Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་ལས་མཐའ་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་ལས་མཐའ་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས།next

རྡོ་རྗེ་ཕུར་པའི་ལས་མཐའ་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས།


CMR017_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་ལས་མཐའ་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་ཞེས་བྱ་བ་བཞུགས་སོ།


CMR017_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་མཁས་ཐུགས་རྗེས་གང་འདུལ་དོན་མཛད་ཅིང་༔ མ་འགགས་རང་རྩལ་ཞི་དང་ཁྲོ་གར་སྟོན༔ ཁྲོ་རྒྱལ་སྤྲུལ་པའི་ཚོགས་ལ་ཕྱག་འཚལ་ལོ༔ ལྟས་ངན་མི་མཐུན་ཆག་ཆེ་ཉམ་ང་དང་༔ དལ་ཡམས་དུས་འཁྲུག་ལྷ་འདྲེའི་གཡོས་ཆེན་ཟུག༔ རྦོད་གཏོང་རྦད་འདྲེ་ཕ་རོལ་ཕུར་ཁ་དང་༔ མདོར་ན་མི་མཐུན་རྐྱེན་རྣམས་གང་བབས་ཀྱང་༔ ལྟས་ངན་མ་ལུས་བཟློག་ཕྱིར་གཏོར་ཟློག་བསྟན༔ མནབྷ༔ ཕུར་པ་ཡང་གསང་བླ་མེད་དྲག་སྔགས་གནམ་ལྕགས་ཐོག་གི་སྤུ་གྲི་འདིའི་སྒོ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ འབྲུ་ནག་གི་ཕྱེ་ལ་དཔལ་གཏོར་ཕུར་རྩེ་གྱེན་ལ་


CMR017_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བསླངས་པ་འདྲ་བ་ཁྲུ་གང་བྱ༔ དཔལ་ཆུང་བཅུ་དང་ཀྱུ་གུས་བསྐོར༔ རྩེ་ལ་སྲིད་པའི་བྱ་ཁྱུང་གཟུགས༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་ཆ་ཚང་བ་དང་༔ སྨན་རག་ཟོར་རྫས་ལ་སོགས་རྒྱས་པར་བཤམས་ཏེ༔ ད་ལ་ཆེ་ཆུང་གང་ཡང་རུང་བ་ལ༔ མ་ཏྲཾ་སྔོ་སྐྱ་ཡན་ལག་བརྒྱད་པའི་ལྟོ་དཀྱིལ་དུ༔ ཨེ་མཐིང་ནག་ཟླ་གམ་དམར་པོ་འཁོར་ལོ་རྩིབས་བཅུ་བྲིས་པའི་སྟེང་དུ་བཞག༔ གཏོར་མའི་འོག་ཏུ་དགྲ་བོའི་ལིངྒ་མིང་རུས་བླ་དག་ཟག་རྫས་དང་བཅས་པ་བཏིང་༔ དེའི་སྟེང་དུ་ཉ་བོ་བཅུ་ཁྲག་གིས་སྦགས་པ་ཡང་བཤམས༔ ཨེ་ཡི་གདན་ལ་སྲས་མཆོག་གི་ཕུར་པ་དར་གྱི་ཅོད་པན་ཅན་བཞུགས་སུ་གསོལ༔ ལས་བྱང་གི་གཞུང་རྒྱས་པར་རྫོགས་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་


CMR017_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་ནས༔ མ་བཅོས་རྫོགས་པའི་རྡོ་རྗེ་གཞོན་ནུ་ནི༔ དབུ་གསུམ་ཕྱག་དྲུག་མཐིང་ནག་ཞབས་བཞི་བསྒྲད༔ ཞལ་གཡས་དཀར་པོ་གྱེན་དུ་གཟིགས་པ་ནི༔ སྟེང་གི་ལྷ་རྣམས་མ་ལུས་དབང་དུ་སྡུད༔ ལྷ་ཡི་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ ཞལ་གཡོན་དམར་པོ་ཐུར་དུ་གཟིགས་པ་ནི༔ འོག་གི་ཀླུ་རྣམས་མ་ལུས་དབང་དུ་སྡུད༔ ཀླུ་ཡི་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ ཞལ་དབུས་མཐིང་ནག་ཕྱོགས་བཅུར་གཟིགས་པ་ནི༔ ཕྱོགས་སྐྱོང་སྡེ་བརྒྱད་ཐམས་ཅད་དབང་དུ་སྡུད༔ སྡེ་བརྒྱད་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ་ཡིས༔ སྲིད་པ་གསུམ་ཡང་དབང་དུ་སྡུད་པར་བྱེད༔ སྣང་སྲིད་གཡོ་འགུལ་སྡང་བའི་དགྲ་ལ་ཟློག༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས༔ ས་དགུའི་རྟོག་པ་རྩད་ནས་གཅོད་པར་བྱེད༔ ཆོས་ཀྱི་བདེན་པ་སྡང་བའི་དགྲ་ལ་ཟློག༔ བར་པས་རྡོ་རྗེ་རྩེ་ལྔ་གདེངས་པ་ཡིས༔ རྒྱུད་ལྔའི་སེམས་ཅན་གནས་ནས་འདྲེན་པར་བྱེད༔ ཉོན་མོངས་དུག་ལྔ་སྡང་བའི་དགྲ་ལ་ཟློག༔ ཕྱག་གཡོན་ཡེ་ཤེས་མེ་དཔུང་འབར་བ་ནི༔ སྡུག་བསྔལ་འཁོར་བའི་བག་ཆགས་སྲེག་པར་


