Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲག་པོ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲག་པོ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་པོ།next

དྲག་པོ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་པོ།


CMR017_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་པོ་བཞུགས་སོ༔


CMR017_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་གི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ༔ དུས་ཀྱི་ཐ་མ་ལ་རྣལ་འབྱོར་པ་ནང་འཐབ་ཅིང་ཟན་ལ་སྐྱོ་མིག་དང་༔ འདོད་པས་རྒྱལ་བའི་དུས༔ སེངྒེ་ཁ་འཐབ་འབྱུང་བའི་དུས༔ ལྟ་སྒོམ་མ་ནོར་བར་སྤྱོད་པ་དང་༔ བསྟན་པ་ལ་གནོད་པ་ཚར་གཅོད་པའི་དོན་དུ་ངན་སྔགས་འདིས༔ དམ་ཉམས་བསྟན་བཤིག་སྡིག་ཅན་བསྒྲལ་བར་བྱ་སྟེ༔ བསོད་ནམས་ཆེན་པོར་འགྱུར་རོ༔ མ་ནོར་མ་བཅོས་དབྱིངས་ཉིད་ལས༔ རང་བཞིན་ལྷུན་གྲུབ་གནས་མཆོག་ནས༔ ཁྲོ་རྒྱལ་ཁྲོས་པའི་རྒྱལ་པོ་སྟེ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཕུར་བུའི་རྒྱུད་ལུང་མན་ངག་ལས༔ སྲུང་དང་ཟློག་དང་བསད་པའི་ཕྱིར༔ དྲག་པོ་སྔགས་ཀྱི་འཁོར་ལོ་བསྟན༔ དེ་ལ་སྔོན་དུ་འགྲོ་བ་ནི༔ དམར་ནག་དུར་ཁྲོད་རི་བྲག་


CMR017_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གམ༔ ལྷ་ཀླུ་གཉན་པོ་གནས་པའི་སར༔ རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས༔ ཕྱགས་དར་རྐྱང་ནུལ་གཙང་སྦྲ་བྱ༔ སཱཙྪ་བཏབ་ཅིང་གཟུངས་རེ་འདོན༔ ཕྱི་མཆོད་སྤྱི་བཤགས་གནད་དང་བསྟུན༔ ཕྱི་གཏོར་མཆོད་པ་རྒྱས་པར་བཤམས༔ ལེགས་ཉེས་དཔང་གཟུགས་ཕྲིན་ལས་བཅོལ༔ ནང་མཚམས་གནོང་བཤགས་ཚུལ་བཞིན་བྱ༔ བྱ་ནག་ལུག་ནག་ཚོགས་ཀྱིས་བསྐང་༔ མི་རོ་རྙེད་ན་རབ་ཏུ་འགྱུར༔ ཞི་ཁྲོའི་ཆོ་ག་གཞུང་བཞིན་བྱ༔ དེ་ནས་ལས་རིམ་བརྩམ་པར་བྱ༔ སྔོན་དུ་བསྙེན་པ་སོང་བ་ཡིས༔ རང་གིས་དུར་ཁྲོད་ཆས་རྣམས་བསག༔ གཞི་མ་ཕུབ་ཀྱི་སྟེང་དུ་བཤམས༔ རི་རབ་བང་རིམ་བཞི་པ་བྱ༔ གླིང་བཞི་གླིང་ཕྲན་བརྒྱད་རྣམས་ནི༔ རིམ་པ་བཞིན་དུ་བསྐོར་བར་བྱ༔ ཕྲ་མེན་མ་དང་ཕུར་སྲུང་རྣམས༔ བག་ཟན་དག་ལ་


