Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
རྡོ་རྗེ་གཞོན་ནུའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྱི་ཉམས་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གཞོན་ནུའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྱི་ཉམས་ལེན།next

རྡོ་རྗེ་གཞོན་ནུའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྱི་ཉམས་ལེན།


CMR017_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཞོན་ནུའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྱི་ཉམས་ལེན་བཞུགས་སོ༔


CMR017_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཤྲཱི་ཀུ་མཱ་རཱ་ཡེ༔ ཕུར་པའི་གསང་སྒྲུབ་ཟིན་བྲིས་ནི༔ ཚོམ་བུ་དང་བཅས་པ་གཙོ་ཕུར་གཅིག་དང་༔ དཔལ་གཏོར་སོགས་ཅི་འབྱོར་བཤམས༔ ལྕགས་སམ་ཚེར་མ་ཅན་ལ་བྱ་སྟེ་སྲུང་ཕུར་སོར་དྲུག༔ ཟློག་ཕུར་སོར་བཞི༔ ཐུན་ཕུར་སོར་གསུམ་གསུངས༔ ལར་ནི་གསང་སྒྲུབ་འདི༔ བསྐྱེད་རྫོགས་སེམས་ལ་ལོངས་སྤྱོད་ཕྱིར༔ སྤྲོས་བཅས་མང་པོ་མི་བྱ་འཚལ༔ ཞེས་དང་༔ རྩ་བའི་སྒྲུབ་པ་ཐུགས་དགོངས་རྣམ་དག༔ ཅིར་མི་དགོས་པས་ནམ་མཁའི་རང་བཞིན་ལྟ་བུའི་ངང་ལ༔ རིག་རྩལ་འགག་མེད་ཙམ་དུ་དཀྱིལ་འཁོར་གསུམ་སྣང་ལ་རང་བཞིན་མེད་པར་དག་པའི་རང་བཞིན་དུ་ཤར་ཞིང་༔ ཤོར་བ་དེ་ཁོ་ན་ཡང་གསལ་སྟོང་རྣམ་པར་དག་པ་སྟེ༔ མ་བཅོས་རང་གསལ་ཚོགས་དྲུག་ལྷུག་པར་བཞག་སྟེ༔ མཚན་རྟོགས་བྱ་


CMR017_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་དང་བྲལ་བའི་ངང་ནས༔ ངག་གྲག་སྟོང་འཛིན་མེད་དུ་བཟླས་པས༔ ཆོས་ཉིད་རང་གྲོལ་འཛིན་མེད་བཟླས་པ་ཞེས་བྱ་སྟེ༔ ཤིན་ཏུ་མཐར་ཐུག་པའི་བཟླས་པའོ༔ ཞེས་གསུངས་པའི་དོན་གསང་སྒྲུབ་མངོན་རྟོགས་ནི༔ བདེ་བའི་སྟན་ལ་འདུག་ནས་སུ༔ ན་མོ༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང་༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་བསམ༔ ཕ་མས་གཙོར་བྱས་འགྲོ་བ་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ན་མོ༔ དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་


CMR017_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མཆི༔ རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགག་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང་༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ ཀྱེ་མ༔ བདག་གི་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ༈ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ དུར་ཁྲོད་བདུད་ཀྱིས་བསྐོར་བའི་དབུས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ རང་སྣང་ཡེ་ཤེས་ལས་གྲུབ་པའི༔ གཞལ་ཡས་ཁང་དབུས་པདྨ་དང་༔ ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང་༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་


CMR017_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁཊཾ་འཛིན༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཏེ༔ གཡས་པས་ཨུཏྤལ་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ དཔྲལ་བར་ཧཱུྃ་ཀཱར་ཡབ་ཡུམ་སྔོ༔ མགྲིན་པར་རྟ་མགྲིན་ཡབ་ཡུམ་དམར༔ ཐུགས་ཀར་གཤིན་རྗེ་ཡབ་ཡུམ་སྔོ༔ སྲིད་ལྟར་བདུད་འཁྱིལ་ཡབ་ཡུམ་ལྗང་སེར༔ ལྟེ་བར་མི་གཡོ་ཡབ་ཡུམ་ལྗང་ནག༔ གསང་གནས་སྟོབས་ཆེན་ཡབ་ཡུམ་སྔོ༔ དཔུང་གཡས་རྣམ་རྒྱལ་ཡབ་ཡུམ་དཀར༔ དཔུང་གཡོན་དབྱུག་སྔོན་ཡབ་ཡུམ་སྔོ༔ བརླ་གཡས་འདོད་རྒྱལ་ཡུམ་དམར་སྐྱ༔ བརླ་གཡོན་ཁམས་གསུམ་ཡབ་ཡུམ་སེར་ནག༔ ཕྱོགས་བཞིར་རྩིབས་བཞི་རྩིབས་བཅུ་ལ༔ སྲས་མཆོག་ཀཱི་ལ་རིགས་བཞི་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ དེ་ལྟར་ཁྲོ་བོ་ཉེར་བཞི་རྣམས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རྡོ་རྗེའི་གཤོག་པ་དུར་ཁྲོད་