CMR017_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད༔ མ་རིག་འཁྲུལ་འཁོར་སྡང་བའི་དགྲ་ལ་ཟློག༔ བར་པས་ཁཊཾ་རྩེ་གསུམ་བསྣམས་པ་ནི༔ ཁམས་གསུམ་འཁོར་བ་རྩད་ནས་གཅོད་པར་བྱེད༔ ཁམས་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ་ནི༔ ཁམས་གསུམ་སྲིད་གསུམ་གཡོ་ཞིང་འགུལ་བར་བྱེད༔ སྣང་སྲིད་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ ཞབས་བཞི་འདོར་སྟབས་ཐུར་དུ་བསྐྲད་པ་ནི༔ དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད༔ རུ་ཏྲའི་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ རྡོ་རྗེའི་གཤོག་པས་ནམ་མཁའ་ཁེབས་པ་ནི༔ གཟའ་དང་རྒྱུ་སྐར་དབང་དུ་སྡུད་པར་བྱེད༔ མི་མཐུན་གདུག་རྩུབ་སྡང་བའི་དགྲ་ལ་ཟློག༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ་ནི༔ མ་ས་མོ་མཁའ་འགྲོ་དབང་དུ་སྡུད་པར་བྱེད༔ སྣང་སྲིད་མ་མོའི་ཆོ་འཕྲུལ་དགྲ་ལ་ཟློག༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མ༔ སྣང་སྲིད་འཁོར་འདས་མ་ལུས་སྐྱེད་པའི་ཡུམ༔ སྣང་སྲིད་འཁྲུལ་འཁོར་སྡང་བའི་དགྲ་ལ་ཟློག༔ ཧཱུྃ༔ སྟེང་གི་ཕྱོགས་ནས་ཁྲོ་ཆེན་ཧཱུྃ་ཀཱ་ར༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ ཚངས་པའི་དམག་ཚོགས་ཟློག་ཅིང་


CMR017_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་སྒྱུར༔ ཤར་གྱི་ཕྱོགས་ནས་ཁྲོ་ཆེན་རྣམ་པར་རྒྱལ༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ དྲི་ཟའི་གདོན་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ ཤར་ལྷོ་མཚམས་ནས་ཁྲོ་ཆེན་དབྱུག་སྔོན་རྒྱལ༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ མེ་ལྷའི་དམག་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ ལྷོ་ཡི་ཕྱོགས་ནས་གཤིན་རྗེའི་གཤེད་ཆེན་པོ༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ གཤིན་རྗེའི་དམག་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ ལྷོ་ནུབ་མཚམས་ནས་ཁྲོ་རྒྱལ་མི་གཡོ་མགོན༔ དམ་ཉམས་དགྲ་བོའི་ཤ་ཁྲག་ལ་འདི་རོལ༔ སྲིན་པོའི་དམག་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ ནུབ་ཀྱི་ཕྱོགས་ནས་ཁྲོ་རྒྱལ་རྟ་མགྲིན་རྒྱལ༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ ཀླུ་ཡི་གདོན་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ ནུབ་བྱང་མཚམས་ནས་ཁྲོ་ཆེན་འདོད་པའི་རྒྱལ༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ རླུང་ལྷའི་དམག་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ བྱང་གི་ཕྱོགས་ནས་ཁྲོ་ཆེན་བདུད་རྩི་འཁྱིལ༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ གནོད་སྦྱིན་དམག་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ བྱང་ཤར་མཚམས་ནས་ཁྲོ་རྒྱལ་ཁམས་


CMR017_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ དབང་ལྡན་དམག་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ འོག་གི་ཕྱོགས་ནས་ཁྲོ་ཆེན་སྟོབས་པོ་ཆེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ས་བདག་དམག་ཚོགས་ཟློག་ཅིང་དགྲ་ལ་སྒྱུར༔ སྟེང་ཕྱོགས་ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་འདི་ལ་རོལ༔ སྟེང་གི་ཕྱོགས་ནས་དགྲ་བགེགས་སྒྲོལ་ཞིང་ཟློག༔ ཤར་ཕྱོགས་ཁྲོ་མོ་རྡོ་རྗེ་སྙེམས་མ་ཡིས༔ དམ་ཉམས་དགྲ་བགེགས་ཀླད་ཁྲག་འདི་ལ་རོལ༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ ཤར་ལྷོའི་ཁྲོ་མོ་རྡོ་རྗེ་སྡེར་མོ་ཡིས༔ དམ་ཉམས་དགྲ་བགེགས་ཀླད་ཁྲག་འདི་ལ་རོལ༔ ཤར་ལྷོའི་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཕྱོགས་ཁྲོ་མོ་དུར་ཁྲོད་བདག་མོ་ཡིས༔ དམ་ཉམས་དགྲ་བགེགས་ཀླད་ཁྲག་འདི་ལ་རོལ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ ལྷོ་ནུབ་ཁྲོ་མོ་རྡོ་རྗེ་གཏུན་ཁུང་མས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་འདི་ལ་རོལ༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ ནུབ་ཕྱོགས་ཁྲོ་བོ་རྡོ་རྗེ་གཏུམ་མོ་ཡིས༔ དམ་ཉམས་དགྲ་བོའི་ཀླད་


CMR017_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འདི་ལ་རོལ༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ ནུབ་བྱང་ཁྲོ་མོ་རྡོ་རྗེ་མདའ་སྙེམས་མས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་འདི་ལ་རོལ༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ བྱང་ཕྱོགས་ཁྲོ་མོ་རྡོ་རྗེ་རླུང་འབྱིན་མས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་འདི་ལ་རོལ༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ བྱང་ཤར་ཁྲོ་མོ་རྡོ་རྗེ་གསོད་བྱེད་མས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་འདི་ལ་རོལ་ལ༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ འོག་ཕྱོགས་ཁྲོ་མོ་རྡོ་རྗེ་སྐུལ་བྱེད་མས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་འདི་ལ་རོལ༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་ཟློག༔ རྡོ་རྗེ་ཕྲ་མེན་ཕག་གི་མགོ་བོ་ཅན༔ ཀླད་ཁྲག་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ ཕྲིན་ལས་སྟེང་གི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་སྟག་གི་མགོ་བོ་ཅན༔ ཏི་ར་བམ་ཆེན་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ ཕྲིན་ལས་ཤར་གྱི་


