Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
རྡོ་རྗེ་ཕུར་པའི་དབང་གི་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་དབང་གི་ལོ་རྒྱུས།next

རྡོ་རྗེ་ཕུར་པའི་དབང་གི་ལོ་རྒྱུས།


CMR017_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་དབང་གི་ལོ་རྒྱུས་བཞུགས་སོ༔


CMR017_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མ་ཁྲུས་བྱས་བགེགས་གཏོར་བཏང་བགེགས་བསྐྲད་ནས༔ འོ་ན་ད་ལམ་ཁྱེད་རྣམས་ལ་རྡོ་རྗེ་བདུད་འདུལ་རྡོ་རྗེ་ཕུར་པའི་དབང་བསྐུར་བ་ལ༔ ཐོག་མར་ལོ་རྒྱུས་ཟུར་ཙམ་མ་ཞུས་ན༔ ས་བཅད་མི་ཚང་བས་ཅུང་ཟད་ཞུ་ན༔ ལྷ་འདི་ཞི་བའི་དུས་རྡོ་རྗེ་སེམས་དཔའ་ཀྲྀ་ཡའི་དུས་རྡོ་རྗེ་རྣམ་འཇོམས༔ བྱང་ཆུབ་སེམས་དཔའི་དུས་ཕྱག་ན་རྡོ་རྗེ༔ མདོར་ན་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་ཡི་རྣམ་འཕྲུལ་ཡིན་པར་བཤད༔ དེ་ལ་འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་ཀྱི་རྒྱུད༔ བི་ཏོ་ཏ་མ་ལ་འབུམ་སྡེ་ལ་སོགས་པ༔ རིགས་


CMR017_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་སངས་རྒྱས་ལ་བཤད་པ༔ མཁའ་འགྲོ་མ་རྣམས་ཀྱིས་དུར་ཁྲོད་བསིལ་བའི་ཚལ་དུག་ཤིང་གི་སྡོང་པོའི་རྩ་བར་སྦས་པ༔ ཨུ་རྒྱན་རིན་པོ་ཆེས་གཏེར་ནས་བཏོན༔ བྲམ་ཟེ་པྲ་བྷ་ཧསྟིས་ལུང་བསྟན་པ་ལྟར་མཁའ་འགྲོ་མ་བདེ་བའི་འཁོར་ལོ་ལ་འདི་ཡི་དབང་ཞུས་པས༔ སྐྱེ་འཆི་མེད་པ་ཚེ་དང་༔ ཕྱག་རྒྱ་ཆེན་པོ་ལ་སོགས་པ༔ རིག་འཛིན་གྱི་དངོས་གྲུབ་ཐོབ༔ བལ་ཡུལ་དང་ཡང་ལེ་ཤོད་དུ་རྡོ་རྗེ་ཕུར་པའི་སྒྲུབ་པ་མཛད་པས༔ ཕུར་སྲུང་བཅུ་དྲུག་དམ་ལ་བཏགས༔ དེའི་ཚེ་ཕུར་པ་རྣམས་འཁྲབ་ཅིང་ནམ་མཁའ་ལ་འཕར༔ སློབ་དཔོན་པདྨས་རྒྱ་གར་རི་མ་