CMR017_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བྱས་ལ༔ རི་རབ་བང་རིམ་བཞི་པ་ལ༔ ཕྲ་མེན་མ་དང་དཔལ་བཤོས་བཀོད༔ རི་རབ་བང་རིམ་གསུམ་པ་ལ༔ ཤཱ་ན་མ་དང་བདག་ཉིད་མ༔ རིམ་པ་བཞིན་དུ་བཀོད་པར་བྱ༔ ཤར་གྱི་ཤཱ་ན་མུ་ཁ་ནི༔ ལྕགས་ཀྱི་སྤྱང་མོ་ཞོན་པ་དང་༔ ཆེ་ཞེ་དཔལ་ལྡན་རེ་མ་ཏི༔ དྲེའུ་རྟ་རྐང་གསུམ་ཞོན་པ་བཀོད༔ ལྷོ་རུ་ཤཱ་ན་མུ་ཁ་མ་གསེར་གྱི་འཕར་བ་ལྕེ་བརྒྱད་ལ༔ གསེར་གྱི་མི་མོ་ཞོན་པ་དང་༔ རེ་མ་ཏྲི་སྨན་ཤ་ཡུ་ཆུང་ཆིབས་པ་བཀོད༔ ནུབ་ཏུ་ཤྭ་ན་མུ་ཁ་ནི༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ ཟངས་ཀྱི་མི་མོ་ཟངས་རལ་ཅན༔ རེ་མ་ཛ་ཆུ་གླང་ནག་པོ་ཞོན་པ་བཀོད༔ བྱང་དུ་སྲ་མ་མུ་ཁ་ནི༔ ལྕགས་ཀྱི་ཁྱི་མོ་ཞོན་པ་དང་༔ རེ་མ་ཛུ་རྔ་མོ་ལ་ཞོན་པ་བཀོད༔ རི་རབ་བང་རིམ་གཉིས་པ་ལ༔ ཚ་བའི་མ་མོ་བཅུ་གཉིས་ནི༔ རིམ་པ་བཞིན་དུ་བཀོད་པར་བྱ༔ ཤར་དུ་རྡོ་རྗེ་ཡ་བྱིན་འབྲུག་ལ་ཆིབས་པ་དང་༔ བདུད་ཀྱི་བུ་མོ་བདུད་རྟ་ནག་པོ་ལས་ཆིབས་པོ་དང་༔ མོན་མོ་སྤྲེལ་གྱི་མགོ་ཅན་བཀོད༔ ལྷོ་ནུབ་རྡོ་རྗེ་དེ་བྱིན་ནི༔ ཆུ་སྲིན་པིར་ལ་ཞོན་པ་དང་༔ གཟའ་ཡི་བུ་མོ་ཆེན་མོ་ནི༔ གཟའ་རྟ་ཞུར་པོ་ཞོན་པ་དང་༔ མོན་མོ་སྦྲུལ་གྱི་མགོ་ཅན་བཀོད༔ ནུབ་ཏུ་རྡོ་རྗེ་བསྲེ་བྱིན་ནི༔ གློག་ཞགས་དམར་པོ་ཆིབས་པ་དང་༔ བཙན་གྱི་བུ་མོ་ཆེན་མོ་ནི༔ བཙན་རྟ་དམར་པོ་ཆིབས་པ་དང་༔ མོན་མོ་སྤྲུལ་པའི་མགོ་ཅན་བཀོད༔ བྱང་དུ་རྡོ་རྗེ་ཡ་བྱིན་ནི༔ ཀླུ་རྟ་སྔོན་པོ་ཆིབས་པ་དང་༔ ཀླུ་ཡི་བུ་མོ་ཆུ་རྟ་སྔོན་པོ་ཆིབས་པ་དང་༔ མོན་མོ་འུག་པའི་མགོ་ཅན་བཀོད༔ རི་རབ་བང་རིམ་ཐ་མ་ལ༔


CMR017_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་ཡི་སྐྱེས་བུ་མཆེད་བཞི་དང་༔ ཤན་པ་བཞི་དང་བཅས་པ་རྣམས༔ རིམ་པ་བཞིན་དུ་བཀོད་པར་བྱ༔ ཤར་དུ་སྲིན་པོའི་རྒྱལ་པོ་ནི༔ གསེར་གྱི་གྱི་ལིང་ཆིབས་པ་དང་༔ བསྲེ་ཡི་མི་ཕོ་གདོང་བཞི་བཀོད༔ ལྷོ་རུ་གཤིན་རྗེའི་རྒྱལ་པོ་ནི༔ བསྭཱ་ཡི་ཁྱུང་ཆེན་ཞོན་པ་དང་༔ མོན་མོ་ལག་རིང་བཅས་པ་བཀོད༔ ནུབ་ཏུ་ཡ་བདུད་རྒྱལ་པོ་ནི༔ བསྲེ་ཡི་བྱ་གླག་བཅིབས་པ་དང་༔ བསྲེ་ཡི་བྱ་ཁྲ་བཅས་པ་བཀོད༔ བྱང་དུ་གནོད་སྦྱིན་རྒྱལ་པོ་ནི༔ བསྲེ་གཡག་ཁམ་པ་ཆིབས་པ་དང་༔ བསྭེ་ཡི་སྤྱང་མོ་བཅས་པ་བཀོད༔ ཕུར་རྩང་མདའ་ཟོར་ཁྲུ་རེའི་ཚད༔ ཟོར་དང་ཐུན་ནི་འཚོགས་པར་བསག༔ བ་ལིང་ཤ་ཁྲག་ཟོར་མདོས་བརྒྱན༔ ནམ་མཁའ་ཉི་ཤུ་རྩ་བརྒྱད་ནི༔ ཕུར་སྲུང་རེ་ལ་རེ་རེ་གཟུགས༔ དབུས་ཀྱི་དཔལ་བཤོས་ནག་པོ་ལ༔ དཔལ་གྱི་ནམ་མཁའ་ནག་པོ་བཙུགས༔ ཤར་ནི་དཀར་ལ་ལྷོ་ནི་སེར༔ ནུབ་ནི་དམར་ལ་བྱང་ནི་ལྗང་༔ གནམ་ལ་འཕུར་དགུ་ས་ལ་འཛུལ་བཅུ་དང་༔ ངར་གྱི་མི་ཆུང་བཅུ་གསུམ་དང་༔ ཕོ་གླུད་འདའ་བཀྲ་མོ་གླུད་འཕང་བཀྲ་དང་༔ དབལ་འབར་ཀོང་བུ་དེ་རྣམས་བཅུ་གསུམ་རེ༔ མདོས་ཀྱི་འཁོར་དུ་བཀོད་པར་བྱ༔ གཟུགས་རྣམས་ཁ་ཡི་ལྟ་ཕྱོགས་ནི༔ ཟློག་མདོས་ཕྱིར་ལ་བསྟན་པར་བྱ༔ སྐོང་མདོས་བྱེད་ན་ནང་དུ་བསྟན༔ གསོད་ན་འཁོར་ལོ་བཅས་པ་ནི༔ མན་ངག་བཞིན་དུ་ཤེས་པར་བྱ༔ མདོས་ཟོར་ཕུར་བཅས་གཞན་དང་མཐུན༔ ཚེ་དང་བཤགས་པ་ཤིན་ཏུ་གཅེས༔ ཕུར་པའི་དཀྱིལ་འཁོར་གཞུང་བཞིན་བསྐྱེད༔ རྡུལ་ཚོན་དག་ལ་