CMR017_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཆས༔ རང་རྟགས་ཕྱག་མཚན་སྣ་ཚོགས་འཛིན༔ སྒོ་བཞིར་སྒོ་མ་གདོང་ཅན་བཞི༔ དཀྱིལ་འཁོར་མུ་རན་འཁོར་ཡུག་ཏུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ བདག་ཉིད་ཤྭ་ན་ས་བདག་དང་༔ བསྲེ་ལྕགས་དུང་གི་སྐྱེས་བུ་སོགས༔ གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད༔ གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་པ༔ ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ༔ དེ་ཡི་ཐུགས་ཀར་ཉི་མའི་སྟེང་༔ གསེར་གྱི་རྡོ་རྗེ་ནས་འབྲས་ཙམ༔ ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ ལྷ་རྣམས་རང་རང་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐདང་ཐུགས་ཀར་ཧཱུྃ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ཡིས༔ དབང་རྟགས་དོན་ཡོད་གྲུབ་པས་བརྒྱན་ཨོཾ་ཨཱཿཎཱཧཱུྃ༔ ཨོཾ་ཧཱུྃ་སྭཱ་སིཾཧཱ༔ མཱུ་ལཱི་མཱི་པཾ་ཏཱཾ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་ཐིམ༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དཀྱིལ་འཁོར་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཡང་༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔


CMR017_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྡོ་རྗེ་ཕུར་པ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཛཛཿ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤརྡ་སརྦ་པཱུ་ཛ་ཧོཿ པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོའི་བར༔ རང་བཞིན་དབྱིངས་ལས་ཤར་བའི་ཁྲོ་མོ་བརྱ༔ སྤྲུལ་པ་ལས་ལ་མངག་པའི་ཁྲ་ཐབས་ཚོགས༔ ཟ་གསོད་མཆེ་བ་རྟགས་ཀྱི་མགོ་བོ་ཅན༔ དཀྱིལ་འཁོར་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་དང་༔ བསྲེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་ཏེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཅན་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད་པར་བགྱི༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་


CMR017_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བབས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་འཛབ་བཟླ་བ་ནི༔ ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་ཚུལ་དུ་རང་གི་གནས་གསུམ་དུ་བར་མ་ཆད་པར་ཐིམ༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་ངོ་བོར་སིབ་སིབ་བདག་ལ་ཐིམ་པར་བསྒོམ་ཞིང་བཟླས་པས༔ གོ་ཆའི་ལྷ་རྣམས་ཀྱིས་དི་རི་རི་བཟླས་པར་བསམ་མོ༔ ཐུགས་ཀའི་སྔགས་ཕྲེང་ཀློག་པའི་ཚུལ་དུ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་པཾ་ཧཱུྃ་ཕཊ༔ འབྲུ་བཅུ་གསུམ་པ་ཅི་རིགས་བཟླ་བ་བསྙེན་པའོ༔ སྒྲུབ་པའི་དུས་སུ་སྔགས་ཀྱི་ཕྲེང་བ་རང་གི་ཞལ་ནས་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ལྟེ་བ་ནས་བདག་གི་ལྟེ་བར་ཞུགས་པ་དང་༔ དེའི་འོད་ཟེར་གྱིས་ཕྲིན་ལས་བཞི་རྒྱུན་སྒྲུབ་པའོ༔ དཀར་སེར་དམར་ལྗང་གི་ལས་སོ་སོ་སྒྲུབ་པ་ཅི་ལྟར་རོ༔ ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་བྷ་ག་ནས་རྡོ་རྗེར་ཞུགས་པས་ཕྲིན་ལས་བཞི་སྒྲུབ་པའང་བྱའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་ཁཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིག་ནན་པཾ་ཧཱུྃ་ཕཊ༔ ཅེས་སྒྲུབ་པ་ལས་སྦྱོར་གཅིག་ཏུ་དྲིལ་བའོ༔ གང་ཟག་སྦྱངས་པ་སྔོན་སོང་ནས༔


CMR017_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་ལས་ཀྱི་འཕྲོ་ཅན་ལ༔ དུས་རྟགས་གྲངས་ནི་མ་ངེས་ཏེ༔ གཞུང་ལྟར་རྟགས་མཚན་ཚང་ལ་ཐོན༔ བསྙེན་སྒྲུབ་རྫོགས་པས་དེས་གང་དགོས༔ ལས་ལ་སྦྱར་ན་འགྲུབ་པར་གསུངས༔ མདོར་བསྡུ་ན་སྐུ་གསུང་ཐུགས་ཀྱི་སྔགས་གང་དང་གང་༔ རྣམ་གསུམ་ཚང་ན་བརྟན་པ་ཐོབ་པར་བསྙེན་པ་རྫོགས་པའོ༔ ཞེས་ཨ་རཱ་གས་བགྱིས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་གཞོན་ནུའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྱི་ཉམས་ལེན།next