Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་པ་བྱ་ཐབས།
   
   
   
   
   
   


 
previousཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་པ་བྱ་ཐབས།next

ཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་པ་བྱ་ཐབས།


CMR016_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་པ་བྱ་ཐབས་བཞུགས་སོ༔ དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་༔ འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ༔ ཨཱཿ རྡོ་རྗེ་ར་གུར་མེ་རིའི་དབུས༔ པད་ཉི་འབྱུང་པོའི་སྟེང་དུ་ཧཱུྃ༔ འཕྲོ་འདུ་ཞུ་བས་རྡོ་རྗེ་འཛིན༔ མཐིང་ནག་ཞལ་གཅིག་ཁྲོ་ཆས་རྫོགས༔ རྩ་ཕྱག་འབྱུང་འདུལ་ཕྱག་རྒྱ་ཅན༔ འོག་གཉིས་རྡོ་རྗེ་སྡིགས་མཛུབ་ཞགས༔ མེ་དཔུང་དབུས་ན་རོལ་སྟབས་བཞུགས༔ གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་གི༔ ཡེ་ཤེས་པ་བསྟིམ་དབང་ལྷ་ཡིས༔ དབང་བསྐུར་མི་བསྐྱོད་རྒྱས་གདབ་གྱུརཿ ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར༔ སྔགས་ཕྲེང་འོད་ཀྱིས་སྡིག་སྒྲིབ་བསལ༔ བསོད་ནམས་ཡེ་ཤེས་འཕེལ་བར་གྱུར༔ ཧཱུྃ་བཛྲ་ཕཊ༔ བསྙེན་པ་མང་ཉུང་ཅི་རིགས་བྱ༔ ཨོཾ་བཛྲ་པཱ་ཎི་ཨགྷཾ་སོགས། ཤབྡ་པྲ་ཏིཙྪ་ཨཱཧཱུྃ༔ གཏོར་མ་ཡོད་ན་བྱིན་རླབས༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཎཱཧཱུྃ༔ ལན་གསུམ་བརྗོད༔ ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་མམ་བདུན་གྱིས་ཕུལ༔ གསང་བའི་བདག་པོ་འཁོར་བཅས་ཀྱིས༔ གཏོར་མ་འབུལ་བ་འདི་བཞེས་ལ༔ ནད་གདོན་མ་ལུས་ཞི་བ་དང་༔


CMR016_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ ཅེས་འདོད་གསོལ་བརྗོདཿ བསྟོད་པ་ནི་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སཿ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ༔ བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ༔ འབྱུང་པོ་འདུལ་བྱེད་ཀྱི་ཕན་ཡོན་ནི༔ འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ ཡི་གེ་བཞི་པ་ཆེར་གསང་བ༔ དངོས་གྲུབ་ཐམས་ཅད་སྦྱིན་བྱེད་པ༔ བཀླག་པ་ཙམ་གྱིས་འགྲུབ་པ་ལ༔ འདི་ལ་ཐེ་ཚོམ་མི་བྱ་སྟེ༔ དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་༔ ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཐོབ༔ འདི་ཡི་སྙིང་པོ་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་རོ༔ གལ་ཏེ་འགྲུབ་ན་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ༔ དཔལ་རྡོ་རྗེ་འཆང་ཁྲོ་བོའི་རྒྱལ་པོ་བཟླས་པ་ཙམ་གྱིས་འབྱུང་པོ་ཐམས་ཅད་བྲན་དུ་འགྱུར་རོ༔ གལ་ཏེ་སྔགས་པ་ཁྲོས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་དུམ་བུར་བསྒྱུར་ཞིག་པར་བྱེད་དོ༔ ཞེས་གསུངས་སོ༔ ༧ སྔགས་འཆང་རཱ་ག་ཨ་སྱས་སོ། །ཤུ་བྷཾ།། །། ༧ ནང་ཆེན་འབང་སྒང་བཟོ་རིག་གནས་མདོའི་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་པ་བྱ་ཐབས།next