Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
ཕུར་བའི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་བའི་བརྒྱུད་འདེབས།next

ཕུར་བའི་བརྒྱུད་འདེབས།


CMR017_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿ་ཧཱུྃ། སྐུ་གསུམ་ཞིང་དུ་ཀུན་བཟང་རིགས་ལྔ་དང་། །པད་འབྱུང་ཉིད་ལས་དབང་ལུང་གདམས་པ་ཐོབ། །རྒྱ་གར་གྲུབ་ཆེན་མ་ཧཱ་བོ་དྷི་ཏེ། །རི་བོ་ཆེ་རུ་རྒྱལ་བའི་མཚན་ཅན་དང་། །སྟག་ལུང་ངག་དབང་གྲགས་པ་མཁས་གྲུབ་མཆོག །ཀུན་སྐྱོང་གླིང་པའི་གཏེར་སློབ་ཆོས་ཀྱི་བདག །སླར་ཡང་མར་ཐང་གདུང་རིགས་དྲི་མེད་ལས། །ཚེས་བཅུའི་ཉི་ཤར་ངོ་མཚར་བལྟས་བཅས་འཁྲུངས། །འཇིག་རྟེན་དབང་ཕྱུག་ཤཱཀྱ་བཀྲ་ཤིས་སོགས། །དམ་པ་རྣམས་ལས་ཆོས་ཀྱི་རྒྱ་མཚོ་བསྡུས། །རིག་འཛིན་བྱང་ལོ་ཆུབ་གླིང་པའི་ལུང་བསྟན་ལྟར། །དྲག་སྔགས་ནུས་པས་བསྟན་དགྲ་ཐལ་བར་བརླག །བཀའ་དགོངས་ཕུར་གསུམ་འདུས་པ་སྐོར་དྲུག་སོགས། །གསང་སྔགས་ཆོས་ཀྱི་བཀའ་ཚ་བབས་བསྟན་པ་བཙུགས། །སྦྱོར་སྒྲོལ་མཐར་ཕྱིན་རིག་འཛིན་སྤྲུལ་སྲས་བཞག །ཕྱག་རྫོགས་གདམས་པས་འབྲེལ་ཚད་དོན་ལྡན་མཛད། །རྡོ་རྗེ་འཇིགས་བྱེད་མི་ཡི་ཚུལ་བཟུང་བ། །གསང་སྔགས་སྡོང་པོ་པུཎྱ་མངྒ་ལ། །འཛིན་པའི་གཞི་འདིར་ཨོ་རྒྱན་དངོས་སུ་གྲགས། །སྤྲུལ་པ་བསྡུས་ཚེ་འོད་གསལ་ངང་ལ་བཞུགས། །སྐུ་གདུང་ཞུགས་ཕུལ་ཐུགས་


CMR017_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་སྤྱན་གསུམ་བཞག་།འཇའ་ཚོན་གུར་ཕུབ་མེ་ཏོག་ཆར་པ་ཕབ། །གནས་གསུམ་མཁའ་འགྲོས་མཆོད་པའི་སྤྲིན་ཕུང་གཏིབས། །ཆོས་རྗེ་མཁར་དྲུང་ཞེས་གྲགས་རིག་འཛིན་མཆོག །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་པ་རིག་འཛིན་དེ་ལས་བརྒྱུད་པའི་ཆོས་ཚུལ་ཉམས་སུ་ལེན་པའི་སྔགས་འཆང་༧ རཱ་ག་ཨ་སྱས་གསོལ་བ་བཏབ་པའོ། །སརྦ་མངྒ་ལཾ།། །།


previousཕུར་བའི་བརྒྱུད་འདེབས།next