CMR017_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བཞིན་བྲི༔ དཔལ་ཆེན་དྲག་པོ་ཟོར་དུ་གསུངས༔ དམ་ཚིག་ཉམས་པ་བསྒྲལ་བའི་ལས༔ གཡག་རུ་ལོ་བདུན་ཟོར་དུ་བཤད༔ ཤ་ཆེན་སྤོས་དང་ཚིལ་ཆེན་མར་མེ་བལྟམས༔ སྤྱི་བླུགས་ཞྭ་གོས་གཡང་གཞི་གདན་དུ་བཏིང་ཆང་དང་བདུད་རྩིའི་ཚོགས་ཀྱིས་ཐུགས་དམ་བསྐང་༔ རྐང་དང་རྔ་གླིང་མང་པོའི་རྫས་ཀྱང་བསག༔ སྐྲ་བཤིག་རལ་པ་སྤྲུགས་ཤིང་གཅེར་བུར་བྱ༔ ལུས་ལ་ཁྲག་དང་དུར་ཁྲོད་སོལ་བས་བྱུགས༔ བརྟུལ་ཞུགས་དྲག་པོ་བྱ་བ་ནི༔ དབལ་མདོས་དྲག་པོ་བྱ་བ་ཡིན༔ དཔལ་རྡོ་རྗེ་གཞོན་ནུ་ལས་གཞུང་དང་མཐུན་པར་བསྐྱེད༔ བདག་ཉིད་ཕུར་པའི་ཏིང་ངེ་འཛིན་ལ་བཞུགས་ལ༔ སྦྱོར་བ་ངན་པའི་རྣམ་ཤེས་གཟུགས་ལ་བསྟིམ༔ ཕྱག་རྒྱ་བཞི་ཡིས་བཅིང་ལ་བཞག༔ དེ་ནས་ཕུར་པའི་ལྷ་དང་སྲུང་མ་གཞུང་བཞིན་བསྐྱེད་དོ༔ བསྡུས་པ་བྱེད་ན་ཀ་ཊོ་རའམ༔ སྣོད་སྡེར་ཆེན་པོའི་དབུས་སུ་དཔལ་གཏོར་ཁྲུ་གང་བཞག༔ ཐ་མར་གཏོར་མ་པད་འདབ་ཉི་ཤུ་རྩ་གཅིག་བསྐོར༔ ཤ་ཁྲག་གི་འཕན་བཟང་པོས་བརྒྱན༔ ཡི་དམ་དཀོན་མཆོག་གི་གཏོར་མ་བཤམས༔ ཕྱི་ནང་གི་མཆོད་གཏོར་རྒྱས་པར་བཤམས༔ ཕུར་པའི་དཀྱིལ་འཁོར་གཞུང་བཞིན་བསྐྱེད༔ བསྟོད་བསྐུལ་རྒྱས་པར་བཏང་༔ ཕུར་པ་འདྲིལ་ཞིང་འདི་སྐད་བསྐུལ་ལོ༔ ཧཱུྃ༔ མ་ནོར་མ་བཅོས་དབྱིངས་ཉིད་ལས༔ རང་བཞིན་ལྷུན་གྲུབ་གནས་མཆོག་ནས༔ ཁྲོ་རྒྱལ་ཁྲོས་པའི་རྒྱལ་པོ་སྟེ༔ མཉམ་ཉིད་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་མཁས་ཐུགས་