CMR017_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་གཡག་གི་མགོ་བོ་ཅན༔ རྒྱུ་མ་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པའི༔ ཕྲིན་ལས་ཤར་ལྷོའི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་ཤ་བའི་མགོན་པོ་ཅན༔ ཞིང་ཆེན་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པའི༔ ཕྲིན་ལས་ལྷོ་ཡི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་གཟིག་གི་མགོ་བོ་ཅན༔ ཙིཏྟ་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པའི༔ ཕྲིན་ལས་ལྷོ་ནུབ་དགྲ་བལྟ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་བྱི་ལའི་མགོ་བོ་ཅན༔ ཀླད་ཁྲག་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པའི༔ ཕྲིན་ལས་ནུབ་ཀྱི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་སྤྱང་ཀིའི་མགོ་བོ་ཅན༔ ཤ་ཆེན་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་


CMR017_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ ཕྲིན་ལས་ནུབ་བྱང་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་སེང་གེའི་མགོ་བོ་ཅན༔ ཞིང་ཆེན་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པའི༔ ཕྲིན་ལས་བྱང་གི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་དོམ་གྱི་མགོ་བོ་ཅན༔ གློ་སྙིང་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ ཕྲིན་ལས་བྱང་ཤར་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་དྲེད་ཀྱི་མགོ་བོ་ཅན༔ ཡན་ལག་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ ཕྲིན་ལས་འོག་གི་དགྲ་བགེགས་བཟློག་ཏུ་གསོལ༔ བྷྱོ༔ བྱ་རྒོད་མགོ་ཅན་མགྱོགས་པའི་གཟུགས༔ སྐད་ཅིག་ཉིད་ལ་དགྲ་བགེགས་སྒྲོལ༔ ཤར་གྱི་དགྲ་བགེགས་ཟློག་ཅིང་སྒྱུར༔ བྱ་རོག་མགོ་ཅན་རིག་པའི་རྒྱལ༔ དགྲ་བོའི་བླ་སྲོག་ཐབས་ཀྱིས་འགུགས༔ ཤར་ལྷོའི་དགྲ་


CMR017_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཟློག་ཅིང་སྒྱུར༔ འུག་པའི་མགོ་ཅན་ཤེས་རབ་ཅན༔ ཉམས་པའི་དགྲ་བོ་ཐབས་ཀྱིས་སྒྲོལ༔ ལྷོ་ཡི་དགྲ་བགེགས་ཟློག་ཅིང་སྒྱུར༔ ཁྭ་ཏའི་མགོ་ཅན་སྒྲིབ་ཤིང་ཅན༔ རྫུ་འཕྲུལ་སྟོབས་ཀྱིས་དགྲ་བགེགས་སྒྲོལ༔ ལྷོ་ནུབ་དགྲ་བགེགས་ཟློག་ཅིང་སྒྱུར༔ པུ་ཤུད་མགོ་ཅན་མིག་རྩི་ཅན༔ དགྲ་བོའི་བླ་འཁྱམས་མྱུར་དུ་འགུགས༔ ནུབ་ཀྱི་དགྲ་བགེགས་ཟློག་ཅིང་སྒྱུར༔ ཁྲ་ཡི་མགོ་ཅན་མགྱོགས་པའི་ཤུགས༔ དགྲ་སྲོག་སྐད་ཅིག་ཉིད་ལ་གཅོད༔ ནུབ་བྱང་དགྲ་བགེགས་ཟློག་ཅིང་སྒྱུར༔ ཕ་ཝང་མགོ་ཅན་ཐབས་ལ་མཁས༔ དགྲ་བགེགས་བླ་ཚེ་འགུགས་ལ་བརྩོན༔ བྱང་གི་དགྲ་བགེགས་ཟློག་ཅིང་སྒྱུར༔ སྲེ་མོང་མགོ་ཅན་ཡང་རྩལ་ཅན༔ དགྲ་སྲོག་ཁུག་ནས་འཆོར་མི་སྲིད༔ བྱང་ཤར་དགྲ་བགེགས་ཟློག་ཅིང་སྒྱུར༔ སྨྱུག་བུའི་མགོ་ཅན་མཁའ་ལ་སྤྱོད༔ དགྲ་བགེགས་སྒྲོལ་བའི་ལས་ལ་བརྩོན༔ སྟེང་གི་དགྲ་བགེགས་ཟློག་ཅིང་སྒྱུར༔ བྱི་བའི་མགོ་ཅན་ལས་ལ་བརྩོན༔ དགྲ་བོའི་བླ་སྲོག་སྦྱོར་གྱི་འཛིན༔ འོག་གི་དགྲ་བགེགས་ཟློག་ཅིང་སྒྱུར༔ བྷྱོ༔ ཤར་གྱི་སྒོ་བ་པུ་ཤུད་མགོ༔ དགྲ་བོའི་སྙིང་ནས་ལྕགས་ཀྱུས་བཟུང་༔


