Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་ཀྱི་ཕུར་སྲུང་གིང་བཞི་དབང་ཕྱུག་མ་ཉེར་བརྒྱད་དང་བཅས་པའི་སྐུལ་བྱང་དུག་མདའ་ནག་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་ཀྱི་ཕུར་སྲུང་གིང་བཞི་དབང་ཕྱུག་མ་ཉེར་བརྒྱད་དང་བཅས་པའི་སྐུལ་བྱང་དུག་མདའ་ནག་པོ།next

ཕུར་པ་ཡང་གསང་བླ་མེད་ཀྱི་ཕུར་སྲུང་གིང་བཞི་དབང་ཕྱུག་མ་ཉེར་བརྒྱད་དང་བཅས་པའི་སྐུལ་བྱང་དུག་མདའ་ནག་པོ།


CMR017_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་ཀྱི་ཕུར་སྲུང་གིང་བཞི་དབང་ཕྱུག་མ་ཉེར་བརྒྱད་དང་བཅས་པའི་སྐུལ་བྱང་དུག་མདའ་ནག་པོ་བཞུགས་སོ༔


CMR017_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྤྲུལ་པ་ཟ་གསོད་ཕོ་ཉར་བཅས༔ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར༔ དེ་ཡི་སྐུལ་བྱང་རིམ་པ་བསྟན༔ རྔ་དུང་རོལ་མོའི་ཚོགས་རྣམས་བསྒྲུག༔ བདུད་རྩི་སྨྲེང་ཞིང་རཀྟ་ཕྱིར༔ ཞིང་གི་པགས་པ་ཕྱོགས་བཅུར་གཡབ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོ་བཅུ༔ རང་བཞིན་དབྱིངས་ནས་ཤར་བའི་ཁྲོ་མོ་བཅུ༔ སྤྲུལ་པ་ལས་ལ་མངགས་པའི་ཁྲ་ཐབས་ཚོགས༔ ཟ་གསོད་མཆེ་བ་སྟག་གི་མགོ་བོ་ཅན༔ དཀྱིལ་འཁོར་ཕྱོགས་བཞི་སྐྱོང་བའི་སྒོ་


CMR017_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞི༔ གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་དང་༔ བསེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་ཏེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཅན་ཚོགས༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཛཿ དཔལ་ཆེན་ཁྲོ་རྒྱལ་རྣམས་ཀྱི་བཀའ་ཉན་ཞིང་༔ བསྟན་པའི་རུ་ཏྲ་སྒྲོལ་བར་དམ་བཅས་པའི༔ ཕུར་པའི་ལས་མཁན་སྲུང་མ་བཅུ་གཉིས་ཚོགས༔ བརྣག་པའི་ལས་ལ་མ་གཡེལ་དམ་ཅན་རྣམས༔ གསང་སྔགས་གཉན་གྱི་སྲུང་མ་མ་མོ་ཆེ༔ དཔལ་གྱི་བཀའ་ཉན་ཤྭ་ན་མཆེད་བཞི་ནི༔ ལྕགས་


CMR017_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ༔ གསེར་གྱི་འཕར་བ་མྱུར་བའི་ལྕེ་བརྒྱད་མ༔ ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ༔ གཡུ་ཡི་ཁྱི་མོ་ཟུག་པའི་སྒྲ་སྒྲོགས་མ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བྱུང་ན༔ ལས་མཁན་དམར་ནག་དགྲ་བགེགས་སྒྲོལ་ལ་ཤོག༔ ཛཿ དགྲ་བོ་སྲོག་གཅོད་རི་ཏི་མཆེད་བཞི་ནི༔ འཇིགས་བྱེད་མཐིང་ནག་རྡོ་རྗེ་རེ་མ་ཏི༔ ཟ་བྱེད་དམར་ནག་རྡོ་རྗེ་རེ་མ་ཛུ༔ གསོད་བྱེད་སེར་ནག་རྡོ་རྗེ་རེ་མ་ཛཿ སྲོག་གཅོད་ལྗང་ནག་རྡོ་རྗེ་རེ་མ་ཛུ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བྱུང་ན༔ ལས་མཁན་དམར་ནག་མཐུ་རྩལ་མཐུ་ཆུང་ཞིག༔ ཛ་སྲོག་གཅོད་ནག་མོ་བསྲེ་ཡི་བུ་མོ་བཞི༔ བདུད་ཀྱི་བུ་མོ་ཡ་བྱིན་མཐུ་མོ་ཆེ༔ གཟའ་ཡི་བུ་མོ་དེ་བྱིན་དྲག་རྩལ་ཅན༔ བཙན་གྱི་བུ་མོ་བསྲེ་བྱིན་རྫུ་འཕྲུལ་ཅན༔ ཀླུ་ཡི་བུ་མོ་ཕག་བྱིན་གདུག་རྩུབ་ཅན༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་