CMR017_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཁྲོ་བོའི་སྐུ་སྤྲུལ་པ༔ མི་མཐུན་ཕྱོགས་རྣམས་མ་ལུས་འདུལ་མཛད་པའི༔ རྡོ་རྗེ་གཞོན་ནུ་ཆེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བསྐལ་པ་མེ་ཕུང་དྲག་པོའི་ཀློང་དཀྱིལ་ན༔ འཇིགས་བྱེད་ཁྲག་འཐུང་ཆེན་པོ་འབར་བའི་སྐུ༔ ཕྱག་དྲུག་མཚོན་ཆ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཟ་བྱེད་མཆེ་གཙིགས་རྡོ་རྗེའི་གཤོག་པས་གཏམས༔ རྡོ་རྗེའི་གཤོག་པ་རབ་ཏུ་གདེངས་པའི་ཚེ༔ འཁོར་གྱི་མ་མོ་རྣམས་ཀྱང་འདར་ཞིང་སྔངས༔ འཇིགས་བྱེད་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ཤིན་ཏུ་མི་བཟད་འཇིགས་པའི་སྐུ༔ ཕྱག་རྒྱ་ཉི་ཟླ་འོད་ཀྱིས་བརྒྱན༔ ཕྱག་མཚན་ཡེ་ཤེས་ཕུར་པ་འདྲིལ༔ རྒྱ་མདུད་སྟེང་ན་འབྲུག་སྟོང་ལྡིར༔ ཆང་ཟུང་མཚམས་ན་གློག་སྟོང་འགྱུ༔ ཆུ་སྲིན་ཁོ་ནས་ཚྭ་ཚྭ་འཁྲུགས༔ རྩེ་མོའི་ཕྱོགས་ནས་འོད་ཟེར་འཕྲོ༔ འོད་ཟེར་འཕྲོས་པའི་བྱིན་རླབས་ཀྱིས༔ ལྷ་གཉན་དྲེགས་བཞིའི་སྲོག་ཀྱང་ལེན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ དུར་ཁྲོད་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ འཇིགས་བྱེད་ཆེན་པོ་ཁྲོ་རྒྱལ་བཅུ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་


CMR017_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི༔ གནོད་ཅིང་གདུག་པའི་དགྲ་བགེགས་ཟློག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་གནོད་བྱེད་པ༔ དྲི་ཟ་ལས་བྱུང་དགྲ་བགེགས་རྣམས་རྣམ་པར་རྒྱལ་བས་བཟློག་ཅིང་སྒྱུར༔ ཨོཾ་ཧ་ན་ཧ་ན་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་མཚམས་ནས་གནོད་བྱེད་པ༔ མེ་ལྷ་ལས་གྱུར་དགྲ་བགེགས་རྣམས༔ དབྱུག་པ་སྔོ་སྐྱས་བཟློག་ཅིང་སྒྱུར༔ ཨོཾ་ད་ཧ་ད་ཧ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་གནོད་བྱེད་པ༔ གཤིན་རྗེ་ལས་གྱུར་དགྲ་བགེགས་རྣམས༔ ཡ་མཱནྟ་ཀས་བཟློག་ཅིང་སྒྱུར༔ ཨོཾ་པ་ཙ་པ་ཙ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་གནོད་བྱེད་པ༔ སྲིན་པོ་ལས་གྱུར་དགྲ་བགེགས་རྣམས༔ མི་གཡོ་མགོན་པོས་གཏུབས་ཤིང་ཟློག༔ ཨོཾ་བྷནྡྷ་བྷནྡྷ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་གནོད་བྱེད་པ༔ ཀླུ་ལས་གྱུར་པའི་དགྲ་བགེགས་རྣམས༔ རྟ་མགྲིན་རྒྱལ་པོས་སྡིག་ཅིང་ཟློག༔ ཨོཾ་ཧུ་ལུ་ཧུ་ལུ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་


CMR017_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་མཚམས་ནས་གནོད་བྱེད་པ༔ རླུང་ལྷ་ལས་གྱུར་དགྲ་བགེགས་རྣམས༔ གཞན་གྱིས་མི་ཐུབ་ཁྲོ་བོས་ཟློག༔ ཨོཾ་ཏིཥྛ་ཏིཥྛ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་གི་ཕྱོགས་ནས་གནོད་བྱེད་པ༔ གནོད་སྦྱིན་ལས་གྱུར་དགྲ་བགེགས་རྣམས༔ བདུད་རྩི་འཁྱིལ་པས་འཆིང་ཞིང་ཟློག་ཨོྃ་ཚིནྡྷ་ཚིནྡྷ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་མཚམས་ནས་གནོད་བྱེད་པ༔ དབང་ལྡན་ལས་གྱུར་དགྲ་བགེགས་རྣམས༔ ཁམས་གསུམ་རྣམ་རྒྱལ་ཉིད་ཀྱིས་ཟློག༔ ཨོཾ་བྷིནྡྷ་བྷིནྡྷ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ སྟེང་གི་ཕྱོགས་ནས་གནོད་བྱེད་པ༔ ཚངས་པ་ལས་གྱུར་དགྲ་བགེགས་རྣམས༔ ཧཱུྃ་མཛད་ཆེན་པོས་ཚལ་པར་ཐོང་༔ ཨོཾ་གརྫ་གརྫ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ འོག་གི་ཕྱོགས་ནས་གནོད་བྱེད་པ༔ ས་བདག་ལས་གྱུར་དགྲ་བགེགས་རྣམས༔ སྟོབས་པོ་ཆེ་ཡིས་ཆོམས་ཤིང་ཟློག༔ ཨོཾ་སྤྲོ་ཊ་སྤྲོ་ཊ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་ཆེན་པོ་ཁྲོ་བོ་བཅུ༔ རྣལ་