CMR017_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྱི་དགྲ་བགེགས་ཐམས་ཅད་ཟློག༔ ལྷོ་ཡི་སྒོ་བ་སྐྱ་ཀའི་མགོ༔ དགྲ་བོ་ཞགས་པས་འཆིང་བར་བྱེད༔ ལྷོ་ཡི་དགྲ་བགེགས་ཐམས་ཅད་ཟློག༔ ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ༔ དགྲ་བགེགས་ལྕགས་སྒྲོག་སྡོམ་པར་བྱེད༔ ནུབ་ཀྱི་དགྲ་བགེགས་ཐམས་ཅད་ཟློག༔ བྱང་གི་སྒོ་བ་ཁྲ་ཡི་མགོ༔ དགྲ་བགེགས་དྲིལ་བུའི་མྱོས་ཤིང་འཕུལ༔ བྱང་གི་དགྲ་བགེགས་ཐམས་ཅད་ཟློག༔ ཤར་གྱི་སྲས་མཆོག་བཛྲ་ཀཱི་ལ་ཡ༔ དམ་ཉམས་དགྲ་བགེགས་ལྕགས་ཀྱུས་འདེབས་ཤིང་བཟུང་༔ ཤར་གྱི་དགྲ་བགེགས་ཐམས་ཅད་ཞི་བས་ཟློག༔ ལྷོ་ཡི་སྲས་མཆོག་རཏྣ་ཀཱི་ལ་ཡ༔ དམ་ཉམས་དགྲ་བགེགས་ཞགས་པས་འཆིང་ཞིང་འདེབས༔ ལྷོ་ཡི་དགྲ་བགེགས་ཐམས་ཅད་རྒྱས་པས་ཟློག༔ ནུབ་ཀྱི་སྲས་མཆོག་༈ པདྨ་ཀཱི་ལ་ཡ༔ དམ་ཉམས་དགྲ་བགེགས་ལྕགས་སྒྲོག་འབར་བས་སྡོམ༔ ནུབ་ཀྱི་དགྲ་བགེགས་ཐམས་ཅད་དབང་གིས་ཟློག༔ བྱང་གི་སྲས་མཆོག་ཀརྨ་ཀཱི་ལ་ཡ༔ དམ་ཉམས་དགྲ་བགེགས་དྲིལ་བུས་མྱོས་ཤིང་འཕུལ༔ བྱང་གི་དགྲ་བགེགས་ཐམས་ཅད་དྲག་པོས་ཟློག༔ ཧཱུྃ༔ ནམ་ནི་སྲོད་ཀྱི་དམ་ཅན་ཕོ་ཉ་མོ༔ ལྕགས་ཀྱི་སྤྱང་མོ་མི་བཟད་རྔམས་པ་


CMR017_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ འཇིགས་པའི་མི་མོ་ལྕགས་ཀྱི་མགོ་ཅན་ཞོན༔ ཕྱག་ན་ལྕགས་ཀྱི་ཕུར་པ་དགྲ་ལ་འདེབས༔ ཤྭ་ན་མུ་ཁ་ཆེན་མོའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་ཞིང་ཟློག་པའི་ཕྲིན་ལས་མཛོད༔ གསེར་གྱི་འཕར་བ་འཇིགས་པའི་ལྕེ་བརྒྱད་མ༔ དེ་ལ་མི་མོ་གསེར་གྱི་མགོ་ཅན་ཞོན༔ ཕྱག་ན་གསེར་གྱི་ཕུར་པ་དགྲ་ལ་འདེབས༔ སྲི་ལ་མུ་ཁ་ཆེན་མོའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་ཞིང་ཟློག་པའི་ཕྲིན་ལས་མཛོད༔ ཟངས་ཀྱི་ཝ་མོ་རྒྱུག་པའི་རྐང་གསུམ་མ༔ འཇིགས་པའི་མ་མོ་ཟངས་ཀྱི་མགོ་ཅན་ཞོན༔ ཟངས་ཕུར་འདྲིལ་ཞིང་དགྲ་བོའི་སྙིང་ལ་འདེབས༔ ཤྭ་ན་མུ་ཁ་ཆེན་མོའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་ཞིང་ཟློག་པའི་ཕྲིན་ལས་མཛོད༔ གཡུ་ཡི་ཁྱི་མོ་མི་བཟད་རལ་པ་ཅན༔ གསོད་བྱེད་མི་མོ་གཡུ་ཡི་མགོ་ཅན་ཞོན༔ གཡུ་ཡི་ཕུར་པ་འདྲིལ་ཞིང་དགྲ་ལ་འདེབས༔ རབ་འཇིགས་སྲི་ལ་མུ་ཁའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་ཞིང་ཟློག་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ནམ་ནི་གུང་གི་ལས་བྱེད་དམ་ཅན་མ༔ སྲིད་པའི་མ་མོ་རལ་པས་སྟོང་ཁམས་ཁྱབ༔ ཕྱག་ན་མཆོང་གི་ཕུར་པ་འདྲིལ་ཞིང་འདེབས༔ ཆིབས་སུ་དྲེལ་རྟ་རྐང་


CMR017_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མགྱོགས་ལ་ཆིབས༔ འཇིགས་བྱེད་རེ་མ་ཏི་ཡི་དུས་ལ་བབ༔ ལྟས་ངན་སྣ་ཚོགས་སྡང་བའི་དགྲ་ལ་ཟློག༔ སེར་ནག་བརྗིད་པ་རྨ་བྱའི་ཐུལ་པ་ཅན༔ གསེར་གྱི་ཟོར་བས་ལོ་ཏོག་ཕྱགས་མས་འདེབས༔ ཆིབས་སུ་གསེར་ཤ་ཡུ་མོ་མགྱོགས་ལ་ཆིབས༔ ཟ་བྱེད་རེ་མ་ཊི་ཡི་དུས་ལ་བབ༔ ཆག་ཆེ་ཉམ་ང་སྡང་བའི་དགྲ་ལ་ཟློག༔ དམར་ནག་སྐུ་ལ་བཙོས་དམར་ལའུ་གསོལ༔ ཁྲམ་བམ་ལྕགས་ཀྱུས་དགྲ་བགེགས་ཐར་བར་རློགས༔ ཆིབས་སུ་བརྗིད་པའི་ཆུ་གླང་སྔོན་པོ་ཆིབས༔ ཕུང་བྱེད་རེ་མ་ཛ་ཡི་དུས་ལ་བབ༔ རྨི་ལམ་མཚན་ལྟས་ངན་པ་དགྲ་ལ་ཟློག༔ ལྗང་ནག་སྐུ་ལ་དར་ནག་གོ་ཟུ་གསོལ༔ ཕྱག་ན་ཁྲམ་བམ་ནད་ཀྱི་རྐྱལ་པ་ཐོགས༔ ཆིབས་སུ་ལྟས་ངན་རྔ་མོང་གུ་པ་ཆིབས༔ ལས་མཁན་རེ་མ་ཛུ་ཡི་དུས་ལ་བབ༔ རིམས་ནད་དལ་ཡམས་སྡང་བའི་དགྲ་ལ་ཟློག༔ ཧཱུྃ༔ ནམ་ནི་ཐོ་རེངས་དུས་ཀྱི་ལས་མཁན་མ༔ མཐིང་ནག་རལ་པ་ལྕགས་ཀྱི་ཕུར་པས་ཁེབས༔ ཕྱག་ན་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ སྲིད་པའི་བདུད་རྟ་ནག་པོ་ཆིབས་སུ་ཆིབས༔ རྡོ་རྗེ་ཡ་བྱིན་ཆེན་པོ་དུས་ལ་བབ༔ སྲིད་པ་མ་མོའི་ཁྲམ་དལ་དག་