CMR017_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡའི་ཙན་དན་གྱི་ནགས་ཚལ་ལ་མུ་སྟེགས་པའི་མེ་བཀྱེས་ནས་སྐམ་པ་ལ༔ ཕུར་པ་ཚད་པས་སྔོ་ལྷུབ་ཀྱིས་སྐྱེས༔ པཎྜི་བི་མ་ལས་ཆུ་བོ་གངྒཱ་དང་པཀ་གཉིས་དུས་གཅིག་ལ་འབྲུབ་པ་ལ༔ ཕུར་པ་ཚད་པས་ཞག་བདུན་གྱེན་ལ་ལོག་པས་ཆུ་སྲིན་མི་ཟན་ཐུལ༔ བལ་པོ་ཤྲཱི་ལ་མཉྫས་བལ་ཡུལ་བྲག་ལ་ཚད་པས༔ བྲག་ནས་འབྲུ་ཙམ་དུ་འཐོར་ནས༔ བྲག་སྲིན་མི་རྐུན་ཐུལ༔ དེ་ནས་སློབ་དཔོན་པདྨ་བོད་དུ་བྱོན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས་ནས་བསམ་ཡས་ཀྱི་ས་བཏུལ༔ ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་མ་སྲིང་བརྟན་མ་བཅུ་གཉིས་རྣམས་ཕུར་སྲུང་དུ་བསྐོས༔ རྒྱལ་པོ་རྗེ་འབངས་དང་བཅས་ལ་དབང་བསྐུར༔ ཡེ་ཤེས་མཚོ་རྒྱལ་གྱི་སེང་གེ་རྫོང་གསུམ་གྱི་བྲག་ལ་ཕུར་པ་བཏབ་པས་ཚེ་ཆུ་བཏོན༔ ཕ་མིང་གིས་ཟ་འདྲེ་བཏུལ་བས༔ མཁར་ཆེན་འདྲེ་ཐུབ་ཀྱི་བརྒྱུད་པར་གྲགས༔ མངའ་བདག་རྒྱལ་པོས་ཧས་པོ་རི་ལ་ཕུར་པ་ཚད་པས་མེ་འབར་ནས༔ རྩི་ཤིང་རྣམས་བསྲེགས༔ ཤུད་བུ་དཔལ་སེང་གིས་གཙང་པོ་ལ་ཕུར་པ་བརྒྱབ་པས་ཆུ་བོ་ཞག་གསུམ་གྱེན་ལ་ལོག༔ སངས་རྒྱས་ཡེ་ཤེས་ཀྱིས་བྲག་ལ་ཕུར་པ་


CMR017_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས༔ འདམ་པ་ལ་བརྒྱབ་པ་ལྟར་སོང་༔ ནམ་མཁའི་སྙིང་པོས་མཁར་ཆུའི་བྲག་ལ་ཕུར་པ་བཏབ་ཚུགས་ཡོད་པས༔ ལྷོ་བྲག་ལྕགས་ཕུར་ཅན་ཏུ་གྲགས༔ དེའི་དུས་མཁོན་ཀླུ་ཡི་དབང་པོ་དང་༔ འོ་བྲན་དཔལ་གྱི་དབང་ཕྱུག་དང་༔ ཨ་ཙ་ར་ས་ལེ་ལ་སོགས་ལ་གནང་བའི་བརྒྱུད་པ་གྲུབ་ཐོབ་ཟམ་མ་ཆད་པར་བྱུང་བ་ཕུར་པ་བཀའ་མ་དང་༔ གུ་རུ་ཆོས་དབང་སངས་རྒྱས་གླིང་པ་སོགས་ཀྱིས་བཏོན་པའི་གཏེར་མ་དང་༔ གནམ་ཆོས་ལས་བྱུང་བ་སོགས་སྙན་བརྒྱུད་དེ༔ དེ་ཕྱིན་ཁྱད་པར་ད་ལམ་གྱི་སྐབས་སུ་བབ་པ༔ ལང་གྲོ་ལོཙྪ་བ་དཀོན་མཆོག་འབྱུང་གནས་ཀྱི་སྐྱེས་མཐའ་གཏེར་ཆེན་རཏྣ་གླིང་པས༔ དྭགས་པོ་ལྡང་ལྷ་ཁྲ་མོ་བྲག་ནས་ལས་ཅན་དག་པའི་འཁོར་བརྒྱ་ཕྲག་ལྷག་ཙམ་དང་བཅས་ཁྲོམ་གཏེར་དུ་མཛད་ནས་བཞེས་པའི་ཕུར་པ་ཡང་གསང་བླ་མེད་ཅེས་བྱ་བ༔ རྡོ་རྗེ་ཕུར་པ་རྩ་བ་བི་ཏོའི་རྒྱུད་དང་འབྲེལ་པ༔ དྲག་སྔགས་གནམ་ལྕགས་སྤུ་གྲི༔ ཡང་གསང་བླ་མེད་སྙིང་པོ་འདུས་པ༔ མཐར་ཐུག་སྙིང་གི་ཡང་ཞུན༔ ཕུར་པ་ཐམས་ཅད་ཀྱི་ཡང་སྙིང་ཟབ་མོ་འདིའི་དབང་ཆེན་མོ་འཕྲིན་ལས་ཀྱི་གཏེར་མཛོད་ཅེས་བྱ་བ་