CMR017_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བདག་ལ་མ་ཉེས་དགྲ་བྱུང་ན༔ གདུག་རྩུབ་ཅན་རྣམས་ལ་ལས་ལ་ད་རྒྱུག་ཅིག༔ ཛཿ མ་མོ་རྣམས་ཀྱི་མིང་པོ་གིང་ཆེན་བཞི༔ འཛིན་གིང་དམར་པོ་འཛིན་པའི་ལྕགས་ཀྱུ་ཐོགས༔ འཆིང་གིང་ནག་པོ་འཆིངས་བའི་ཞགས་པ་ཐོགས༔ སྒྲོལ་གིང་དཀར་པོ་ཤེལ་གྱི་སྤུ་གྲི་ཕྱར༔ ཟ་གིང་སྔོན་པོ་དུང་གི་མཆེ་བ་གཙིགས༔ མགྱོགས་གིང་རྒྱུག་པའི་གློག་དམར་གདུག་པའི་ཚོགས༔ ལས་བྱེད་དྲག་ཤུལ་ཅན་གྱི་དུས་ལ་བབ༔ ཁྱེད་ཀྱི་མཐུ་རྩལ་འབྱུང་བའི་དུས་ལ་བབ༔ ཕུར་པའི་སྲུང་མ་དམ་ཅན་ལས་མཁན་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིག༔ བྷྱོ༔ ཉི་ཤུ་རྩ་བཞིའི་དུར་ཁྲོད་གནས་ཀྱི་བདག༔ དཔལ་གྱི་བཀོའ་ཉན་དཀྱིལ་འཁོར་མུ་རན་སྐྱོང་༔ དབང་ཕྱུག་ཉེར་བརྒྱད་མཐུ་དང་རྫུ་འཕྲུལ་ཅན༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་དམ་ཅན་རྣམས༔ དགྲ་བགེགས་སྲོག་དབུགས་ལེན་པའི་ལས་མཁན་མ༔ དཔལ་ཆེན་ལས་མཁན་ཚོགས་ཀྱི་དུས་ལ་བབ༔ བདག་ནི་ཕུར་པ་སྒྲུབ་པའི་རིག་འཛིན་ཏེ༔ ཁྱེད་རྣམས་ཕུར་པའི་སྲུང་མ་མཐུ་རྩལ་ཅན༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ ཐུགས་དམ་


