Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

8 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
གསང་བདག་ཕྱག་རྡོར་སྒྲུབ་ཐབས།
  
 
 
  
  
  
  
  
  
  
  


8 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསང་བདག་ཕྱག་རྡོར་སྒྲུབ་ཐབས།next

 གསངབདགཕྱགརྡོར next hit་སྒྲུབ་ཐབས།


CMR016_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

previous hit གསངབདགཕྱགརྡོར next hit་སྒྲུབ་ཐབས་བཞུགས་སོ༔ བླ་མ་གསང་བདག་དཀོན་མཆོག་རྣམ་གསུམ་ལ༔ བདག་དང་སེམས་ཅན་ཐམས་ཅད་སྐྱབས་སུ་མཆི༔ འགྲོ་ཀུན་ནད་དང་གདོན་ལས་ཐར་བའི་ཕྱིར༔ བཅོམ་ལྡན་གསང་བའི་བདག་པོ་བསྒྲུབ་པར་བྱ༔ རི་རབ་སྟེང་དུ་པད་ཉི་ཧཱུྃ་ཡིག་ལས༔ རང་ཉིད་རྡོ་རྗེ་གཏུམ་པོ་མཐིང་ནག་འབར༔ ཁྲོ་བོའི་ཆས་རྫོགས་རྡོ་རྗེ་སྡིགས་མཛུབ་ཕྱར༔ འདོར་ཐབས་མེ་ཀློང་བཞུགས་པའི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་རང་ཐིམ་རིགས་ལྔས་དབང་བསྐུར་ཏེ༔ མི་བསྐྱོད་དབུ་བརྒྱན་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་མཐིང་མཐའ་མར་སྔགས་ཕྲེང་གཡས་སུ་འཁོར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བརྒྱ་རྩའམ་ཅི་མང་བཟླས༔ མདུན་དུ་ཁྲག་མཚོ་ཟུར་གསུམ་མེ་ལོང་ཙམ༔ དེ་དབུས་ར་ལས་བྱུང་བའི་རཱ་ཧུ་ལ༔ དུད་མདོག་དབུ་དགུ་བྱ་རོག་དབུ་དང་བཅུ༔ ཕྱག་བཞི་དང་པོ་ཐུགས་ཀར་ཐལ་མོ་སྦྱར༔ འོག་གཉིས་མདའ་གཞུ་སྦྲུལ་ཞགས་ཕྱག་ན་བསྣམས༔ སྐུ་ལུས་མིག་གང་སྐུ་སྐྱེད་སྦྲུལ་དུ་འཁྱིལ༔ གདོང་པ་སྨད་ཅིང་གུས་པའི་ཚུལ་ཉན་ལ༔ སྐུ་ཡི་ཚད་ནི་མཐེ་བོང་ཙམ་ཞིག་ནས་


CMR016_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རིགས་བཟླས་པའི་ཕྱག་ཆ་བདག་ལ་ཕུལ༔ འོག་མའི་ཕྱག་གཉིས་རྩ་བའི་ཕྱག་ལ་ཐིམ༔ སྤྱན་རྣམས་ཐམས་ཅད་རིན་ཆེན་རྒྱན་དུ་གྱུརཿ མགོ་དགུ་རིམ་པར་རྩ་བའི་ཞལ་ལ་ཐིམ༔ སྦྲུལ་མཇུག་ཡར་ཐིམ་རྐང་པ་གཉིས་སྐྱེས་ཏེ༔ ལྷ་བུ་གཞོན་ནུ་མཛེས་པའི་སྐུ་རུ་གྱུརཿ རྩ་སྔགས་བཟླས་སོ། །ཨོཾ་ཉི་མ་ནན༔ ཟླ་བ་ནན༔ ཀླད་པ་ནན༔ སྙིང་མགོ་ནན༔ བཞི་རྩིག་ལྟག་ཁུང་ནན༔ ཨོཾ་རྩེ་ཏྲ་མ་ཏྲ་ཟློག༔ ཨེ་ནཱ་ག་ཤིག༔ ནཱ་ག་ད༔ ནཱ་ག་ཟློག༔ ནཱ་ག་ནཾ༔ ནཱ་ག་ཀིན་མགོ་ལ་ནན༔ རྩ་སྔགས་བརྒྱ་རྩ་བཟླ་ལ་གཏོར་ཆུང་བྲན་ལ་གཏོར་མ་ཉི་མ་ནུབ་ཕྱོགས་སུ་ཕུལ། རཱ་ཧུ་ལ་རྒྱ་མཚོའི་ཕར་འགྲམ་དུ་སོང་ནས་ཁྲག་མཚོ་ཡང་སྐམ་པར་བྷེ༔ བྷཾ་ལས་རིན་པོ་ཆེའི་སྣོད་དུ༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧཱ་ལ་ས་པཱ་རི་ཝཱ་ར་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། ཨབྷཾ་སོགས། ཤབྷ་བརྗོད། ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ མཐུ་སྟོབས་ནུས་པ་བསམ་མི་ཁྱབ༔ རཱ་ཧུ་ལ་ཞེས་རབ་གྲགས་པའི༔ སྲུང་མ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལཿ བདག་ཅག་དཔོན་སློབ་མི་ནོར་