CMR017_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟློག༔ སེར་མོ་གསེར་ཕུར་རལ་པས་བར་སྣང་ཁྱབ༔ ཕྱག་ན་གསེར་ཕུར་ཞགས་པས་འཆིང་ཞིང་འདེབས༔ གཟའ་རྟ་དམར་པོ་མེ་འབར་ཆིབས་སུ་ཆིབས༔ རྡོ་རྗེ་དེ་བྱིན་འཇིགས་པའི་དུས་ལ་བབ༔ ལྟས་ངན་ཕུང་དལ་སྣ་ཚོགས་དགྲ་ལ་ཟློག༔ དམར་མོ་བསྲེ་བྱིན་བསྲེ་ཡི་རལ་པ་ཅན༔ ལྕགས་ཀྱུས་བཟུང་ནས་སེང་ལྡེང་ཕུར་པས་འདེབས༔ གློག་དམར་ཤུགས་ཅན་འཇིགས་པའི་རྟ་ལ་ཆིབས༔ རྡོ་རྗེ་བསྲེ་བྱིན་ལས་མཁན་དུས་ལ་བབ༔ མཚོན་དང་དུག་རླངས་སྡང་བའི་དགྲ་ལ་ཟློག༔ མཐིང་ནག་འབར་བའི་རལ་པ་སྤྲིན་ལྟར་གཏིབས༔ མི་ཡི་མཆོག་ཕུར་ཞགས་པས་དགྲ་བགེགས་འཆིང་༔ ཀླུ་རྟ་སྔོན་པོ་རླུང་གི་ཤུགས་ཅན་ཆིབས༔ རྡོ་རྗེ་ཕྱག་བྱིན་མཐུ་ཆེན་དུས་ལ་བབ༔ ལྟས་ངན་ཡེ་འདྲོག་སྡང་བའི་དགྲ་ལ་ཟློག༔ ཧཱུྃ༔ ཤར་ཕྱོགས་སྲིན་པོའི་སྐྱེས་བུ་ནི༔ དཀར་པོ་ཕྱག་ན་ཕུར་པ་འདྲིལ༔ དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ ཆོད་གཏོང་རྦད་འདྲེ་དགྲ་ལ་ཟློག༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུ་ནི༔ ནག་པོ་ཕྱག་ན་ཕུར་པ་འདྲིལ༔ དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ ཕུར་ཁ་ཟོར་ཁ་དགྲ་ལ་ཟློག༔ ནུབ་ཕྱོགས་བདུད་ཀྱི་


CMR017_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ནི༔ དམར་པོ་ཕྱག་ན་ཕུར་པ་འདྲིལ༔ དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ ཆག་ཆེ་ཉམ་ང་དགྲ་ལ་ཟློག༔ བྱང་ཕྱོགས་གནོད་སྦྱིན་སྐྱེས་བུ་ནི༔ སྔོན་པོ་ཕྱག་ན་ཕུར་པ་འདྲིལ༔ དགྲ་བོའི་ཤ་ཁྲག་འདི་ལ་རོལ༔ དལ་ཁ་ཡམས་ནད་དགྲ་ལ་ཟློག༔ ཧཱུྃ༔ ཤར་བདུད་དཀར་པོ་མཆེ་བ་ཅན༔ ཕྱག་ན་དུང་གི་ཕུར་པ་འདྲིལ༔ ཤར་གྱི་སྐྱེས་བུའི་དུས་ལ་བབ༔ ལྟས་ངན་བརྒྱད་ཅུ་དགྲ་ལ་ཟློག༔ ལྷོ་བདུད་སྔོན་པོ་རལ་པ་ཅན༔ ཕྱག་ན་གཡུ་ཡི་ཕུར་པ་འདྲིལ༔ ལྷོ་ཡི་སྐྱེས་བུའི་དུས་ལ་བབ༔ ཡེ་འདྲོག་སུམ་བརྒྱ་དགྲ་ལ་ཟློག༔ ནུབ་བདུད་ནག་པོ་ཞགས་པ་ཅན༔ ཕྱག་ན་ཞགས་པ་ཕུར་པ་འདྲིལ༔ ནུབ་ཀྱི་སྐྱེས་བུའི་དུས་ལ་བབ༔ གློ་བུར་བརྒྱད་ཅུ་དགྲ་ལ་ཟློག༔ བྱང་བདུད་ལྗང་ནག་རལ་གྲི་ཅན༔ ཕྱག་ན་རལ་གྲི་ཕུར་པ་འདྲིལ༔ བྱང་ཕྱོགས་སྐྱེས་བུའི་དུས་ལ་བབ༔ དུས་མིན་འཆི་བ་དགྲ་ལ་ཟློག༔ ཧཱུྃ༔ པྲ་མ་རཱ་ཙ་སྲིན་པོའི་གིང་༔ དཀར་པོ་ཕྱག་ན་ཕུར་པ་འདྲིལ༔ ཤར་གྱི་གིང་ཆེན་དུས་ལ་བབ༔ མ་མོའི་དལ་ཡམས་དགྲ་ལ་ཟློག༔ ཡ་མ་རཱ་ཙ་གཤིན་རྗེའི་གིང་༔ སེར་པོ་ཕྱག་ན་ཕུར་པ་འདྲིལ༔ ལྷོ་ཡི་གིང་ཆེན་དུས་ལ་