CMR017_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ་བོ་ཕྲིན་ལས་མཛོད༔ དེ་ལྟར་ལས་ལ་བསྐུལ་ཏེ་བསྟོད་བསྔགས་ནི༔ ད་ནི་སྨད་ལས་དུག་ཕུར་དང་འབྲེལ་བ་ལས་སྦྱོར་དུས་སུ་དགྲ་ལ་དྲག་ཏུ་བསྐུལ་བར་བྱ་སྟེ༔ བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ཛའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ ཕུར་སྲུང་ལས་མཁན་རྣམས་ལྕགས་ཀྱུའི་ཕྱག་རྒྱས་རང་དབང་མེད་པར་མདུན་དུ་བཀུག་ལ༔ རྣལ་འབྱོར་པས་ཅི་བགྱིའི་ལས་བསྒྲུབ་པར་བགྱིའོ༔ ཞེས་ཟེར་བར་བསམས་ལ་ཞེ་སྡང་དྲག་པོའི་ང་རོས་བསྐུལ་ཏེ༔ བྷྱོ༔ སྔོན་ཚེ་དཔལ་གྱི་བཀའ་བཞིན་དུ༔ སློབ་དཔོན་ཆེན་པོ་པདྨ་ཡི༔ སྒྲུབ་པའི་གནས་མཆོག་དམ་པ་ན༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ གསེར་གྱི་འཕར་བ་ལྕེ་བརྒྱད་མ༔ གཡུ་ཡི་ཁྱི་མོ་རལ་པ་ཅན༔ ང་རོ་འབྲུག་ལྟར་ཟ་ཞིང་ཟུག༔ ཁ་རླངས་སྤྲིན་ལྟར་འཐུལ་ཞིང་འཐིབས༔ མིག་ནི་ཉི་ཟེར་བཞིན་དུ་འཚེར༔ བང་ནི་གློག་བས་འཁྱུག་ཅིང་དྲག༔ སྤུ་ནི་མཚོན་ཆའི་རྩེ་བས་རྣོ༔ དེ་འདྲའི་ཞོན་པ་འཇིགས་ཚུལ་ལ༔ བརྗིད་པའི་མི་མོ་བཟང་མོ་ཞོན༔ གཡས་པས་རྡོ་རྗེ་ཐོད་ཕྲེང་འདྲེན༔ གཡོན་པས་ལྕགས་ཀྱི་ཕུར་པ་འདྲིལ༔ མུ་ཁ་མཆེད་བཞིའི་དུས་ལ་བབ༔ དམ་ཉམས་དགྲ་བོའི་བདག་ལ་བསྡོམ༔ བརྣག་


CMR017_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ལ་མཐུ་མ་ཆུང་༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་འཕང་ཐུགས་དམ་ཅན༔ མ་ཐོ་མ་ཐཾ་བཛྲ༔ ཛྭ་ལ་ཛྭ་ལ་བཛཿ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཛཿ བྱིང་བྱེད་མ་ལ་གནས་བཅས་ཤིང་༔ རླུང་ནག་འཚུབ་མའི་སྣ་འདྲེན་མ༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མི་ལྤགས་རློན་པ་སྐུ་ལ་གསོལ༔ ཕྱག་གཡས་སྤུ་གྲི་འབར་བ་བསྣམས༔ གཡོན་པས་འདེབས་བྱེད་ཕུར་པ་འདྲིལ༔ དྲེལ་རྟ་རྐང་གསུམ་ཆིབས་སུ་ཆིབས༔ འདི་བྱོན་ཐུགས་དམ་དུས་ལ་བབ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་མ༔ མངོན་སྤྱོད་ལས་ལ་མཐུ་མ་ཆུང་༔ ཛཿ བར་སྣང་ཁམས་གསུམ་བརྟན་བཅས་ཤིང་༔ འབྲུག་དང་གློག་གི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཊི༔ སྐུ་མདོག་དམར་ནག་འབར་བ་ལ༔ བཙོད་དམར་ལའུ་སྐུ་ལ་གསོལ༔ ཁྲ་བམ་ལྕགས་ཀྱུ་གཡས་ན་བསྣམས༔ སྒྲོལ་བྱེད་ཕུར་པ་གཡོན་ན་བསྣམས༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ སྔོན་ཚེ་