CMR017_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཀུན་དང་བདག་ཅག་དང་༔ རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ གཡས་སུ་རྩི་ལ་གཡོན་དུ་སྒྱུར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ སྡང་བར་བྱེད་པའི་དགྲ་ཟློག་ཅིག༔ གནོད་པར་བྱེད་པའི་བགེགས་ཟློག་ཅིག༔ སྔོན་ཡང་ཕྲིན་ལས་དགྲ་དགེགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བྷྱོ་བྷྱོ༔ བར་དེར་ལིང་ག་ལ་ཕྱག་རྒྱ་བཞིས་བཏབ་ལ་གཟུགས་ལ་དབབ༔ གཟིར་མནན་སྤྱི་དང་མཐུན༔ དེ་ནས་ཕྲ་མེན་བཅུ་ལས་ལ་བསྐུལ་ཅིང་ཟློག་པ་ནི༔ ཧཱུྃ༔ འཇིགས་བྱེད་ཁྲོ་བོ་བཅུ་ཡི་བཀའ་ཉན་པ༔ རྡོ་རྗེ་ཕྲ་མེན་གཏུམ་དྲག་ཅན༔ འཇིགས་པའི་གཟུགས་ཅན་མང་པོ་སྟེ༔ ཁྲོ་བཅུའི་སྤྲུལ་པ་མཆེ་བ་ཅན༔ མ་མོ་བཅུ་ཡི་སྤྲུལ་པ་གཤོག་པ་ཅན༔ མཆེ་གཤོག་འབར་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཕྲ་མེན་གཏུམ་དྲག་ཅན༔ ཏི་ར་ཐོགས་ནས་ཟ་ཞིང་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་ཤར་གྱི་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་གཡག་མགོ་ཅན༔ རྒྱུ་མ་ཐོགས་ནས་ཟ་ཞིང་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་


CMR017_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་ཤར་ལྷོའི་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་ཤ་བའི་མགོ༔ ཞིང་ཆེན་ཐོགས་ནས་ཟ་ཞིང་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་ལྷོ་ཡི་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་གཟིག་མགོ་ཅན༔ ཙིཏྟ་ཐོགས་ནས་ཟ་ཞིང་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་ལྷོ་ནུབ་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་བྱི་ལའི་མགོ་བོ་ཅན༔ ཀླད་ཁྲག་ཐོགས་ནས་ཟ་ཞིང་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་ནུབ་ཀྱི་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་སྤྱང་ཀིའི་མགོ་བོ་ཅན༔ ཤ་ཆེན་ཐོགས་ནས་ཟ་ཞིག་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་ནུབ་བྱང་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་སེང་གེའི་མགོ་བོ་ཅན༔ ཞིང་ཆེན་ཐོགས་ནས་ཟ་ཞིང་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་བྱང་གི་དགྲ་བགེགས་


CMR017_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ རྡོ་རྗེ་ཕྲ་མེན་དོམ་གྱི་མགོ་བོ་ཅན༔ གློ་མཆན་ཐོགས་ནས་ཟ་ཞིང་རྒྱུག་ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་བྱང་ཤར་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་ཕག་གི་མགོ་བོ་ཅན༔ ལག་གཟུགས་ཐོགས་ནས་ཟ་ཞིག་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོའི་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་སྟེང་གི་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་དྲེད་མགོ་ཅན༔ རྐང་གཟུགས་ཐོགས་ནས་ཟ་ཞིག་རྒྱུག༔ ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས༔ ཁྲོ་བོ་བཀའ་བཞིན་ལས་བྱེད་པ༔ ཕྲིན་ལས་འོག་གི་དགྲ་བགེགས་ཟློག༔ རྡོ་རྗེ་ཕྲ་མེན་ཁྱེད་རྣམས་ཀྱིས༔ ཁྲོ་བོ་བཅུ་ཡི་བཀའ་བཞིན་དུ༔ ཟློག་པའི་ཕྲིན་ལས་མྱུར་དུ་མཛོད༔ རྣལ་ཟའབྱོར་བདག་ཅག་འཁོར་བཅས་དང་༔ རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ བཏོགས་ཤིག་གྲོགས་དང་ཕྲལ་བར་གྱིས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་གཏུབས་ཤིག་རྣམ་པར་གཏོར༔ ཟློག་ཅིག་སྡང་བའི་དགྲ་ཟློག་ཅིག༔ གནོད་པར་བྱེད་པའི་