CMR016_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཅས༔ སྟེང་གདོན་གཟའ་ཡི་གནོད་པ་སོགས༔ ནད་དང་གདོན་དང་བགེགས་ཀུན་ལས༔ བྱང་ཆུབ་བར་དུ་བསྲུང་བར་མཛོད༔ རཱ་ཧུ་ལ་ས་པཱ་རི་ཝཱ་ར་གཙྪ་གཙྪ༔ རཱ་ཧུ་ལ་རྒྱ་མཚོའི་ཕར་འགྲམ་དུ་སོང་༔ ཁྲག་མཚོ་ཡང་སྐེམ་ནས་མི་སྣང་བར་བསམ༔ དམིགས་མེད་དུ་བཞག་གོ༔ ཉེར་དགུ་ནས་རྒྱབ་རེས་ཉེར་དགུ་བར་དུ་དགུ་མཐའ་གཅིག༔ དེ་འདྲ་དགུ་བྱས་ན༔ སྐྱེ་བ་ཀུན་ལ་དྲང་སྲོང་གཟའི་གནོད་པ་མེད་གསུངས་ཏེ་ལག་བླངས་ཡིན༔ ཡང་དང་པོ་དགུ་མཐའ་གཅིག་ཐོན་ན་ཚེས་དགུ་བཅུ་དགུ་ཉེར་དགུ་གསུམ་ལ་མ་ཆག་པས་ཆོག་ཟེར་བ་དབུས་གཙང་ནས་བླ་མ་འགས་གསུང་རྒྱུན་ཡང་ཐོས། ཞེས་པ་སྔགས་པ་འགས་བསྐུལ་བ་ཡང་ཡང་བྱས་ནས་རཱ་ག་ཨ་སྱས་འཕྲལ་དུ་ཁྱེར་བདེ་བར་བྲིས་པས༔ སྔགས་པས་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག༔ ཕྱག་རྡོར་སྒྲུབ་པ་བཛྲ་ཙཎྜ་དང་ནི་ལཾ་བྱེད་པ་སོགས་ཡོད་དེ༔ བཛྲ་ཙཎྜ་ལ་བྱེད་པ་ཟབ་སློབ་དཔོན་ཀུན་གྱི་མན་ངག་གོ༔ མངྒ་ལཾ༔ ཨོཾ་ཧ་རི་ནིས་ཕྱུང་ཕྱུང་ཕཊ་ཕཊ༔ ཀྲིག་ཡེར་སྭཱ་ཧཱ༔ དུག་རིགས་སུ་ར་སོགས་ལ་སྔགས་མན་ངག་གོ༔ ༈ ཧྲིང་ཧྲིང་ཁྲོ་ཁྲོ་ཆུད་རྡུད་ཆུ་བུར་མིག་གིས་སྒོ་སོལ་སྭཱ་ཧཱ༔ མིག་ནད་སྔགས་མན་ངག་གོ༔ ཨོཾ་ཟླ་བ་ལི་ཟླ་བ་ལི་སྭཱ་ཧྭ༔ མར་མེ་སྔགས། ཁྲུམཱདུབྦོབྦཾཤཱགྱུརླཙནབྷཱཛཛབརྒྱམp༔ རྒྱལ་པོ་སྲོག་རླུང་ཟིན། ཨབྷཱམཱབླདུམར་ནང་


CMR016_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་ལ་ཟའོ། ཨོཾ་སྲ་ཧི་སད་ཧི་སེ། ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསང་བདག་ཕྱག་རྡོར་སྒྲུབ་ཐབས།next