Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
རྡོ་རྗེ་ཕུར་པའི་བཀའ་བབས་ཀྱི་རིག་འཛིན་རྣམས་དང་བླ་མ་བརྒྱུད་པའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousརྡོ་རྗེ་ཕུར་པའི་བཀའ་བབས་ཀྱི་རིག་འཛིན་རྣམས་དང་བླ་མ་བརྒྱུད་པའི་གསོལ་འདེབས།next

རྡོ་རྗེ་ཕུར་པའི་བཀའ་བབས་ཀྱི་རིག་འཛིན་རྣམས་དང་བླ་མ་བརྒྱུད་པའི་གསོལ་འདེབས།


CMR017_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་བཀའ་བབས་ཀྱི་རིག་འཛིན་རྣམས་དང་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ།།


CMR017_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་ཀུན་གྱི་སྟོན་པ་བཅོམ་ལྡན་འདས། །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །གསང་བདག་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །གསང་སྔགས་བདག་མོ་ཌཱཀི་ཀུན་གྱི་རྗེ། །མཁའ་འགྲོ་བདེ་བའི་འཁོར་ལོ་ལ་གསོལ་བ་འདེབས། །ཕུར་པའི་བཀའ་བབས་གནས་ལྔའི་པཎྜི་ཏ། །བྲམ་ཟེ་པྲ་ཆེན་ཧསྟི་ལ་གསོལ་བ་འདེབས། །ཕུར་པ་བསྒྲུབས་པས་བལ་བོད་ལྷ་འདྲེ་བཏུལ། །འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཕུར་པ་བཏབ་པས་ཆུ་བོ་གང་གཱ་ཟློག །པཎ་


CMR017_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །ཕུར་པ་བཏབ་པས་བྲག་ཆེན་ནས་ལྟར་འཕེན། །བལ་པོ་ཤྲཱི་ལ་མཉྫ་ལ་གསོལ་བ་འདེབས་།ཕུར་པ་བཏབ་པས་བྲག་དམར་ཟང་ཟང་འཐོར། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསོལ་བ་འདེབས། །ཕུར་པ་བཏབ་པས་གཙང་པོ་གྱེན་ལ་ཟློག །ཤུད་པུ་དཔལ་གྱི་སེང་གེ་ལ་གསོལ་བ་འདེབས། །ཕུར་པ་བཏབ་པས་བྲག་ལས་ཚེ་ཆུ་བཏོན། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཕུར་པ་བཏབ་པས་མེ་འབར་རྩི་ཤིང་བསྲེགས། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས། །


CMR017_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་བཏབ་པས་བྲག་ལ་འདམ་ལྟར་ཟུག །གནུབས་བན་ནམ་མཁའི་སྙིང་པོ་ལ་གསོལ་བ་འདེས། །ཕུར་པ་བཏབ་པས་རི་ལ་མེ་ཆེན་འབར། །གནུབས་སྟོན་སངས་རྒྱས་ཡེ་ཤེས་ལ་གསོལ་བ་འདེབས། །ཕུར་པ་བཏབ་པས་བྱང་གི་སྲིན་མོ་བཏུལ། །འོ་བྲན་དཔལ་གྱི་དབང་ཕྱུག་ལ་གསོལ་བ་འདེབས། །ཕུར་པ་བཏབ་ཚད་དགྲ་བགེགས་སྐད་ཅིག་སྒྲོལ། །ཨཱཿ་ཙར་དཔལ་དབྱངས་ཞབས་ལ་གསོལ་བ་འདེབས། །ཕུར་པའི་རིག་འཛིན་གྲུབ་ཐོབ་རྒྱུད་ཆད་མེད། །མཁོན་རིགས་ཀླུ་ཡི་དབང་པོ་ལ་གསོལ་བ་འདེབས། །ཕུར་པའི་རྒྱུད་བསྒྱུར་ཕུར་སྒྲུབ་བསྟན་པ་རྒྱས། །འགྲོ་མགོན་ས་སྐྱ་པཎ་ཆེན་ལ་གསོལ་བ་འདེབས། །ཟབ་གཏེར་སྒོ་འབྱེད་ཕུར་པའི་གདམས་པ་སྤེལ། །གཏེར་སྟོན་བརྒྱ་དང་རྩ་བརྒྱུད་ལ་གསོལ་བ་འདེབས། །ཕུར་སྒྲུབ་ཉམས་བླངས་རྟགས་དང་མཚན་མ་བརྙེས། །ལས་ཅན་ཆོས་བདག་རྣམས་ལ་གསོལ་བ་འདེབས། །དབང་ལུང་གདམས་པས་གསང་སྔགས་བསྟན་པ་འཛིན། །དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཕྱག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པའི་སྐུ། །ཡི་དམ་རྡོ་རྗེ་གཞོན་ནུ་ལ་གསོལ་བ་འདེབས། །སྒྲོལ་མ་སྔོན་


CMR017_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རབ་ཁྲོས་ཁྲོ་མོའི་སྐུ། །མཁའ་འགྲོ་འཁོར་ལོ་རྒྱས་འདེབས་ལ་གསོལ་བ་འདེབས། །རིགས་བཞིའི་སངས་རྒྱས་རབ་ཁྲོས་ཁྲོ་བོའི་སྐུ། །ཕྱོགས་བཞིའི་སྲས་མཆོག་རིགས་བཞི་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་སྟོབས་བཅུ་ཕར་ཕྱིན་བཅུ།་།ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ལ་གསོལ་བ་འདེབས། །སྤྲུལ་པའི་ཕོ་ཉས་ཕྱོགས་བཅུའི་དགྲ་བགེགས་འདུལ། །ཕྲ་མེན་ཁྲ་ཐབས་ཉི་ཤུ་ལ་གསོལ་བ་འདེབས། །ཚད་མེད་ཏིང་འཛིན་རྣམ་བཞི་གཟུགས་ཀྱི་སྐུ། །སྒོ་སྲུང་ཕྱག་རྒྱ་བཞི་ལ་གསོལ་བ་འདེབས། །རེ་ཏི་མཆེད་བཞི་དབང་ཕྱུག་ཉེར་བརྒྱད་སོགས། །བཀའ་སྲུང་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བསྐྱེད་རིམ་བརྟེན་པ་ཐོབ་པར་བྱིན་གྱིས་རློབས། །རྫོགས་རིམ་དགོངས་པ་རྟོགས་པར་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཞེས་སྔགས་ཆུང་བསོད་ནམས་བསྟན་འཛིན་གྱིས་བསྐུལ་


CMR017_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


no previousརྡོ་རྗེ་ཕུར་པའི་བཀའ་བབས་ཀྱི་རིག་འཛིན་རྣམས་དང་བླ་མ་བརྒྱུད་པའི་གསོལ་འདེབས།next