CMR017_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཟློག་ཅིག༔ སྔོན་ཡང་ཕྲིན་ལས་དགྲ་བགགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག་གནོད་པའི་བགེགས་རྣམས་ཟློག༔ བྷྱོ་སྦྱོ་ཟློག་ཟློག༔ ད་ནི་ཁྲོ་མོ་བཅུ་ལས་ལ་བསྐུལ་བ་ནི༔ ཧཱུྃ༔ རྡོ་རྗེ་སྲིན་མོ་ཆེན་མོ་ནི༔ འཇིགས་བྱེད་ཆེན་མོར་སྣང་བ་སྟེ༔ ཕྱག་ཀྱང་སྲིན་མོ་ཆེན་མོ་ལྟར༔ མཐུན་ཏེ་ཞབས་ཀྱང་དེ་དང་འདྲ༔ སྲིན་མོ་རལ་པ་གཅིག་མ་དང་༔ ཤར་ཕྱོགས་རྡོ་རྗེ་བསྙེམས་མ་དང་༔ དེ་བཞིན་རྡོ་རྗེ་སྲིན་མོ་དང་༔ རྡོ་རྗེ་དུར་ཁྲོད་བདག་མོ་དང་༔ རྡོ་རྗེ་གཏུན་ཁུང་གཏུམ་མོ་དང་༔ རྡོ་རྗེ་མདའ་བསྙེམས་རླུང་འབྱིན་མ༔ རྡོ་རྗེ་གསོད་བྱེད་སྒྲ་འབྱིན་མ༔ རྡོ་རྗེ་སྐུལ་བྱེད་བདུད་རྩིས་སྦྱོར༔ རྡོ་རྗེ་འཕྲོག་བྱེད་རླག་བྱེད་མ༔ ཁྲོ་མོ་དབང་ཕྱུག་ཉི་ཤུ་བརྒྱད༔ རྣལ་འབྱོར་ཀུན་དང་བདག་ཅག་དང་༔ རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ བཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཆོད་ཅིག་གཏུབས་ཤིག་རྣམ་པར་གཏོར༔ ཟློག་ཅིག་སྡང་


CMR017_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་ཟློག་ཅིག༔ གནོད་པར་བྱེད་པའི་བགེགས་ཟློག་ཅིག༔ གཡས་སུ་ཆིངས་ལ་གཡོན་དུ་སྒྱུར༔ བློ་སྦྱོ་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག་གནོད་པའི་བགེགས་ཟློག་ཅིག༔ སྔོན་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲོ་མོ་བཅུ་ཡི་ཕྲིན་ལས་བཀའ་ཉན་ཕྲ་མེན་མ༔ བྱ་རྒོད་མགོ་ཅན་མགྱོགས་པའི་གཤོག༔ ཤར་གྱི་དགྲ་བགེགས་ཐམས་ཅད་ཟློག༔ བྱ་རོག་མགོ་ཅན་རིག་པའི་གཟུགས༔ ཤར་ལྷོ་མཚམས་ཀྱི་དགྲ་བགེགས་ཟློག༔ འུག་པའི་མགོ་ཅན་ཤེས་རབ་སྤྱན༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ཁྭ་ཏའི་མགོ་ཅན་སྒྲིབ་ཤིང་ཅན༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་ཟློག༔ མི་འགྱུར་པུ་ཤུད་མགོ་བོ་ཅན༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཟློག༔ མགྱོགས་མ་ཁྲ་ཡི་མགོ་བོ་ཅན༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་ཟློག༔ ཐབས་ལྡན་ཕ་ཝང་མགོ་བོ་ཅན༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ཕྲ་མེན་གསོད་བྱེད་སྲེ་མོང་མགོ༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་ཟློག༔ མྱོས་བྱེད་ཕྲ་མེན་སྨིགས་བུའི་མགོ་བོ་ཅན༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས་


CMR017_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ ཕྲ་མེན་སྒྲོལ་བྱེད་བྱི་བའི་མགོ་བོ་ཅན༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ཕྲ་མེན་ཆེན་པོ་ཁྱེད་རྣམས་ཀྱིས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཡེ་ཤེས་ཁྲོ་བཅུའི་བཀའ་བཞིན་དུ༔ ཟློག་པའི་ཕྲིན་ལས་མྱུར་དུ་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ བཏོགས་ཤིག་གྲོགས་དང་ཕྲལ་བར་གྱིས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་གཏུབས་ཤིག་རྣམ་པར་གཏོར༔ ཟློག་ཅིག་སྡང་བའི་དགྲ་ཟློག་ཅིག༔ གནོད་པར་བྱེད་པའི་བགེགས་ཟློག་ཅིག༔ སྔོན་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བློ་བྷྱོ་སྡང་བའི་དགྲ་ལ་ཟློག་ཟློག་གནོད་པའི་བགེགས་ཟློག་ཅིག༔ གཡས་སུ་ཆིངས་ལ་གཡོན་དུ་སྒྱུར༔ བློ་བློ་ཟློག་ཟློག༔ ཕུར་ཐབས་དང་ལས་ཀྱི་མདེའུ་གཏད༔ དེ་ནས་ཕུར་པའི་སྲུང་མ་ལས་ལ་བསྐུལ་བ་ནི༔ བྷྱོ༔ རྡོ་རྗེ་ཕུར་པའི་བཀའ་ཉན་སྲུང་མ་སྟེ༔ ཤཱ་ན་མུ་ཁ་ལ་སོགས་ཏེ༔ ཤྭ་ན་ཆེན་མོ་མཆེད་བཞི་ནི༔ ཕུར་པའི་སྲུང་མར་ཞལ་བཞེས་ཤིང་༔ དཔལ་གྱི་བཀའ་ཉན་དམ་བཅས་པས༔


