Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
ཕུར་པ་ཕྲིན་ལས་ཡང་གསང་བླ་མེད་ལས༔ ཕྲིན་ལས་རང་གཞུང་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་ཕྲིན་ལས་ཡང་གསང་བླ་མེད་ལས༔ ཕྲིན་ལས་རང་གཞུང་བསྡུས་པ།next

ཕུར་པ་ཕྲིན་ལས་ཡང་གསང་བླ་མེད་ལས༔ ཕྲིན་ལས་རང་གཞུང་བསྡུས་པ།


CMR017_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཕྲིན་ལས་ཡང་གསང་བླ་མེད་ལས༔ ཕྲིན་ལས་རང་གཞུང་བསྡུས་པ་བཞུགས་སོ༔


CMR017_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་བཛྲ་ཀུ་མཱ་རཱ་ཡེ༔ ཕུར་པའི་གསང་སྒྲུབ་སྤྲོས་མེད་ནི༔ ཚོམ་བུ་དང་གཙོ་ཕུར་གཅིག་དང་དཔལ་གཏོར་གཅིག་སོགས་ཅི་འཛོམ་བཤམས་ལྕགས་སམ་ཚེར་མ་ཅན་ལ་བྱ་སྟེ༔ སྲུང་ཕུར་སོར་དྲུག༔ ཟློག་ཕུར་སོར་བཞི༔ ཐུན་ཕུར་སོར་གསུམ་དུ་གསུངས་ལར་ནི་གསང་སྒྲུབ་འདི༔ བསྐྱེད་རྫོགས་སེམས་ལ་ལོངས་སྤྱོད་ཕྱིར༔ སྤྲོས་བཅས་མང་པོ་མི་འཚལ་ཏེ༔ ཞེས་དང་༔ རྩ་བའི་སྒྲུབ་པར་ཐུགས་དགོངས་རྣམ་དག་ཅི་ཡང་མི་དགོས་ནམ་མཁའ་ལྟ་བུའི་ངང་ལས༔ རིག་རྩལ་འགག་མེད་རྩལ་དུ༔ དཀྱིལ་འཁོར་གསུམ་དུ་སྣང་ལ་རང་བཞིན་མེད་པར་དག་པའི་རང་བཞིན་དུ་ཤར་ཞིང་༔ ཤར་བ་དེ་ཁོ་ན་ཡང་གསལ་སྟོང་རྣམ་པར་དག་སྟེ༔ མ་བཅོས་རང་གསལ་ཚོགས་དྲུག་ལྷུག་པར་བཞག་སྟེ་མཚན་རྟོགས་བྱ་རྩོལ་


CMR017_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་ངང་ལས༔ གྲག་སྟོང་འཛིན་མེད་ངང་དུ་བཟླ་བ༔ ཆོས་ཉིད་འཛིན་མེད་རང་གྲོལ་དགོངས་བཟླས་ཞེས་བྱ་སྟེ། ཤིན་ཏུ་མཐར་ཐུག་པའི་བཟླས་པའོ༔ ཞེས་གསུངས་པའི་དོན་ཡང་གསང་སྒྲུབ་མངོན་རྟོགས་ནི༔ བདེ་བའི་གདན་ལ་འདུག་ནས༔ ཧཱུྃ༔ རང་བཞིན་ལྷུན་གྲུབ་གཞལ་ཡས་ཆེན་པོ་ལ༔ བགེགས་དང་ལོག་པར་འདྲེན་པའི་མིང་ཡང་མེད༔ དེ་ལྟར་ཡེ་ནས་གསལ་བར་རབ་རྟོགས་པས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཤགས་པ་ནི༔ ༀ༔ གདལ་ཁྱབ་ཀ་དག་ཡང་དག་ལྷུན་འབྱམས་ལ༔ བཤགས་དང་བཤགས་བྱའི་མཚན་མ་རང་སར་གྲོལ༔ འོན་ཀྱང་མ་རིག་


CMR017_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་འཁྲུལ་སྲིད་ན༔ རང་བྱུང་སྤྲུལ་པའི་ལྷ་ཚོགས་རྣམས་ལ་བཤགས༔ ས་མ་ཡ་ཨ་ཨཱཿ༔ མཆོད་པ་བྱིན་བརླབས་ནི། གདོད་ནས་རྣམ་དག་རང་བྱུང་བདུད་རྩི་མཆོག༔ རྒྱུད་དྲུག་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ༔ སྣང་སྲིད་གཞིར་བཞེངས་མ་ཧཱ་བ་ལིང་ཏ༔ རྣམ་གསུམ་འཛད་མེད་བཅུད་ཆེན་ཨོཾ་ཨཱཿཿཧཱུྃ༔ ཨོཾ་བཛྲ་པུཉྩེ་ནས་ཤབྡ་ཨཱཿཿཧཱུྃ༔ བསྐྱེད་རིམ་ནི༔ ཧཱུྃ༔ སྣང་བའི་དངོས་པོ་སྣ་ཚོགས་གཞལ་ཡས་ཁང་༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ དུར་ཁྲོད་བདུད་ཀྱིས་བསྐོར་བའི་དབུས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ རང་སྣང་ཡེ་ཤེས་ལས་གྲུབ་པའི༔ གཞལ་ཡས་ཁང་གི་དབུས་པདྨ༔ ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང་༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྩེ་


