Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་འདེབས།next

གསོལ་འདེབས།


CMR017_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །རྡོ་རྗེ་གཞོན་ནུ་ཕུར་པའི་ལྷ། །པདྨ་ཐོད་ཕྲེང་རིག་པ་འཛིན། །ཡེ་ཤེས་མཚོ་རྒྱལ་རིག་པའི་བུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །རཏྣ་གླིང་པ་གཏེར་གྱི་བདག །ཚེ་དབང་གྲགས་པ་རིག་པ་འཛིན། །ངག་དབང་གྲགས་པ་ཐུགས་ཀྱི་སྲས། །ངག་དབང་ནོར་བུ་སྲས་མཆོག་རྗེ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས།། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ནོར་བུ་ཡོངས་གྲགས་སྲས་བཅས་མཆོག །རཏྣ་སངས་རྒྱས་ཕུན་ཚོགས་སྲས། །བཀའ་བབས་ཀརྨ་དགེ་ལེགས་རྗེ། །ཐུགས་རྗེ་མཚུངས་མེད་རཱ་གའི་མཚན། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །མཐུ་སྟོབས་ཕྲིན་ལས་ཀུན་གྱི་བདག །རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྲིད་པའི་ཕུར་བུ་སྒྲུབ་


CMR017_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཕྱོགས་བཅུ་གདོན་བཅུའི་གདན་སྟེང་ན། །སྤྲུལ་པ་ཁྲ་ཐབས་བཅས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞི་རྒྱས་དབང་དྲག་སྒྲུབ་བྱེད་པའི། །ཕུར་པ་ཀཱི་ལ་རིགས་བཞི་དང་། །ཕུར་སྲུང་སྒོ་མ་བཞི་དང་བཅས་། །ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །བར་ཆད་དགྲ་དང་ལོག་འདྲེན་བགེགས། །མ་ལུས་ཞི་ཞིང་ཟློག་པ་དང་། །མཐུ་སྟོབས་ནུས་པའི་རྩལ་ལྡན་ནས། །ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག །བསྐྱེད་རྫོགས་མཐའ་རུ་ཕྱིན་པ་དང་། །དོན་གཉིས་ལྷུན་གྱིས་འགྲུབ་པ་དང་། །ཚེ་གཅིག་སངས་རྒྱས་སར་ཕྱིན་ཤོག །གཏེར་སྟོན་བདུད་རྡོ་རྗེས་ལུང་བྱང་ལས། ཁོ་བོ་ཕུར་པའི་ཆོས་བདག་ཡིན་གསུངས་པ་དང་། རང་གིས་དག་སྣང་དགའ་རེ་བྱུང་བ་ལ་བརྟེན་ནས། རཱག་ཨ་སྱས་སྨྲས་པའོ། །དགེ་ལེགས་འཕེལ།། །།


previousགསོལ་འདེབས།next