CMR017_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་བཀའ་བཞིན་དུ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་མ༔ མ་གཡེལ་མ་འཕང་ལས་མཛོད་ཅིག༔ རྣལ་འབྱོར་བྱང་ཆུབ་སྒྲུབ་མ་སྟེར༔ སྲུང་མ་མ་གཡེལ་ར་མདར་ཟློག༔ ཛཿ རི་རབ་སྟེང་ན་བརྟེན་བཅས་ཤིང་༔ སད་དང་སེར་བའི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཛཿ སྐུ་མདོག་སེར་ནག་འབར་བ་ལ༔ རྨ་བྱའི་ཐུལ་པ་སྐུ་ལ་གསོལ༔ ཕྱག་གཡས་གསེར་གྱི་ཟོར་བ་བསྣམས༔ གཡོན་པས་འདེབས་བྱེད་ཕུར་པ་འདྲིལ༔ ཆིབས་སུ་གསེར་ཤ་ཡུ་མོ་ཆིབས༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་མ༔ མ་གཡེལ་མ་འཕང་ལས་མཛོད་ཅིག༔ ཛཿ ས་ཡི་གླིང་ལ་དབང་བྱེད་མ༔ ཁ་བ་བུ་ཡུག་སྣ་འདྲེན་མ༔ དཔལ་ལྡན་ལྷ་མོ་རེ་མ་ཛུ༔ སྐུ་མདོག་ལྗང་ནག་འབར་བ་ལ༔ ཆུ་དར་ཐུལ་པ་སྐུ་ལ་གསོལ༔ གཡས་པའི་ཕྱག་ན་ཁྲམ་བམ་བསྣམས༔ གཡོན་པས་འདེབས་བྱེད་ཕུར་པ་འདྲིལ༔ ཆིབས་སུ་རྔ་མོང་ག་པོ་ཆིབས༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་མ༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་ལ༔ དམ་ཉམས་


CMR017_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཡི་བདེར་མ་སྟེར༔ དམ་ཅན་སྲུང་མ་ར་མདར་ཟློག༔ ཧཱུཾ་མ་མ་པ་ཤང་ཀུ་རུ་མ་ཏི་ཉ་ན་ཀ་ར༔ ཨི་དན་དྷུ་ཏི་མ་མ་ཤྲཱི་ཏྲ་ཀ་ར་ཡེ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཕཊ༔ ཛཿ བལ་ཡུལ་ཡ་བྱིན་ཡུལ་ལ་བརྟེན༔ མར་ཁུའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཡ་བྱིན་མཐུ་རྩལ་ཅན༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མཐིང་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་བསྣམས༔ ཕྱག་གཡོན་འདེབས་བྱེད་ཕུར་པ་འདྲིལ༔ བདུད་རྟ་ནག་པོ་ཆིབས་སུ་ཆིབས༔ འདིར་བྱོན་ནག་མོ་ལས་མཁན་མ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཛཿ རོང་གི་དེ་བྱིན་ཡུལ་ལ་བརྟེན༔ ཞག་གི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་དེ་བྱིན་རྩལ་མོ་ཆེ༔ སྐུ་མདོག་སེར་ནག་འབར་བ་ལ༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་གཡས་གསེར་གྱི་ཞགས་པ་བསྣམས༔ གཡོན་པས་འདེབས་བྱེད་ཕུར་པ་འདྲིལ༔ ཆིབས་སུ་གཟའ་རྟ་སེར་པོ་ཆིབས༔ སྲོག་དབུགས་ལེན་པའི་མཐུ་བོ་ཆེ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ མངག་པའི་ལས་ལ་མཐུ་མ་ཆུང་༔ བཅོལ་བའི་ཕྲིན་


