Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
རྡོ་རྗེ་གཞོན་ནུའི་སྒོམ་བཟླས་རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གཞོན་ནུའི་སྒོམ་བཟླས་རྒྱུན་ཁྱེར།next

རྡོ་རྗེ་གཞོན་ནུའི་སྒོམ་བཟླས་རྒྱུན་ཁྱེར།


CMR017_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཞོན་ནུའི་སྒོམ་བཟླས་རྒྱུན་ཁྱེར་ནི། མཉམ་ཉིད་ཆོས་སྐུའི་ངང་ཉིད་ལས། །ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ། །བདག་ཉིད་རྡོ་རྗེ་སྲིན་པོ་དཔལ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །སྤྱན་དགུ་གདངས་ཤིང་ཞབས་བཞི་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྩེ་དགུ་རྩེ་ལྔ་རྡོ་རྗེ་གཡས། །མེ་དཔུང་ཁཊཾ་འབར་བ་གཡོན་། །མཐའ་གཉིས་ཐུགས་ཀར་ཕུར་པ་འདྲིལ། །ཞབས་བཞིའི་དྲེགས་པ་རུ་ཏྲ་བརྫིས།་།ཁྲག་འཐུང་རིགས་ལྔས་དབུ་ལ་བརྒྱན། །འཁོར་ལོ་རྒྱས་འདེབས་ཡུམ་དང་སྦྱོར། །ཁྲག་འཐུང་བཞི་བཅུ་རྩ་གཉིས་དང་། །བཀའ་སྲུང་མ་མོ་བཅུ་གཉིས་དང་། །ཕོ་བདུད་ཉི་ཤུ་རྩ་གཅིག་དང་། །གིང་ཆེན་བཅོ་བརྒྱད་གིང་ཕྲན་གསུམ། །སྐུ་དང་བ་སྤུའི་བུ་ག་ནས། །སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན། །དྲག་པོའི་སྔགས་ཀྱི་སྒྲ་སྒྲོག་ཅིང་། །ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད། །གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས། །རྒྱན་མེད་ཡབ་དང་འདྲ་བ་ལ། །ཚོན་གང་རྡོ་རྗེ་རྩེ་དགུ་པ། །སྔོན་པོ་ནས་ཙམ་ཐུགས་སྲོག་ནས། །ཧཱུྃ་སྔོན་སྤུས་བྲིས་ལྟ་བུའི་མཐར། །གསེར་མདོག་ཡི་གེ་བཅུ་གཉིས་པ། །


CMR017_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་ཤེད་ལྟ་བུའི་བསྐོར་བ་ལས། །འདོ་འཕྲོས་སྟོང་གསུམ་མ་ལུས་ཀུན། །སྲིད་གསུམ་གདུག་པ་མ་ལུས་བཏུལ། །གསལ་སྟོང་ངང་ལ་སྔགས་འདི་བཟླ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་པཾ་ཧཱུྃ་ཕཊ༔ ཅེས་པ་ཆུ་བོའི་གཞུང་བཞིན་བཟླ་བར་བྱའོ། །ཞེས་པ་རྡོ་རྗེ་ཕུར་པའི་རྒྱུན་ཁྱེར་སྒོམ་བཟླས་འདི་སྔགས་འཆང་རྣལ་འབྱོར་པའི་ཉམས་ལེན་ནོ། །རཱ་གས་སྦྱར་བའོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །བཀྲ་ཤིས་པའི་རྒྱུ་རུ་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྡོ་རྗེ་གཞོན་ནུའི་སྒོམ་བཟླས་རྒྱུན་ཁྱེར།next