CMR017_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁཊཾ་འཛིན༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཏེ༔ གཡས་པས་ཨུཏྤལ་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབས༔ དཔྲལ་བར་ཧཱུྃ་ཀཱར་ཡབ་ཡུམ་སྔོ༔ མགྲིན་པར་རྟ་མགྲིན་ཡབ་ཡུམ་དམར༔ ཐུགས་ཀར་གཤིན་རྗེ་ཡབ་ཡུམ་སྔོ༔ ལྟེ་གོང་བདུད་རྩི་ཡབ་ཡུམ་ལྗང་སེར༔ ལྟེ་བར་མི་གཡོ་ཡབ་ཡུམ་ལྗང་ནག༔ གསང་གནས་སྟོབས་ཆེན་ཡབ་ཡུམ་སྔོ༔ དཔུང་གཡས་རྣམ་རྒྱལ་ཡབ་ཡུམ་དཀར༔ དཔུང་གཡོན་དབྱུག་སྔོན་ཡབ་ཡུམ་སྔོ༔ བརླ་གཡས་འདོད་རྒྱལ་ཡུམ་དམར་སྐྱ༔ བརླ་གཡོན་ཁམས་གསུམ་ཡབ་ཡུམ་སེར་ནག༔ ཕྱོགས་བཞིར་རིགས་བཞི་རྩིབས་བཅུ་ལ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ དེ་ལྟར་ཁྲོ་བོ་ཉེར་བཞི་རྣམས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རྡོ་རྗེའི་གཤོག་པ་དུར་ཁྲོད་ཆས༔ རང་རྟགས་མཚོན་ཆ་སྣ་ཚོགས་འཛིན༔ སྒོ་བཞིར་སྒོ་མ་གདོང་ཅན་བཞི༔ དཀྱིལ་འཁོར་མུ་རན་འཁོར་ཡུག་ཏུ༔ སྲས་


CMR017_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲུལ་པ་བཀའ་སྡོད་བཅས༔ བདག་ཉིད་ཤཱ་ནི་ས་བདག་དང་༔ བསྲེ་ལྕགས་དུང་གི་སྐྱེས་བུ་སོགས༔ གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད༔ གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ སེམས་དཔའི་ཚོན་གང་ཕུར་པ་འདྲིལ༔ དེ་ཡི་ཐུགས་ཀར་ཉི་མའི་སྟེང་༔ གསེར་གྱི་རྡོ་རྗེ་ནས་འབྲས་ཙམ༔ ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ ལྷ་རྣམས་རང་རང་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ཡིས༔ དབང་རྟགས་དོན་ཡོད་གྲུབ་པས་བརྒྱན༔ ཨོཾ་ཧཱུཾ་སྭཱ་ཨཱི༔ཧཱ༔ ཚྭ་ཚྭ་ཚྭ་ཛྭ་ཏྭཾ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཡང་༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ། སྲིད་པའི་རྡོ་རྗེ་ཕུར་པ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བཟང་པོ་


CMR017_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ ས་མ་ཡ་ཛཿ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་བ་དང་༔ ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ཕྱི་ནང་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ ལྷན་ཅིག་སྐྱེས་སྦྱོར་ཕྱི་ནང་གསང་བཀོད་པའི༔ མཆོད་པ་རྣམ་མང་དངོས་འབྱོར་ཡིད་སྤྲུལ་པའི༔ རང་བྱུང་སྤྲུལ་པའི་ལྷ་ལ་མཆོད་པ་འབུལ༔ གཉིས་མེད་བླང་དོར་མེད་པར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨ་སོགས་ནས་ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་དང་༔ ཉོན་མོངས་མཁའ་དབྱིངས་གསང་བའི་རཀྟ་མཆོག༔ བཅུད་ཆེན་རྫས་མཆོག་གཏོར་མར་བཅས་ཏེ་འབུལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི༔ ཧཱུྃ༔ གཏི་མུག་ཤ་ཡི་རང་བཞིན་རི་ལྟར་བསྙིལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས༔ ཞེ་སྡང་རུས་པའི་ཕུང་པོར་བཅས་པ་རྣམས༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་


