Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
རཏྣ་ཕུར་པའི་རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརཏྣ་ཕུར་པའི་རྒྱུན་ཁྱེར། next

རཏྣ་ཕུར་པའི་རྒྱུན་ཁྱེར།


CMR017_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་ཕུར་པའི་རྒྱུན་ཁྱེར་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་གཞལ་ཡས་ཆེན་པོ་ལ༔ བགེགས་དང་ལོག་པར་འདྲེན་པའི་མིང་ཡང་མེད༔ དེ་ལྟར་ཡེ་ནས་གསལ་བ་རབ་རྟོགས་པས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཨོཾ༔ བརྡལ་ཁྱབ་ཀ་དག་ཡང་དག་ལྷུན་འབྱམས་ལ༔ བཤགས་དང་བཤགས་བྱའི་མཚན་མ་རང་སར་དག༔ འོན་ཀྱང་མ་རིག་གཟུང་འཛིན་འཁྲུལ་སྲིད་ན༔ རང་བྱུང་སྤྲུལ་པའི་ལྷ་ཚོགས་རྣམས་ལ་བཤགས༔ ས་མ་ཡ༔ ཨ་ཨཱཿ༔ གདོད་ནས་རང་བྱུང་རྣམ་དག་བདུད་རྩི་མཆོག༔ རྒྱུ་དྲུག་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ༔ སྣང་སྲིད་གཞི་བཞེངས་མ་ཧཱ་བ་ལིཾ་ཏ༔ རྣམ་གསུམ་འཛད་མེད་བཅུད་ཆེན་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ སྣང་བའི་དངོས་པོ་སྣ་ཚོགས་གཞལ་ཡས་ཁང་༔ སྟོང་པའི་རང་མདངས་དཔལ་ཆེན་དཀྱིལ་འཁོར་ལྷ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རང་བྱུང་གསལ༔ ལྷུན་གྲུབ་བདག་མདུན་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བཞིན་དབྱིངས་ལ་བཞུགས་པའི་ལྷ་ཚོགས་རྣམས༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེའི་གང་ལ་གང་འདུལ་ཕྲིན་ལས་


CMR017_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ སྤྱན་འདྲེན་བཞུགས་གསོལ་གནས་འདིར་བརྟན་པར་བཞུགས༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟཱ༔ ཧཱུྃ༔ ལྷན་ཅིག་སྐྱེས་སྦྱོར་ཕྱི་ནང་གསང་བཀོད་པའི༔ མཆོད་པ་རྣམ་ལྷམང་དངོས་འབྱོར་ཡིད་སྤྲུལ་པས༔ རང་བྱུང་སྤྲུལ་པའི་ལྷ་ལ་མཆོད་པ་འབུལ༔ ལ།ཉིས་མེད་བླང་དོར་མེད་པར་བཞེས་སུ་གསོལ༔ མ་ཧཱ་པཱུ་ཛ་ཧོཿ ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔ ཉོན་མོངས་མཁའ་དབྱིངས་གསང་བའི་རཀྟ་མཆོག༔ བཅུད་ཆེན་རྫ་ས་མཆོག་ལ་ཏོར་མར་བཅས་ཏེ་འབུལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བྷ་ལཾ་ཏ་ཁཱ་ཧི༔ ཧཱུྃ༔ གཏི་མུག་ཤ་ཡི་རང་བཞིན་རི་ལྟར་བསྙིལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུགས༔ ཞེ་སྡང་རུས་པའི་ཕུང་པོར་བཅས་པ་རྣམས༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཨཱཿཿཧཱུྃ༔ ཨོྃ༔ ལྷ་ཚོགས་སྐུ་ཡི་རང་བཞིན་འགྱུར་བ་མེད༔ ཨཱཿ ལྷ་ཚོགས་གསུང་གི་རང་བཞིན་འགག་པ་མེད༔ ཧཱུྃ༔ ལྷ་ཚོགས་ཐུགས་ཀྱི་རང་བཞིན་འཁྲུལ་པ་མེད༔ ཆོ་འཕྲུལ་སྤྲུལ་བསྒྱུར་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ འཁོར་ལོ་རྒྱས་འདེབས་ཀློང་ནས་ཁྲོ་གར་མཛད༔


CMR017_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གྲག་སྟོང་སྔགས་ཀྱི་འཛབ་དབྱངས་འབྲུག་ལྟར་སྒྲོག༔ ཐུགས་དམ་དབྱིངས་ནས་མ་འགྲུབ་བར་དུ་བསྒྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ༔ ཅེས་བསྙེན་པ་སྟོང་དང་བརྒྱ་ལས་མི་ཉུང་བར་བྱའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷཱན་བི་ཧཱུྃ་ཕཊ༔ སྒྲུབ་པ་ལས་སྦྱོར་དྲིལ་བའོ༔ ཧཱུྃ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས༔ འཛབ་དགོངས་གྲངས་ཐེམ་སྨན་རཀ་གཏོར་མཆོད་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ རང་སེམས་དཔང་བཙུགས་བཀའ་བཞིན་བསྒྲུབ་ལགས་ན༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་མ་ལུས་སྩོལ༔ དབང་སྒྲུབ་རྒྱུན་ཁྱེར་འདི་མཚོ་རྒྱལ་གྱིས་མཛད་པའི་ལས་བྱང་རྒྱུན་ཁྱེར་ཆ་ཚང་བ་ཡིན་པས། ཕུར་པ་ཐུགས་དམ་འདོད་པའི་འདི་ཁོ་ནས་ཆོག་པའི་བྱིན་རླབས་ཅན་ནོ༔ ཕུར་པའི་ལུང་ཟིན་རཱ་ག་ཨ་སྱས་བསྒྲིགས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། །།


CMR017_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརཏྣ་ཕུར་པའི་རྒྱུན་ཁྱེར། next