CMR017_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བབ༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཟློག༔ དྷ་ཤ་གི་ཝ་བདུད་ཀྱི་གིང་༔ དམར་པོ་ཕྱག་ན་ཕུར་པ་འདྲིལ༔ ནུབ་ཀྱི་གིང་ཆེན་དུས་ལ་བབ༔ ཀླུ་ཡི་གཏོང་རིགས་དགྲ་ལ་ཟློག༔ ཡཀྵ་བྷི་ཝ་གནོད་སྦྱིན་གིང་༔ སྔོན་པོ་ཕྱག་ན་ཕུར་པ་འདྲིལ༔ བྱང་གི་གིང་ཆེན་དུས་ལ་བབ༔ གཟའ་ཡི་ཀིང་ཀང་དགྲ་ལ་ཟློག༔ ཧཱུྃ༔ དགེ་བསྙེན་ཉི་ཤུ་རྩ་གཅིག་ནི༔ ཤ་ཁྲག་སྲོག་ལ་ལོངས་སྤྱོད་ཅིང་༔ དགྲ་བགེགས་སྒྲོལ་བའི་ལས་ལ་བརྩོན༔ ལྷ་འདྲེའི་གཡོས་ཆེན་དགྲ་ལ་ཟློག་ཧཱུྃ༔ སྨུག་ནག་གཡག་གི་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་ཤ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་སེར་སྦྲུལ་གྱི་མགོ་བོ་ཅན༔ ཕྱག་ན་སྤུ་གྲི་ཁྱུ་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་ཁྲག་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དཀར་དམར་སྲེ་མོང་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བནྡ་བསྣམས༔ དམ་ཉམས་དགྲ་བོའི་པགས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སེར་ནག་ཕ་ཝང་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་རུས་ལ་རོལ༔ ཟློག་


CMR017_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྒྱུར་བའི་དུས་ལ་བབ༔ དམར་སེར་དྲེད་ཀྱི་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷན་དམར་ཐོགས༔ དམ་ཉམས་དགྲ་བོའི་རྒྱུས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་སེར་དོམ་གྱི་མགོ་བོ་ཅན༔ ཕྱག་ན་དབྱུག་ཐོ་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་སྙིང་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སྔོ་ནག་ཆུ་སྲིན་མགོ་བོ་ཅན༔ ཕྱག་ན་བམ་རིལ་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་དབུགས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སྔོ་སྐྱ་སྡིག་པའི་མགོ་བོ་ཅན༔ ཕྱག་ན་གློ་སྙིང་བྷནྡྷ་བསྣམས་དམ་ཉམས་དགྲ་བོའི་སྲོག་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སེར་ནག་ཁྲ་ཡི་མགོ་བོ་ཅན༔ ཕྱག་ན་བེ་ཅོན་དུང་དམར་བསྣམས༔ དམ་ཉམས་དགྲ་བོའི་གློ་སྙིང་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ མཐིང་ནག་སྟག་གི་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷན་བསྣམས༔ དགྲ་བོའི་རྒྱུ་ཁྲག་ལོང་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་ནག་བྱ་རྒོད་མགོ་བོ་ཅན༔ ཕྱག་ན་ལྕགས་སྒྲོག་བྷན་དམར་བསྣམས༔ དགྲ་བོའི་དབང་པོ་ལྔ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་ནག་རྟ་


CMR017_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མགོ་བོ་ཅན༔ ཕྱག་ན་རྡོར་དབྱུག་བྷན་བསྣམས༔ དགྲ་བོའི་ཕུང་པོ་ལྔ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་སེར་བྱི་ལིའི་མགོ་བོ་ཅན༔ ཕྱག་ན་སྤུ་གྲི་བྷན་བསྣམས༔ དམ་ཉམས་དགྲ་བོའི་བླ་ཚེ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སེར་ནག་གཟིག་གི་མགོ་བོ་ཅན༔ ཕྱག་ན་རྡོར་དབྱུག་བྷན་དམར་བསྣམས༔ དགྲ་བོའི་ཁམས་ཆེན་བཅོ་བརྒྱད་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་སེར་ཁྱུང་གི་མགོ་བོ་ཅན༔ ཕྱག་ན་རྡོ་རྗེ་བྷན་དམར་བསྣམས༔ དགྲ་བོའི་སྐྱེ་མཆེད་བཅུ་གཉིས་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་ནག་ཁྱི་ཡི་མགོ་བོ་ཅན༔ ཕྱག་ན་ཙིཏྟ་བྷན་དམར་བསྣམས༔ དགྲ་བོའི་རྣམ་ཤེས་ཚོགས་བརྒྱད་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དཀར་དམར་པུ་ཤུད་མགོ་བོ་ཅན༔ ཕྱག་ན་པདྨ་བྷན་དམར་བསྣམས༔ དགྲ་བོའི་ཡན་ལག་ལྔ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ ལྗང་སེར་ཤ་བའི་མགོ་བོ་ཅན༔ ཕྱག་ན་ཞིང་ཆེན་བྷན་དམར་བསྣམས༔ དགྲ་བོའི་སྙིང་ཁྲག་རྩ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་ནག་ཁྭ་ཏའི་མགོ་