CMR017_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པར་མཛོད༔ ཛཿ མང་ཡུལ་བསྲེ་བྱིན་ཡུལ་ལ་བརྟེན༔ ཁྲག་གི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་བསྲེ་བྱིན་ཆེན་མོ་ནི༔ སྐུ་མདོག་དམར་ནག་འབར་བ་ལ༔ བེར་ཆེན་དམར་ནག་སྐུ་ལ་གསོལ༔ ཕྱག་གཡོས་བཙན་ཞགས་དམར་པོ་འདེབས༔ གཡོན་པས་སེང་ལྡེང་ཕུར་པ་འདྲིལ༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ འདིར་བྱོན་དགྲ་བོའི་སྲོག་ལེན་མ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ ཕུར་པ་སྒྲུབ་པའི་དམ་ཅན་མ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཛཿ སྙེ་ལམ་ཕག་བྱིན་ཡུལ་ལ་བརྟེན༔ འོ་མའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ༔ སྐུ་མདོག་སྔོ་ནག་འབར་བ་ལ༔ བེར་ཆེན་སྔོ་ནག་སྐུ་ལ་གསོལ༔ གཡུ་ཞགས་མཆོག་ཕུར་གཡས་ན་བསྣམས༔ གནམ་ལྕགས་ཕུར་པ་གཡོན་ན་འདྲིལ༔ གཡུ་རྟ་སྔོན་པོ་ཆིབས་སུ་ཆིབས༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་བྱུང་ན༔ སྲུང་མ་མྱུར་དུ་ལས་ལ་བྷྱོ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ ཐུགས་དམ་མ་གཡེལ་ཕྲིན་ལས་མཛོད༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན༔ པྲ་


CMR017_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མརྟ་ན་ཡེ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དྲག་ཏུ་བསྐུལ་ཞིང་སྨན་རཀ་གཏོར་མ་སྦྲེང་༔ རྐང་གི་གཟར་བུས་རཀྟ་ཕྱོགས་བཅུར་གཏོར༔ ཞིང་གི་གཡབ་མོས་གཡབ༔ དམ་ཅན་བཅོལ་བསྐུལ་ལ་རེམས་ན་མཐུ་ཆེ༔ བཀྲ་ཤིས་སོ༔ དེ་ནས་བསྲེ་ལྕགས་ཀྱི་སྐྱེས་བུ་བཞི་ལས་ལ་བསྐུལ་པ་ནི༔ ཧཱུྃ༔ བསྲེ་ཡི་སྐྱེས་བུའི་གདུག་པ་ཅན༔ སྐུ་མདོག་དམར་སེར་འབར་བ་ལ༔ སྐུ་ལ་ལེ་བརྒན་བསྲེ་ཁྲབ་གསོལ༔ ཕྱག་གཡས་ཟངས་གྲི་དམར་པོ་ཕྱར༔ གཡོན་པས་སེང་ལྡེང་ཕུར་པ་འདྲིལ༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ བསྲེ་ཡི་གིང་ཆེན་ཚོགས་ཀྱིས་བསྐོར༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ནག་པོ་ལྕགས་ཀྱི་སྐྱེས་བུ་ནི༔ སྐུ་མདོག་སྔོ་ནག་འཇིགས་པ་ལ༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་གཡས་རལ་གྲི་ཀླད་ལ་བསྐོར༔ གཡོན་པས་ལྕགས་ཀྱི་ཕུར་པ་འདྲིལ༔ ཆིབས་སུ་སྤྱང་ཀི་སྔོན་པོ་ཆིབས༔ ལྕགས་ཀྱི་གིང་ཆེན་ཚོགས་ཀྱི་བསྐོར༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དུང་གི་སྐྱེས་བུའི་ཆེན་པོ་ནི༔ སྐུ་མདོག་དཀར་སེར་བརྗིད་པ་ལ༔ དར་


