྲ་སྣ་ཚོགས༔ གསུང་སྔགས་ཀྱི་ཕྲེང་༔ ཐུགས་


CMR016_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་བྱོན་ནས་ཐུགས་ཀར་ཐིམ༔ དེ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་སྒོམས་ཤིག༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ གུ་རུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ཤུད་པུ་དཔལ་གྱི་སེང་གེ༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པའི་བརྒྱུད་པའི་བླ་མ་རྣམས་དང་༔ དེ་བཞིན་གཤེགས་པ་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱིས་མཐུ་སྟོབས་ཀྱི་བདག་པོར་དབང་བསྐུར་བ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་གོས་སྔོན་ཅན་ལྔ་བརྒྱའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྟེང་གདོན་གཟའ་འོག་གདོན་ཀླུ༔ བར་གདོན་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ གཟའ་ཀླུ་ས་བདག་གི་ནད་ཐམས་ཅད་ཞི་བར་མཛོད་ཅིག༔ བསོད་ནམས་དང་ཉམས་རྟོགས་འཕེལ་ཞིང་རྒྱས་པར་མཛོད་ཅིག༔ འཁོར་བ་དང་ངན་སོང་གི་འཇིགས་པ་ཆེན་པོ་ལས་བསྐྱབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་དྷིཥྛ་ན་ས་མ་


CMR016_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཛཿཧཱུྃ་བཾ་ཧོ༔ དེས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་དབང་ལེགས་པར་ཐོབ་པ་ཡིན་པས༔ འདིའི་སྔགས་ཀྱི་མགོ་ལ་འབྲུ་གསུམ་ཡོད་པས༔ ལྷ་ཁྲོ་བོ་ཡིན་ཀྱང་གོང་ནོན་གཞན་བསྙེན་པ་བྱ་མི་དགོས༔ ཨཱནམ་མཁའི་ཡི་གེ་ཡིན་པས་སུས་བཏོན་ཡང་འབྱུང་བ་མཐུན༔ ཞལ་གསུམ་ཁ་དོག་གསུམ་ཡོད་པས་སུས་འདོན་ཡང་སྨེ་བ་མི་མཐུན་པའི་སྐྱོན་མེད༔ དེའང་གོས་སྔོན་ཅན་རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས༔ ཧཱུྃ༔ ང་ནི་ཁྲོ་བོ་གོས་སྔོན་ཅན༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས༔ དབང་བསྐུར་མཆོག་ཐོབ་ང་ཡིས་བསྐུར༔ ཞེས་གསུངས་པས༔ ལྷ་འདི་འགྲུབ་ན་སངས་རྒྱས་ཐམས་ཅད་འགྲུབ་པ་ཡིན་ཞིང་༔ རྒྱུད་དེ་ཉིད་ལས༔ ཇི་ལྟར་བསྒྲིབས༔ དབང་བསམ་པའི་དངོས་པོ་ཀུན༔ ཁྱེད་ལས་འབྱུང་བས་མི་ཟད་གཏེརཿ སྣ་ཚོགས་ཡིད་བཞིན་འཕྲུལ་པོ་ཆེ༔ ཡིད་བཞིན་ནོར་བུ་ཁྱོད་ཕྱག་འཚལ༔ ནད་དང་རིམས་ཀྱི་གཤེད་པོ་མཛད༔ ནོར་དང་རྫས་ཀྱི་བདག་པོ་མཛད༔ འཇིགས་པ་ཀུན་ལས་བསྐྱབ་པར་མཛད༔ བླ་མེད་སྐྱོབ་མཛད་ཁྱོད་ཕྱག་འཚལ༔ ཞེས་གསུངས་པས་ཡིད་བཞིན་གྱི་ནོར་བུ་དང་


CMR016_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ༔ ནད་གདོན་ཉེས་སྐྱོན་ཐམས་ཅད་ཞི༔ བདེ་ལེགས་བཀྲ་ཤིས་ཐམས་ཅད་འཕེལ་ཏེ༔ རྒྱུད་ལས༔ གང་ཞིག་འདི་འཛིན་རྣལ་འབྱོར་དེ༔ ཉེས་པ་ཀུན་ལས་རབ་ཏུ་ཐརཿ ལེགས་པའི་ཡོན་ཏན་ཐམས་ཅད་ཐོབ༔ འབྲས་བུ་ཡང་དག་མངོན་པར་འགྲུབ༔ ཅེས་གསུངས་སོ༔ དེས་ན་འདི་ཡི་དམ་དུ་འཛིན་ཅིང་བསྙེན་པ་སོགས་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགསཿ ས་གཞི་སྤོས་ཆུས་སོགས༔ ཞེས་པ་གནམ་ཆོས་ལས་ཕྱག་རྡོར་རིགས་བཅུ་གསུམ་གཟུངས་དབང་ཡིན་མོད་ཀྱི༔ ཨོཾ་ཙུག་བྱེད་ལ་དབང་གུད་དུ་འབྱུང་བ་ཕྱག་རྡོར་གཞན་ལ་རྒྱུས་བཀབ་ཀྱང་ཆོག་པས༔ དེའི་དབང་དུ་བྱས་ནས་འདིར་ཕྱག་རྡོར་ལུགས་པའི་དབང་ལོ་རྒྱུས་སོགས་ཀྱིས་ཁ་བཀང་སྟེ་འདིའི་མངོན་རྟོགས་དང་སྔགས་འདི་ཤིན་ཏུ་ལེགས་པསཿ འདོན་ཅིང་བསྙེན་པ་བྱེད་མཁན་མང་དུ་འབྱུང་བར་སེམས་པས༔ རཱ་ག་ཨ་སྱས་བསྒྲིགས་པ་ལྟར་དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེར་བྲིས་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་གཞན་ཕན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཕྱག་རྡོར་ལུགས་པའི་མངོན་རྟོགས།next