CMR017_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱ་ར་བ་ཡིན་ཏེ༔ དབང་ཆེན་དུས་འདི་ལྟར་སྦྱར་བར་བྱ་ཞེས་ཀརྨ་ཉི་མས་མཆན་བུར་བཏབ་པ་སྟེ༔ ༈ དཀྱུས་གཏོར་དབང་ལོ་རྒྱུས་འདི་ཨཱཿར་གས་བསྩལ་བའོ༔ བརྒྱུད་པ་དུ་མ་ནས་ཐོབ་པའི་དོན་འདུས་གཏོར་དབང་ཟབ་མོ་བསྐུར་བ་ཡིན་ཏེ༔ དེ་ཡི་ཕན་ཡོན་དགོས་ཆེད་ཅི་ཞེ་ན༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཐེག་ཆེན་བླ་མེད་བསྒྲུབ་པའི་བར་ཆད་ཐམས་ཅད་རྡོ་རྗེ་གཞོན་ནུས་བསྲུངས་བར་འགྱུར་ཏེ༔ ཡི་དམ་གཞན་བསྒྲུབ་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབ༔ ཕུར་པ་མཁན་པོ་བཀྲ་ཤི་ས༔ ཕུར་པ་མཁན་པོ་དཔལ་ཆེ༔ ཕུར་པ་མཁན་པོ་ནོར་ཕྱུག༔ ཕུ་ར་པ་མཁན་པོ་འཁོར་རྒྱས༔ ཕུར་པ་མཁན་པོ་སྲིད་འཕེལ༔ ཕུར་པ་མཁན་པོ་མཐུ་ཆེ༔ ཕུར་པ་མཁན་པོ་མཐ་འ་བཙན༔ ཕུར་པ་མཁན་པོ་ཡོན་ཏན་བརྒྱད་དང་ལྡན༔ ཡིད་གཉིས་མེད་པར་འདི་ལ་མོས་བྱེད་ཅིང་༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡི་ས་ཕྱི་རབས་འགྲོ་བ་བསླས༔ ཞེས་ག་སུངས༔ དེ་ལྟ་བུའི་དབང་བྱིན་རླབས་ཅན་ཞུ་བའི་ཕྱིར༔ གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ དབང་ཆེན་དུས་ཡིན་མ༔ ཧཱུྃ་ག་སང་བའི་དཀྱིལ་


CMR017_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བླ་ན་མེད༔ སོགས་ལ་འཇུག་གོ༔ ཧཱུྃ༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ༔ སློབ་དཔོན་གྱིས༔ ༈ དབང་ཆོག་འཕྲིན་ལས་གཏེར་མཛོད། ཁྲོ་བཅུ་སྲུང་མ་དང་བཅས་པའི་དབང་མཚོན་ཆའི་འཁོར་ལོ། །ཕུར་སྲུང་གི་བཀའ་གཏད་དང་བཅས་པ། གནས་མདོ་དྲུང་རིན་པོ་ཆེ་ཀརྨ་སངས་རྒྱས་ལ་བདག་ཉི་མས་ལེགས་པར་ནོས་ཤིང་། ཁོང་གིས་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་ལ་ཡང་གསན་པར་འདུག་གོ །གཞན་ཡང་ཆོས་རྗེ་མཁར་དྲུང་བསོད་ནམས་བཀྲ་་ཤིས་ལས་བརྒྱུད་པའི་ལུགས་ཀྱང་ཐོབ་སྟེ། ཁྱད་པར་ཐམས་ཅད་མཁྱེན་པ་ཀརྨ་ཆགས་མེད་ཞབས་ལས་བརྒྱུད་པའི་གོང་དུ་བཤད་པ་ལྟར་དྲུང་སངས་རྒྱས་རིན་པོ་ཆེ་ལ་ངེས་པར་བཞུགས་པ་གོར་མ་ཆགས་ཕྱིར་བརྒྱུད་ཚུལ་གསུམ་ཚང་བའོ། ཟེས་རི་འགོ་བླ་མས་བྲིས་པའི་ཡིག་ཆུང་ངོ་།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕུར་པའི་དབང་གི་ལོ་རྒྱུས།next