CMR017_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འཇོལ་བེར་སྐུ་ལ་གསོལ༔ ཕྱག་གཡས་ཤེལ་གྲི་ཟངས་ཡག་ཕྱར༔ གཡོན་པས་དུང་གི་ཕུར་པ་འདྲིལ༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ འཁོར་དུ་ཤེལ་གིང་ཚོགས་ཀྱིས་བསྐོར༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བྱང་ཕྱོགས་ཏཱ་ཀི་ནག་པོ་འཇིགས༔ སྐུ་མདོག་སྔོ་ནག་འབར་བ་ལ༔ སྐུ་ལ་དར་ནག་རལ་ག་གསོལ༔ གཡས་པས་བདུད་ཀྱི་ཁྲམ་བམ་ཕྱར༔ གཡོན་པས་བདུད་ཞགས་ནག་པོ་འདེབས༔ ཆིབས་སུ་བདུད་རྟ་ནག་པོ་ཆིབས༔ འཁོར་དུ་བདུད་པོ་འབུམ་གྱིས་བསྐོར༔ འདིར་བྱོན་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སྲིད་པའི་ཕུར་བུ་བདག་སྒྲུབ་ཀྱིས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུ་རྩལ་འབྱུང་བའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ ཤན་པ་ཕོ་མོའི་དུས་ལ་བབ༔ སྒོལ་གིང་ཚོགས་ཀྱི་དུས་ལ་བབ༔ དགྲ་སྲོག་གཅོད་པའི་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་དང་བགེགས༔ གང་ལ་བྱ་བ་ཁྱེད་ཀྱིས་ཤེས༔ ལོ་ཟླར་བཞག་པའི་ལོང་མེད་ཀྱིས༔ ད་ལྟ་ཉིད་དུ་སྒྲོལ་ལ་ཤོག༔ སྲོག་གཅོད་ཤན་


CMR017_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕོ་མོའི་ཚོགས༔ ཆ་ལུགས་གཅིག་ཏུ་མ་ངེས་ཏེ༔ རྫུ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན༔ བང་ནི་བར་སྣང་གློག་བས་མགྱོགས༔ ཕྱག་མཚན་འབར་བས་དགྲ་སྲོག་གཅོད༔ མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཤི་ཀཾ་ཀ་ར་ཡ༔ མ་ར་སེ་ན༔ པྲ་མརྟ་ན་ཡ་ཧཱུྃ་ཕཊ༔ ད་ནི་དཀྱིལ་འཁོར་མུ་རན་གྱི་ལས་བྱེད་རྣམས་བསྐུལ་བར་བྱ་སྟེ༔ ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བྱེད་ཅིང་༔ རྡོ་རྗེ་ཕུར་པའི་བཀའ་སྲུང་དབང་ཕྱུག་ཉེར་བརྒྱད་བསྐུལ་བ་ནི་ཁག་ཆེ་སྟེ༔ རྣལ་འབྱོར་པ་རྣམས་གོས་ནག་དང་སྲོག་ཞུ་ལ་སོགས་འཆམས་ཆས་སུ་ཞུགས་ཏེ༔ སྨན་རཀ་གཏོར་མར་སྦྲེང་༔ གསུར་ཆེན་གྱི་དུད་པ་བཏང་༔ རཀྟ་ཕྱར་ཞིང་རྐང་དུང་འབུད༔ རྣལ་འབྱོར་པ་རྣམས་དབང་ཕྱུག་གི་ཟུར་འཆམས་བྱ་ཞིང་༔ ཞལ་ནང་སྟངས་སྟབས་སུ་བསྒྱུར་ཞིང༔ ཕྱི་ངོས་སུ་སྡང་མིག་ཏུ་བསྒྲད་ལ༔ བྷྱོ༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་འདིར༔ མིང་ཙམ་འཛིན་པར་བྱེད་པ་ཡང་༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་