CMR017_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཅན༔ ཕྱག་ན་རྗེའུ་ཆུང་བྷན་དམར་བསྣམས༔ དམ་ཉམས་དགྲ་བོའི་མགོ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ ལྗང་ནག་སྲིན་བྱའི་མགོ་བོ་ཅན༔ ཕྱག་ན་རྒྱུ་ཞགས་བྷན་དམར་བསྣམས༔ ཕུང་ཐལ་སྣ་ཚོགས་དགྲ་ལ་ཕོབ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་སེར་ཕག་གི་མགོ་བོ་ཅན༔ ཕྱག་ན་རྩེ་ལྔ་བྷན་དམར་བསྣམས༔ མཛེ་རིགས་བཅོ་བརྒྱད་དགྲ་ལ་ཕོབ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སེར་ནག་ལྟུང་ཀའི་མགོ་བོ་ཅན༔ ཕྱག་ན་རྒྱུ་ཞགས་བྷན་དམར་བསྣམས༔ བསྙོ་བའི་ཉེས་ལྔ་དགྲ་ལ་ཕོབ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ ལྗང་ནག་བ་ལང་མགོ་བོ་ཅན་ཕྱག་ན་ཞིང་བམ་བྷན་དམར་བསྣམས༔ མཚོན་འཁྲུག་ལྕེབ་གྲི་དགྲ་ལ་ཕོབ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སྔོ་སྐྱ་བྱ་རོག་མགོ་བོ་ཅན༔ ཕྱག་ན་ཟངས་གྲི་བྷན་དམར་བསྣམས༔ དུས་འཁྲུག་མཚོན་ཆ་དགྲ་ལ་ཐོང་༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ ནག་མོ་ཁུ་བྱུག་མགོ་བོ་ཅན༔ ཕྱག་ན་ལྕགས་ཀྱུ་བྷན་དམར་བསྣམས༔ དལ་ཡམས་སྣ་ཚོགས་དགྲ་ལ་ཕོབ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ སྔོན་མོ་ར་ཡི་མགོ་བོ་ཅན༔ ཕྱག་ན་ཞགས་


CMR017_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུང་དམར་བསྣམས༔ དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དམར་མོ་སྤྲེའུའི་མགོ་བོ་ཅན༔ ཕྱག་ན་ལྕགས་སྒྲོག་སྙན་དམར་བསྣམས༔ ལས་ངན་སྣ་ཚོགས་དགྲ་ལ་ཐོང་༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ ལྗང་ནག་སྤྱང་མོའི་མགོ་བོ་ཅན༔ ཕྱག་ན་དྲིལ་བུ་བྷན་དམར་བསྣམས༔ གཏད་ཁྲལ་སེལ་ངན་དགྲ་ལ་ཐོང་༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ དཀྱིལ་འཁོར་མུ་རིན་སྐྱོང་མཛད་པའི༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་ཤིང་༔ དགྲ་བགེགས་སྒྲོལ་བར་དམ་བཅས་པའི༔ ཁས་བླངས་དམ་བཅས་མི་གཡེལ་བར༔ བཅོལ་བའི་ལས་རྣམས་མཐུ་མ་ཆུང་ཨུཏྟཱ་གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ བརྣག་པའི་དགྲ་བགེགས་ཐམས་ཅད་སྒྲོལ༔ ཕ་རོལ་རྦོད་གཏོང་རྦད་འདྲེ་ཟློག༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག༔ ཟློག་ཅིང་སྒྱུར་བའི་ལས་མཛོད་ཅིག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློབ༔ གློ་བུར་དགུ་བཅུ་རྩ་གཅིག་ཟློབ༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ བཞི་བརྒྱ་རྩ་


CMR017_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ནད་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག༔ རྨི་ལམ་མཚན་ལྟས་ངན་པ་ཟློག༔ རྦོད་གཏོང་རྦད་འདྲེ་ཐམས་ཅད་ཟློག༔ བྱད་ཟོར་གཏད་ཁ་ཐམས་ཅད་ཟློག༔ ལྷ་འདྲེའི་དལ་ཁ་བབ་པ་ཟློག༔ གནམ་ལ་བྱ་རྒོད་སྡེར་འཛིངས་ཟློག༔ ས་ལ་གཅན་གཟན་མཆེ་འཛིངས་ཟློག༔ ཡུལ་དུ་ཝ་སྤྱང་ངུ་བ་ཟློག༔ འུག་པས་ཧ་ཧ་དགོད་པ་ཟློག༔ སྲིན་བྱས་རོ་བྱུང་ཟེར་བ་ཟློག༔ སྲོད་ལ་ཁྱིམ་བྱས་འབོད་པ་ཟློག༔ ནམ་གུང་འོག་རྟ་འཚེར་བ་ཟློག༔ ཐོ་རངས་སྒོ་ཁྱི་དུ་བ་ཟློག༔ སྟེང་ནས་གཟའ་སྐར་དལ་ཁ་ཟློག༔ འོག་ནས་ཀླུ་ཡི་གཏོང་རིང་ཟློག༔ བར་ནས་སྡེ་བརྒྱད་གཡོས་པ་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དམ་ཉམས་དགྲ་ལ་སྒྱུར༔ ཞེས་ཟློག་བསྐུལ་དྲག་ཏུ་བཏང་ལ༔ དེ་ནས་གདབ་ལས་བྱ་བ་ནི༔ བདག་ཉིད་ཤྲཱི་ཀུ་མཱ་རར་གསལ་བ༔ ཕྱོགས་བཅུ་ཁྲོ་བོ་བཅུའི་དཀྱིལ་འཁོར་དུ་གསལ་བ༔ སྲས་མཆོག་ཁྲོ་བོ་འདུས་པའི་ཕྱག་མཚན་དུ་གསལ་བ་གསུམ་གྱིས༔ ལིངྒ་དང་ཉ་བོ་མདུན་དུ་ཁྲག་གིས་སྦགས་ལ༔ ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ༔ བདག་གི་ཐུགས་ཀ་ནས་ཡི་གེ་བཞི་སྤྲོས་ཏེ༔ ཕུར་པའི་སྲུང་མ་རྣམས་རང་དབང་མེད་པར་ལས་ལ་བཙུད་པས༔ ཤ་ཁྱིས་


