Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་སྐོང་ཆེན་ལས་ཁོལ་དུ་ཕྱུང་བའི་ཕུར་པའི་མདངས་སྐོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་སྐོང་ཆེན་ལས་ཁོལ་དུ་ཕྱུང་བའི་ཕུར་པའི་མདངས་སྐོང་།next

བཀའ་བརྒྱད་སྐོང་ཆེན་ལས་ཁོལ་དུ་ཕྱུང་བའི་ཕུར་པའི་མདངས་སྐོང་།


CMR017_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་སྐོང་ཆེན་ལས་ཁོལ་དུ་ཕྱུང་བའི་ཕུར་པའི་མདངས་སྐོང་བཞུགས་སོ༔


CMR017_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ འདུལ་སྦྱོང་དྲག་པོའི་དཀྱིལ་འཁོར་ནས༔ དམ་སྲི་གདུག་པ་འདུལ་བའི་ཕྱིར་ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ སྣང་སྲིད་ཕུར་བུས་གདབ་པའི་ཕྱིར༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ གཙོ་བོའི་ཐུགས་དམ་བསྐུལ་བའི་ཕྱིར༔ འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་༔ ཞེ་སྡང་བདུད་འདུལ་ཁྲོ་བོའི་རྒྱལ༔ བཛྲ་ཀཱི་ལའི་ཐུགས་དམ་བསྐང་༔ ང་རྒྱལ་བདུད་འདུལ་ཁྲོ་བོའི་རྒྱལ༔ རཏྣ་ཀཱི་ལའི་ཐུགས་དམ་བསྐང་༔ འདོད་ཆགས་བདུད་འདུལ་ཁྲོ་བོའི་རྒྱལ༔ པདྨ་ཀཱི་ལའི་ཐུགས་དམ་བསྐང་༔ ཕྲག་དོག་བདུད་འདུལ་ཁྲོ་བོའི་


CMR017_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ༔ ཀརྨ་ཀཱི་ལའི་ཐུགས་དམ་བསྐང་༔ ཞེ་སྡང་རིགས་ཀྱི་ཐུགས་དམ་ལས༔ དྲག་པོའི་གདུག་པ་ཀུན་འདུལ་བ༔ ཐུགས་རྗེའི་ཐབས་ཀྱིས་ཐམས་ཅད་འདུལ༔ ཏ་ཀྲྀཏ་ཁྲོ་བཅུའི་ཐུགས་དམ་བསྐང་༔ གསལ་བའི་ཆོས་སྐུ་མཐར་ཕྱིན་ཕྱིར༔ རྣམ་པར་རྒྱལ་བའི་ཐུགས་དམ་བསྐང་༔ གཟུང་འཛིན་འཆི་བདག་ཚར་གཅོད་ཕྱིར༔ གཤིན་རྗེའི་གཤེད་པོའི་ཐུགས་དམ་བསྐང་༔ གདངས་སྐད་རྔམ་པའི་བཞད་སྒྲོག་རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ ཉོན་མོངས་ཐུགས་རྗེས་མི་གཏོང་ཕྱིར༔ བདུད་རྩི་འཁྱིལ་པའི་ཐུགས་དམ་བསྐང་༔ འགྲོ་


CMR017_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་ལུས་མཐར་ཕྱིན་ཕྱིར༔ དབྱུག་པ་སྔོན་པོའི་ཐུགས་དམ་བསྐང་༔ བཏང་སྙོམས་ཆེན་པོར་བཞུགས་པའི་ཕྱིར༔ མི་གཡོ་མགོན་པོའི་ཐུགས་དམ་བསྐང་༔ འགྲོ་དོན་གཅིག་ཏུ་སྤྱོད་པའི་ཕྱིར༔ གཞན་གྱིས་མི་ཐུབ་ཐུགས་དམ་བསྐང་༔ ཉོན་མོངས་རྣམ་དག་ངང་སྦྱོར་ཕྱིར༔ ཁམས་གསུམ་རྣམ་རྒྱལ་ཐུགས་དམ་བསྐང་༔ བག་ཆགས་དབྱིངས་སུ་སྡུད་པའི་ཕྱིར༔ ཧཱུྃ་ཀ་ར་ཡི་ཐུགས་དམ་བསྐང་༔ བླ་མེད་གནས་སུ་སྒྲོལ་བའི་ཕྱིར༔ སྟོབས་པོ་ཆེ་ཡི་ཐུགས་དམ་བསྐང་༔ ཡུམ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ བྱིན་རླབས་ཡ་མཚན་ཆེན་པོ་ལས༔ ཐུགས་རྗེའི་སྤྲུལ་པ་དབྱིངས་ནས་འགྱེད༔ ཁྲོ་མོ་བཅུ་ཡི་ཐུགས་དམ་བསྐང་༔ འཁོར་འདས་མཐའ་ལ་མི་གནས་ཕྱིར༔ རྡོ་རྗེ་སྙེམས་མའི་ཐུགས་དམ་བསྐང་༔ སེམས་ཅན་ཐར་ལམ་སྟོན་པའི་ཕྱིར༔ རྡོ་རྗེ་སྡེར་མོའི་ཐུགས་དམ་བསྐང་༔ ཕྲིན་ལས་སྲིད་པའི་རྒྱ་མཚོར་ཁྱབ༔ དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་༔ མཁའ་དབྱིངས་དཀྱིལ་དུ་ཟ་བའི་ཕྱིར༔ རྡོ་རྗེ་གཏུན་ཁུང་ཐུགས་དམ་བསྐང་༔ བཏང་སྙོམས་མི་ཟད་བརྩོན་འགྲུས་ཕྱིར༔ རྡོ་རྗེ་གཏུམ་མོའི་ཐུགས་དམ་བསྐང༔ དམིགས་སུ་མེད་པ་