CMR017_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་དེ་བ་ཀ་ཤའི་མགོ་བཟུང་ནས༔ ལྷ་བྲན་བརྒྱ་ཡི་ཤ་ལ་ལོངས་སྤྱོད་མ༔ ནཱ་ག་དུན་ཏིང་ཀ་ཡི་དབུ་བཟུང་ནས༔ ཀླུ་བྲན་བརྒྱ་ཡི་ཤ་ལ་ལོངས་སྤྱོད་མ༔ རཀྟ་ཧ་ལི་ཀ་ཡི་དབུ་བཟུང་ནས༔ སྲིན་པོ་བརྒྱ་ཡི་ཤ་ལ་ལོངས་སྤྱོད་དེ་འདྲའི་ལྕགས་ཀྱི་སྤྱང་མོ་ལ༔ ལྕགས་ཀྱི་མི་མོ་ཆེན་མོ་ཞོན༔ གཅེར་བུ་རལ་གཅིག་ཅོད་པན་ཅན༔ འགུགས་པའི་རྡོ་རྗེ་ལྕགས་ཀྱུ་གཡས༔ ཡེ་ཤེས་ཐུགས་ཀྱི་ཕུར་པ་གཡོན་སྤྱང་སྐད་འདོན་ཞིང་དགྲ་བགེགས་སྒྲོལ༔ ཞེ་སྡང་འཇོམས་པའི་ཤྭ་ན་མ༔ མ་གཡེལ་མ་འདའ་ལས་མཛོད་ཅིག༔ བྷྱོ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ གསེར་གྱི་འཕར་བ་ལྕེ་བརྒྱད་ནི༔ དུར་ཁྲོད་བརྒྱད་ཀྱི་གནས་སྲུང་ཞིང་༔ རྣམ་ཐར་བརྒྱད་ཀྱི་སྒོ་ཕྱེས་ནས༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་སྒྲོལ༔ བསམ་པ་ཙམ་གྱིས་གནས་སུ་ཕྱིན༔ དེ་འདྲའི་གསེར་གྱི་འཕར་བ་ལ༔ གསེར་གྱི་མི་མོ་ཆེན་མོ་ཞོན༔ གཅེར་བུ་རལ་གཅིག་ཅོད་པན་ཅན༔ འགུགས་པའི་རྡོ་རྗེ་ལྕགས་ཀྱུ་གཡས༔ ཡེ་ཤེས་ཐུགས་ཀྱི་


CMR017_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་གཡོན༔ མི་སྡུག་སྐུ་ལ་གད་རྒྱངས་ཅན༔ ཐུགས་ནི་སྒྲོལ་བྱེད་སྲོག་དང་བཅས༔ སྐད་ཅིག་ཡུད་ཙམ་དབྱིངས་ནས་བཞེངས༔ དགྲ་བགེགས་ཁུག་ལ་ད་སྒྲོལ་ཅིག༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ ཝ་མོའི་རྒྱུག་ཚུལ་ཞུངས་སེ་ཞུང་༔ ཝ་སྐད་སྒྲ་འབྱིན་ཅེ་རེ་རེ༔ སྐུ་ལ་མེ་རི་མཆེད་པ་འདྲ༔ མཇུག་མ་ཟངས་ཀྱི་སོག་ལེ་འདྲ༔ སྡེར་མོ་ལྕགས་ཀྱུ་འབར་བ་འདྲ༔ ཝ་སྐད་འདོན་ཞིང་དུར་ཁྲོད་ཉལ༔ དེ་འདྲའི་ཟངས་ཀྱི་ཝ་མོ་ལ༔ ཟངས་ཀྱི་མི་མོ་ཆེན་མོ་ཞོན༔ དམར་ནག་གཅེར་བུ་ཅོད་པན་ཅན༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ རི་རབ་ཀུན་ཀྱང་རྩད་ནས་བསྙིལ༔ གཡོན་པས་ཕུར་པ་འདྲིལ་ཞིང་འདེབས༔ བཀའ་ལས་འདས་པའི་སྙིང་ལ་གཟིར༔ རཀྟ་ཐུན་གྱི་ཕོ་ཉ་མོ༔ མངག་པའི་ལས་ལ་མཐུ་མ་ཆུང་༔ བྷྱོ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ལྕགས་ཀྱི་ཁྱི་མོ་རལ་པ་ཅན༔ རལ་པ་མདའ་ཙམ་ཤ་ར་ར༔ ཡ་འགལ་གནམ་ལ་མ་འགལ་ས༔ ཚེམས་ནི་གངས་རི་གཙིགས་པ་འདྲ༔ མིག་ནས་མེ་འབར་རྒྱ་མཚོ་སྐེམ༔ སྣ་ནས་འཐོར་བའི་རླུང་ཡང་