CMR017_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རི་དྭགས་མཐོང་བ་ལྟར་དགྲ་བོ་བླ་དང་བཅས་པ༔ ལྕགས་ཀྱུས་སྙིང་ནས་བཟུང་༔ ཞགས་པས་མགུལ་ནས་བཅིངས༔ ལྕགས་སྒྲོག་གིས་ཡན་ལག་བསྡོམས། དྲིལ་བུ་ཅན་གྱིས་རྒྱབ་ནས་འཕུར་ནས༔ རང་དབང་མེད་པར་ཉ་བོ་ལ་བསྟིམ་ཞིང་༔ ལས་བྱང་གི་བབ་བརྒྱད་བསྐུལ༔ ཕོ་ཉ་བསྐུལ་བྱང་སོགས་ལོགས་ནས་འབྱུང་བ་ལྟར་དྲག་ཏུ་རྦད༔ སྒོམ་ཁོག་དང་སྒྲུབ་ཁོག་ལས་འབྱུང་བ་ལྟར༔ ཚེ་ལུང་ཁྲུས་ལུང་དགོངས་པས་གནོད་ནས་གཟིར་བར་བྱ་སྟེ༔ སྲས་མཆོག་གི་ཕུར་པ་ལག་ཏུ་བླངས་ལ་འགྱིང་ཞིང་འདྲིལ་བས༔ ཧཱུྃ་ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ་ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཕུར་པ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ཆེ༔ ང་ནི་ཨ་བཛྲ་ཀཱི་ལ་ཡ༔ ང་ནི་ཁྲོ་རྒྱལ་འདུས་པའི་དཔལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཕུར་པའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ དགྲ་བགེགས་ཉམས་པ་འདིར་ཁུག་ལ༔ ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔ རྡུལ་ཕྲན་བཞིན་དུ་བརླག་པར་


CMR017_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རགོ་ཡགོ༔ ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང་༔ སྙིང་ཁྲག་ཤད་ཛཿ ཐུམ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱ་ག་མྱག༔ སོད་སོད་དྷ་ཏི་མ་མ་ཀརྨ་ཤྲཱི་ཀྲྀ་ཀ་ར་ཡ༔ མ་ར་སེ་ན་པྲ་མརྟ་ན་ཡེ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་སོད༔ ཅེས་ཕུར་པ་སྙིང་གར་དབང་པོའི་རྣམ་ལྔ་ལ་དྲག་ཏུ་གདབ་ཅིང་དམོད་མོས་དམོད༔ བྷྱོས་གདབ༔ རོལ་མོ་བསྒྲག༔ དེ་ནས་བསྟབ་པ་བྱ་སྟེ༔ གིང་གིས་རྔམས་སྟབས་ཀྱིས་བསྒྱུར་ཞིང་༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཁྲོ་རྒྱལ་ཞལ་ཕྱེས་ཤིག༔ གནམ་ས་གདངས་བ་ཙམ་གྱི་ཞལ་ཕྱེས་ཤིག༔ ཚེམས་ནི་གངས་རི་ཙམ་གྱི་རྣོ་དབལ་རབ་ཏུ་གཙིགས༔ ལྗགས་ནི་གློག་དམར་བར་སྣང་ཁམས་སུ་སྐྱོངས༔ མཉམ་ཉིད་ཧོམ་ཁུང་འབར་བའི་ཞལ་དུ་སྟོབ༔ འགགས་མེད་རོལ་པ་ཆེན་པོའི་མགྲིན་པར་སྟིམས༔ བཞེས་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀི་ནི་རི་


CMR017_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ལ་ཁཱ་ཧི༔ ཞེས་བསྟབ་པ་དྲག་ཏུ་བྱ་སྟེ༔ ལིངྒ་དང་རཀྟས་གཏོར་མ་ལ་བྲན་ནོ༔ དེ་ནས་ལས་བྱང་ལྟར་ཆད་མདོ་བཏང་༔ ཟ་ལམ༔ ཁྱུང་གི་ལྟས་ངན་བཟློག་པ་བྱ༔ ཟོར་ལམ་ལ་སོགས་བཀའ་བརྒྱད་གཞུང་ལས་འདིར་བླང་ཟླ་ཤིན་ཏུ་ཟབ་ཕྱིར་གཏོར་ཟློག་དྲག་པོའི་ལས༔ སྔོན་ཆད་བོད་ཡུལ་དྲགས་པ་མ་ཡིན་ནོ༔ མ་འོངས་དོན་དུ་པདྨ་ཐོད་ཕྲེང་གིས༔ རྡོ་རྗེ་ཕུར་པའི་མཐའ་རྒྱས་ཟློག་པར་བཀོད༔ འདི་ཡིས་བཟློག་པར་མི་འགྱུར་གང་ཡང་མེད༔ ཟབ་གཉན་དཀོན་པས་ལྡང་ལྷའི་བྲག་ལ་སྦས༔ གཏེར་གྱི་སྲུང་མ་དགེ་བསྙེན་ལྡང་ལྷ་བསྐོས༔ དུས་ཀྱི་ཐ་མར་ལས་ཅན་གཅིག་དང་འཕྲད༔ ལས་ཀྱིས་མནར་བའི་ཞིང་བཅུ་སྒྲོལ་བར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ འབྲུག་གི་ལོ་ལ་ཁོ་བོ་རཏྣ་གླིང་པས་ཁྲ་མོ་བྲག་ནས་བཏོན་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕུར་པའི་ལས་མཐའ་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས།next