CMR017_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདྲེན་ཕྱིར༔ རྡོ་རྗེ་མདའ་སྙེམས་ཐུགས་དམ་བསྐང་༔ བླ་མེད་གནས་སུ་སྤོར་བའི་ཕྱིར༔ རྡོ་རྗེ་རླུང་འབྱིན་ཐུགས་དམ་བསྐང་༔ སྲིད་པ་སྐྱེ་མེད་གསོད་པའི་ཕྱིར༔ རྡོ་རྗེ་གསོད་མའི་ཐུགས་དམ་བསྐང་༔ མི་གནས་དབྱིངས་སུ་བསྐུལ་བའི་ཕྱིར༔ རྡོ་རྗེ་སྐུལ་བྱེད་ཐུགས་དམ་བསྐང་༔ དོན་དམ་ཟབ་མོའི་སྒྲ་འབྱིན་ཕྱིར༔ རྡོ་རྗེ་སྒྲ་འབྱིན་ཐུགས་དམ་བསྐང་༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ སྤྲུལ་པའི་ཕོ་ཉ་འབྱུང་བ་ནི༔ ཟ་བྱེད་ཡབ་ཀྱི་ཕོ་ཉ་སྟེ༔ ཟ་བྱེད་ཕ་བཅུའི་ཐུགས་དམ་བསྐང་༔ དཔའ་གཏུམ་ཆེན་པོར་གནས་པའི་ཕྱིར༔ སྟག་གི་མགོ་ཅན་ཐུགས་དམ་བསྐང་༔ འགྱུར་བ་མེད་པའི་ངང་གནས་ཕྱིར༔ གཡག་གི་མགོ་ཅན་ཐུགས་དམ་བསྐང་༔ གཡོ་བ་མེད་པའི་རང་བཞིན་ཕྱིར༔ ཤ་བའི་མགོ་ཅན་ཐུགས་དམ་བསྐང་༔ ཆགས་པ་མེད་པའི་རང་བཞིན་ཕྱིར༔ གཟིག་གི་མགོ་ཅན་ཐུགས་དམ་བསྐང་༔ མཁས་པའི་དོན་ལ་བརྩོན་པའི་ཕྱིར༔ བྱི་ལའི་མགོ་ཅན་ཐུགས་དམ་བསྐང་༔ ཟ་བྱེད་ཆེན་མོའི་རང་བཞིན་ཕྱིར༔ སྤྱང་ཀིའི་མགོ་ཅན་ཐུགས་དམ་བསྐང་༔ འཇོམས་བྱེད་ཆེན་པོའི་རང་བཞིན་ཕྱིར༔ སེང་