CMR017_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བླངས་ཏེ་བསྐུར་བར་བྱའོ༔ དེ་སྐད་ཁྱེད་ཀྱིས་ཞལ་བཞེས་པའི༔ དཔལ་གྱི་བཀའ་བཞིན་བདག་སྒྲུབ་ཀྱིས༔ འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ སྲིན་མོ་སྨུག་ནག་ཐོད་རློན་འཆང་༔ གཡག་གི་མགོ་ཅན་དུས་ལ་བབ༔ ཚངས་པ་དམར་སེར་པདྨ་འཛིན༔ སྦྲུལ་གྱི་མགོ་ཅན་དུས་ལ་བབ༔ ལྷ་ཆེན་དཀར་གཟིག་གི་མགོ་ཅན་དུས་ལ་བབ༔ གཏོགས་འདོད་སྔོན་མོ་འཁོར་ལོ་འཆང་༔ སྲེ་མོང་མགོ་ཅན་དུས་ལ་བབ༔ གཞོན་ནུ་དམར་པོ་མདུང་ཐུང་འཛིན༔ ཕག་གི་མགོ་ཅན་དུས་ལ་བབ༔ བརྒྱ་བྱིན་དཀར་མོ་ཨིན་རྭ་གདེངས༔ ཁྱུང་གི་མགོ་ཅན་དུས་ལ་བབ༔ རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན༔ ཁུ་བྱུག་མགོ་ཅན་དུས་ལ་བབ༔ རྡོ་རྗེ་སེར་མོ་ཁྲག་ཆེན་འཐུང་༔ དོམ་གྱི་མགོ་ཅན་དུས་ལ་བབ༔ བདུད་རྩི་དམར་མོ་པད་བུམ་འཛིན༔ ཆུ་སྲིན་མགོ་ཅན་དུས་ལ་བབ༔ ཟླ་བ་དཀར་མོ་པུན་དྷ་འཛིན༔ སྡིག་པའི་མགོ་ཅན་དུས་ལ་བབ༔ བེ་ཅོན་ལྗང་ནག་དབྱུག་ཏོ་ཕྱར༔ ཁྲ་ཡི་མགོ་ཅན་དུས་ལ་བབ༔ སྲིན་མོ་དམར་མོ་དུང་ཁྲག་འཐུང་༔ ཝ་ཡི་མགོ་ཅན་དུས་ལ་བབ༔ ཟ་བ་ལྗང་


CMR017_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནག་བ་སུ་འདྲེན༔ སྟག་གི་མགོ་ཅན་དུས་ལ་བབ༔ ར་གདོང་སྔོན་མོ་ཞགས་པ་ཐོགས༔ ར་ཡི་མགོ་ཅན་དུས་ལ་བབ༔ དགའ་བ་དམར་མོ་ཆེ་དར་འཆང་༔ བྱ་རྒོད་མགོ་ཅན་དུས་ལ་བབ༔ སྟོབས་ཆེན་དཀར་མོ་ཐོང་གཤོལ་འཛིན༔ རྟ་ཡི་མགོ་ཅན་དུས་ལ་བབ༔ སྤྱི་སྤྱོད་སྔོན་མོ་སྤུ་གྲིས་གཅོད༔ བྱི་ལའི་མགོ་ཅན་དུས་ལ་བབ༔ འདོད་པ་དམར་མོ་མདའ་གཞུ་འགེངས༔ ཁྱི་ཡི་མགོ་ཅན་དུས་ལ་བབ༔ ནོར་སྲུང་དཀར་མོ་བུམ་པ་འཛིན༔ པུ་ཤུད་མགོ་ཅན་དུས་ལ་བབ༔ རླུང་ལྷ་སྔོན་མོ་བ་དན་ཕྱར༔ ཤ་བའི་མགོ་ཅན་དུས་ལ་བབ༔ བུམ་སྣ་དམར་ནག་ལྕགས་སྒྲོག་བསྣམས༔ སྤྲེའུ་མགོ་ཅན་དུས་ལ་བབ༔ གསོད་བྱེད་ལྗང་ནག་རལ་གྲི་ཕྱར༔ སྤྱང་མོའི་མགོ་ཅན་དུས་ལ་བབ༔ མི་མོ་དམར་མོ་གསལ་ཤིང་འཛིན༔ སྐྱོན་བུའི་མགོ་ཅན་དུས་ལ་བབ༔ ཕག་མོ་ནག་མོ་མཆེ་ཞགས་བསྣམས༔ ཕག་གི་མགོ་ཅན་དུས་ལ་བབ༔ དགའ་བྱེད་དམར་མོ་ཞིང་ཆུང་ཟ༔ ཁྭ་ཏའི་མགོ་ཅན་དུས་ལ་བབ༔ སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་༔ བ་གླང་མགོ་ཅན་དུས་ལ་བབ༔ ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན༔ བྱ་རོག་མགོ་ཅན་དུས་ལ་བབ༔