CMR017_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ ཨོཾ་ཨཱཿ་ཧཱུྃ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོའི་བཅུ༔ རང་བཞིན་དབྱིངས་ལས་ཤར་བའི་ཁྲོ་མོ་བཅུ༔ སྤྲུལ་པ་ལས་ལ་མངག་པའི་ཁྲ་ཐབས་ཚོགས༔ ཟི་གསོད་མཆེ་བ་རྟགས་ཀྱི་མགོ་བོ་ཅན༔ དཀྱིལ་འཁོར་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་དང་༔ བསྲེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་ཏེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཅན་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད་པར་བགྱི༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ འཛབ་བཟླ་བ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ འཁོར་ལོ་རྒྱས་འདེབས་ཀློང་ནས་ཁྲོ་གར་མཛད༔ གྲག་སྟོང་སྔགས་ཀྱི་འཛབ་དབྱངས་འབྲུག་ལྟར་སྒྲོགས༔ ཐུགས་དམ་དབྱིངས་བསྐུལ་མ་འགྲུབ་བར་དུ་བསྒྲུབ༔ ཐུགས་ཀའི་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ༔ རྒྱལ་བོ་རྣམས་ཀྱི་སྐུ་གསུང་


CMR017_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་ཚུལ་དུ་རང་གི་གནས་གསུམ་དུ་བར་མ་ཆད་པར་ཐིམ༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ངོ་བོར་སིབ་སིབ་བདག་ལ་ཐིམ་པར་བསྒོམ་ཞིང་བཟླས་པས༔ གོ་ཆའི་ལྷ་རྣམས་ཀྱིས་དི་རི་རི་བཟླས་པར་བསམ་མོ༔ ཐུགས་ཀའི་སྔགས་ཕྲེང་ཀློག་པའི་ཚུལ་དུ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་ཁཾ་ཧཱུྃ་ཕཊ༔ འབྲུ་བཅུ་གསུམ་འདི་ཅི་རིགས་བཟླ༔ སྒྲུབ་པ་དུས་སྔགས་ཕྲེང་བདག་གི་ཞལ་ནས་མདུན་བསྐྱེད་ཞལ་དུ་ཞུགས༔ ལྟེ་བ་ནས་བདག་གི་ལྟེ་བར་ཐོན་ནས་ཞུགས་པ་དང་དེའི་འོད་ཟེར་གྱི་ཕྲིན་ལས་བཞི་འགྲུབ་པའོ༔ དཀར་སེར་དམར་ལྗང་གི་ལས་སོ་སོ་སྒྲུབ་པ་ཅི་ལྟར་རོ༔ ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས༔ བྷ་ག་ནས་རྡོ་རྗེར་ཞུགས་པས་ཕྲིན་ལས་བཞི་སྒྲུབ་བོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིག་ནཱན་ཁཾ་ཧཱུྃ་ཕཊ༔ ཅེས་སྒྲུབ་པ་ལས་སྦྱོར་གཅིག་ཏུ་དྲིལ་བའོ༔ གང་ཟག་སྦྱངས་པ་སྔོན་སོང་བའི༔ བསྙེན་སྒྲུབ་ལས་ཀྱི་འཕྲོ་ཅན་ལ༔ དུས་རྟགས་གྲངས་ནི་མ་ངེས་ཏེ༔ གཞུང་ལྟར་རྟགས་དང་མཚན་ཐོབ་ནས༔ ཞག་གཅིག་རྟགས་རྫོགས་བྱུང་ན་ཡང་༔ བསྙེན་སྒྲུབ་རྫོགས་ཏེ་གོང་འོག་སྦྱར་བས་འགྲུབ་པའོ༔


CMR017_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ༔ མདོར་ན་སྐུ་གསུང་རྟགས་དག་གང་༔ རྣམ་གསུམ་ཚང་ན་བརྟན་པ་ཐོབ་པར་བསྙེན་པ་རྫོགས༔ ཞེས་གསུངས་སོ༔ དེ་ལྟར་ཕུར་པའི་གཞུང་མཚོ་རྒྱལ་གྱིས་མཛད་པའི་ཉུང་བསྡུས་དང་༔ རཏྣ་ལུགས་ཀྱི་ཕུར་པའི་གསང་སྒྲུབ་ལྷ་བསྐྱེད་ཀྱི་གབ་སྤྲད་དེ༔ ཀརྨ་ཨ་རཱ་གས་བྲིས་པའོ༔ ༈ འཛབ་མཆོད་ནི། ཧཱུྃ། ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས༔ འཛབ་དགོངས་གྲངས་ཐེམ་སྨན་གཏོར་མཆོད་ཚོགས་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་་ལས་རྫོགས་ལ་བསྟོད༔ རྩ་བོ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ རང་སེམས་དཔང་བཙུགས་བཀའ་བཞིན་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousཕུར་པ་ཕྲིན་ལས་ཡང་གསང་བླ་མེད་ལས༔ ཕྲིན་ལས་རང་གཞུང་བསྡུས་པ།next