CMR017_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་མགོ་ཅན་ཐུགས་དམ་བསྐང་༔ གཏུམ་རྔམས་ཆེན་པོའི་རང་བཞིན་ཕྱིར༔ དོམ་གྱི་མགོ་ཅན་ཐུགས་དམ་བསྐང་༔ ཐམས་ཅད་མྱོས་པར་བྱེད་པའི་ཕྱིར༔ ཕག་གི་མགོ་ཅན་ས་ལྡན་ཆེན་པོའི་རང་བཞིན་ཕྱིར༔ དྲེད་ཀྱི་མགོ་ཅན་ཐུགས་དམ་བསྐང་༔ བཀའ་ཉན་ཕོ་ཉ་མགྱོགས་བྱེད་མ༔ ཡུམ་གྱིས་སྤྲུལ་པའི་ཕོ་ཉ་ནི༔ ཕྲ་མེན་ཆེན་མོ་རྫུ་འཕྲུལ་ཅན༔ གསོད་བྱེད་མ་བཅུའི་ཐུགས་དམ་བསྐང་༔ མཁའ་ལྡིང་ཐོགས་མེད་རྒོད་ཕྲེང་ཅན༔ བྱ་རྒོད་མགོ་ཅན་ཐུགས་དམ་བསྐང་༔ མི་འགྱུར་ཆོས་ཉིད་ཡེ་ཤེས་ཅན༔ བྱ་རོག་མགོ་ཅན་ཐུགས་དམ་བསྐང་༔ མ་ཕྱིན་མཐོང་བ་དབུ་མའི་ལམ༔ འུག་པའི་མགོ་ཅན་ཐུགས་དམ་བསྐང་༔ སྦེད་བྱེད་ཐབས་ལ་མཁས་པ་མོ༔ ཁྭ་ཏའི་མགོ་ཅན་ཐུགས་དམ་བསྐང་༔ འོད་བྱེད་ཆེན་མོ་བཀྲག་གསལ་མོ༔ པུ་ཤུད་མགོ་ཅན་ཐུགས་དམ་བསྐང་༔ མཁའ་ལ་ཐོགས་མེད་སྡེར་འཛིན་མ༔ ཁྲ་ཡི་མགོ་ཅན་ཐུགས་དམ་བསྐང་༔ སྲིན་མོ་ཐབས་མཁས་གཡོ་འདོར་ཅན༔ ཕ་ཝང་མགོ་ཅན་ཐུགས་དམ་བསྐང་༔ ཕྲ་མེན་མགྱོགས་མ་ཡང་རྩལ་ཅན༔ སྲེ་མོའི་མགོ་ཅན་ཐུགས་དམ་བསྐང་༔ རྟོག་


CMR017_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཆེན་མོ་ཐབས་ལ་མཁས༔ སྨིགས་བུའི་མགོ་ཅན་ཐུགས་དམ་བསྐང་༔ ཕྲ་མེན་རྐུ་མཁས་སྒོ་མང་མ༔ བྱི་བའི་མགོ་ཅན་ཐུགས་དམ་བསྐང་༔ ཕྱག་རྒྱ་བཞི་དང་ལྡན་པ་ཡི༔ ཕྲིན་ལས་རྣམ་བཞིའི་ལས་མཛད་མ༔ གདུག་པ་མ་ལུས་འདུལ་བའི་ཕྱིར༔ སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ ཤར་ནས་འགུགས་བྱེད་བཛྲ་ཡཀྵ་ཏ༔ པུ་ཤུད་མགོ་ཅན་ཐུགས་དམ་བསྐང་༔ ལྷོ་ནས་འཆིང་བྱེད་བཛྲ་ཡ་བ་ཝེ༔ སྐྱ་གའི་མགོ་ཅན་ཐུགས་དམ་བསྐང་༔ ནུབ་ནས་སྡོམ་བྱེད་བཛྲ་བྷ་ཡ་བེ༔ སྲིན་བྱའི་མགོ་ཅན་ཐུགས་དམ་བསྐང་༔ བྱང་ནས་གསོད་བྱེད་བཛྲ་མཱ་ར་ཎི༔ ཁྲ་ཡི་མགོ་ཅན་ཐུགས་དམ་བསྐང་༔ དཔལ་གྱི་བཀའ་ཉན་སྲུང་མ་ནི༔ ནམ་གྱི་སྲོད་ཀྱི་དམ་ཅན་མ༔ ཤྭ་ན་མཆེད་བཞིའི་ཐུགས་དམ་བསྐང་༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ ཤཱ་ན་མུ་ཁའི་ཐུགས་དམ་བསྐང་༔ གསེར་གྱི་འཕར་བ་ལྕེ་བརྒྱད་མ༔ སྲི་ལ་མུ་ཁའི་ཐུགས་དམ་བསྐང་༔ ཟངས་ཀྱི་ཝ་བྱཱ་མོ་རྐང་གསུམ་མ༔ སྲི་གྷ་མུ་ཁའི་ཐུགས་དམ་བསྐང་༔ ལྕགས་ཀྱི་ཁྱི་མོ་རལ་པ་ཅན༔ ཤྭ་ན་མུ་ཁའི་ཐུགས་དམ་བསྐང་༔ དཔལ་གྱི་བཀའ་ཉན་སྲུང་མ་ནི༔ ནམ་གྱི་གུང་གི་