CMR017_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསུས་འཛིན་སེར་ནག་དྲིལ་བུ་འཛིན༔ སྐྱ་གའི་མགོ་ཅན་དུས་ལ་བབ༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ དབང་ཕྱུག་དང་སྲིང་མོའི་ཚོགས༔ དཀྱིལ་འཁོར་ཆེན་པོའི་མཐའ་ལ་གནས༔ ལེགས་ཉེས་ཀུན་གྱི་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་རྗེས་གཅོད་མ༔ འདིར་བྱོན་རྒྱན་གྱི་མཆོད་གཏོར་བཞེས༔ བསྔགས་ཤིང་བསྐུལ་པ་ང་ཡིས་བྱེད༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད༔ བཛྲ་མ་ནུ་རཀཱ་སཱི་༔ བྷྱོ༔ བྲ་ཧྥ་ཎཱི་༔ བྷྱོ༔ རོའུ་ཏྲི་མ་བྱོ༔ བྷ་ན་བྷེ་བྷྱོ༔ ཀུ་མཱ་རཱི་བྷྱོ༔ ཨིནྡྲ་མ་བྷྱོ༔ ཀཱ་ལ་མ་བྷྱོ༔ བཛྲ་བི་ཀ་ལ་མ་བྷྱོ༔ ཨ་མྲྀ་ཏཾ་བྷྱོ༔ སོའུ་མ་བྷྱོ༔ ཏ་ན་ཧཾ་བྷྱོ༔ རཀཱ་སཱི་བྷྱོ༔ བྷ་ག་ཤ་སཱི་བྷྱོ༔ ཙ་ཀ་ལ་མ་བྷྱོ༔ བཛྲ་ར་ཏྲི་མ་བྷྱོ༔ རུ་དྷི་ར་མ་བྷྱོ༔ ཨེ་ཀ་ཙ་ར་མ་སྦྱོ༔ མ་ནུ་ཧ་ར་མ་བྷྱོ༔ སི་ཏི་ཀཾ་བྷྱོ༔ བྷ་ཡ་བྷེ་བྷྱོ༔ ཀུ་ལ་མ་བྷྱོ༔ བཛྲ་མཱ་རཱ་ཎ་བྷྱོ་ཨག་ནེ་ཡེ་བྷྱོ་བྷ་རཱ་ཧི་བྷྱོ༔ ཙ་མུན་ཏྲི་བྷྱོ་ཨུ་དྷ་མ་བྷྱོ༔ བ་རུ་ཎ་བྷྱོ༔ ལམྦོ་དྷ་ར་བྷྱོ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཐུན་བྷྱོ༔ ཞེས་བསྐུལ་ཞིང་༔ གོང་དུ་དགྲ་བོའི་ལིངྒ་ཟག་རྫས་དང་བཅས་པ་ལ་འགུགས་གཞུག་དྲག་ཏུ་བྱ༔ ཐུན་གྱིས་བྲབ་སྟེ་དྲག་ཏུ་བསྐུལ་བས་ལས་ལ་མི་བྱ་བའི་དབང་མེད་དོ༔ བདག་འདྲ་


CMR017_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆེན་མཚོ་རྒྱལ་གྱིས༔ གུ་རུའི་གསུང་བཞིན་མ་ནོར་བར༔ མཁས་པ་བེ་རོ་ཙཱ་ན་ཡིས༔ ཤོག་སེར་ངོས་ལ་ཡི་གེར་བཀོད༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཆོས་བདག་བུ་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་ཁྲ་མོ་བྲག་གི་གནས་ནས་གདན་དྲངས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཕུར་པ་ཡང་གསང་བླ་མེད་ཀྱི་ཕུར་སྲུང་གིང་བཞི་དབང་ཕྱུག་མ་ཉེར་བརྒྱད་དང་བཅས་པའི་སྐུལ་བྱང་དུག་མདའ་ནག་པོ།next