CMR017_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་མ༔ བདག་ཉིད་མཆེད་བཞིའི་ཐུགས་དམ་བསྐང་༔ ནག་མོ་རལ་པས་སྟོང་ཁ་མས་ཁྱབ་རེ་མ་ཏེ་ཡི་ཐུགས་དམ་བསྐང་༔ སེར་ནག་རྨ་བྱའི་ཐུ་ལ་པ་ཅན༔ རེ་མ་ཛ་ཡི་ཐུགས་དམ་བསྐང་༔ དམར་ནག་རེ་ལྡེ་ནག་པོ་གསོལ༔ རེ་མ་ཛུ་ཡི་ཐུགས་དམ་བསྐང་༔ ལྗང་ནག་དར་གྱི་གོ་ཟུ་ཅན༔ རེ་མ་ཊི་ཡི་ཐུགས་དམ་བསྐང་༔ དཔལ་གྱི་བཀའ་ཉན་སྲུང་མ་ནི༔ ནམ་གྱི་ཐོ་རངས་དམ་ཅན་མ༔ ས་བདག་མཆེད་བཞིའི་ཐུགས་དམ་བསྐང་༔ མཐིང་ནག་ལྕགས་ཕུར་རལ་པ་ཅན༔ རྡོ་རྗེ་ཡ་བྱིན་ཐུགས་དམ་བསྐང་༔ སེར་མོ་གསེར་ཕུར་རལ་པ་ཅན༔ རྡོ་རྗེ་དེ་བྱིན་ཐུགས་དམ་བསྐང་༔ དམར་མོ་བ་སྲེ་ཕུར་རལ་པ་ཅན༔ རྡོ་རྗེ་བསྲེ་བྱིན་ཐུགས་དམ་བསྐང་༔ ་ལྗང་མོ་ག་ཡུ་ཕུར་ར་ལ་པ་ཅན༔ རྡོ་རྗེ་ཕག་བྱིན་ཐུགས་དམ་བསྐང་༔ དཔལ་གྱི་བཀའ་ཉན་ད་མ་ཅན་ནི༔ སྲོག་གི་གཤེད་བཞི་མ་ཐུ་བོ་ཆེ༔ གདུག་པ་མ་ལུས་འདུལ་བའི་ཕྱིར༔ བསྲེ་ཡི་སྐྱེས་བཞིའི་ཐུགས་དམ་བསྐང་༔ འདཔ་ལ་གྱི་བཀ་འ་ཉ་ན་དམ་ཅན་ནི༔ བདུད་ཀྱི་གཤེད་བཞི་མ་ཐུ་བོ་ཆེ་་དགྲ་བགེགས་ཁྲམ་ལ་བཏབ་པའི་ཕྱིར༔ ལྕགས་ཀྱི་སྐྱེས་བཞིའི་ཐུགས་དམ་བསྐང་༔ དཔལ་


CMR017_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཀའ་ཉན་དམ་ཅན་ནི༔ དམག་དཔོན་མཆེད་བཞི་དྲེགས་པ་ཅན༔ དགྲ་སྙིང་དམར་ལ་རོལ་བའི་ཕྱིར༔ དུང་གི་སྐྱེས་བཞིའི་ཐུགས་དམ་བསྐང་༔ ཕུར་པའི་བསྟན་པ་སྲུང་བའི་ཕྱིར༔ དགེ་བསྙེན་ཉེར་གཅིག་ཐུགས་དམ་བསྐང་༔ ཧཱུྃ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་རྣམས༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རང་བྱུང་དམ་རྫས་བདུད་རྩི་དང་༔ རྨད་དུ་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་དགྱེས་མཆོད་དང་༔ ཤ་ཆེན་སྤོས་ཀྱི་དམ་རྫས་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ སྣང་གསལ་ཞུན་དམར་མདངས་ལྡན་དང་༔ ཕྱི་ནང་གསང་བ་མཆོད་པའི་ཚོགས༔ མཁའ་ལྡིང་མདངས་དང་ཤེལ་སྒོང་མདངས༔ ཙ་ར་ལ་སོགས་མདངས་ཀྱིས་བསྐང་༔ འདི་ལྟར་བསྐྱངས་བསྐངས་གསོལ་གསོལ་ནས༔ ཐུགས་དམ་


CMR017_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་དེས་བསྐངས་ལ༔ ཆོ་ག་ལྷག་ཆད་སངས་གྱུར་ཅིག༔ བདག་གི་གཡར་དམ་སོར་སྩོལ་ཅིག༔ གཡར་དམ་བསྐང་ལ་རྐྱེན་དབང་ཟློག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་བརྒྱད་སྐོང་ཆེན་ལས་ཁོལ་དུ་ཕྱུང་བའི་ཕུར་པའི་མདངས་སྐོང་།next