CMR017_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་༔ ཁ་ནས་ཁྲག་གི་སྐྱི་འདང་འཕེན༔ ཡེ་ཤེས་རྫི་རྣོ་བང་ལ་ངལ་དུབ་མེད༔ མཇུག་མ་ལྕགས་ཀྱུ་འབར་བ་འདྲ༔ དེ་འདྲའི་ལྕགས་ཀྱི་ཁྱི་མོ་ལ༔ ལྕགས་ཀྱི་མི་མོ་རལ་ཅན་ཞོན༔ གསེར་ལུམ་ཅོད་པན་པུ་རུ་རུ༔ གཡས་པས་ཞིང་ཆུང་ཕྱག་ཏུ་བཅུག༔ མགོ་ནས་ཚེམས་ཀྱིས་གསོལ་བར་བྱེད༔ གཡོན་པས་ཐུགས་ཀྱི་ཕུར་པ་འདྲིལ༔ རེས་འགའ་དྲག་ཏུ་བསྐུལ་བའི་ཚེ༔ ཁམས་གསུམ་ཤ་རུས་ཁྲག་གིས་ཀྱང་༔ མི་འགྲང་དེ་ནི་མི་ངོམ་ཞིང་༔ སྲིད་པ་གསུམ་གྱི་ཤ་ཁྲག་ལ༔ ཉིན་མཚན་མེད་པར་རྦ་ལ་བརྒྱལ༔ ཁྱེད་ནི་དཔལ་གྱི་ཕོ་ཉ་སྟེ༔ གང་ལ་དམིགས་པ་ཤོར་ར་རེ༔ དཔལ་གྱི་བཀའ་ཉན་མཆེད་དེ་བཞི༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ བཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཆོད་ཅིག་གཏོགས་ཤིག་རྣམ་པར་གཏོར༔ ཟློག་ཅིག་སྡང་བའི་དགྲ་ཟློག་ཅིག༔ གནོད་པར་བྱེད་པའི་བགེགས་ཟློག་ཅིག༔ གཡས་སུ་ཆིངས་ལ་གཡོན་དུ་སྒྱུར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག་


CMR017_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་བགེགས་ལ་ཟློག༔ སྔོན་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བློ་སྦྱོ་ཟློག་ཟློག༔ བྷྱོ༔ རྡོ་རྗེ་ཕུར་པའི་སྲུང་མ་སྟེ༔ མ་ཚོགས་ནམ་གྲུ་རེ་མ་ཏི༔ ཕུར་པའི་སྲུང་མར་ཞལ་བཞེས་ནས༔ དཔལ་གྱི་བཀའ་ཉན་དམ་བཅས་པས༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ དཔལ་ཤངས་ནི་ཁྲག་ཞག་དྲི་ལ་སྣོམ༔ ཚེམས་ནི་མཆེ་བ་རབ་ཏུ་གཙིགས༔ ལྗགས་ནི་དྲག་པོའི་གློག་ལྟར་འཁྱུག༔ སྐུ་ལ་ཁྲག་གི་ཐིག་ལེས་བརྒྱན༔ སྤྲུལ་པ་དཀར་མོ་མང་པོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་བགེགས་བཟློག་ཏུ་གསོལ༔ དཔལ་ལྡན་ལྷ་མོ་རེ་མ་ཛཿ སྐུ་མདོག་སེར་མོ་རལ་པ་ཅན༔ རལ་པ་སེར་པོ་གཡས་དང་གཡོན་དུ་འཁྱིལ༔ ཕྱག་ན་ཁྲག་གི་ཐོད་པ་ཐོགས༔ འཇིགས་བྱེད་རྒྱན་ཆ་མང་པོས་བརྒྱན༔ འཁོར་དུ་སེར་མོ་མང་པོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྡོང་


CMR017_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་བགེགས་བཟློག་ཏུ་གསོལ༔ ཁྲག་འཐུང་ཆེན་མོ་རེ་མ་ཛུ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས༔ སྐུ་ལ་མཐིང་གི་གོ་ཟུ་གསོལ༔ ལག་ན་བདུད་ཞགས་ནག་པོ་ཐོགས༔ འཁོར་དུ་དམར་མོ་མང་པོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བྱད་ཁ་ཕུར་ཁ་ཐམས་ཅད་ཟློག༔ ཆེ་ཞེས་གཉན་གྱི་རེ་མ་ཏི༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ སྐུ་ལ་དར་ནག་ཐུལ་པ་གསོལ༔ ཕྱག་ན་དར་ནག་བ་དན་ཕྱར༔ འཁོར་ནི་ནག་མོ་མང་པོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་ཉིད་ཆེན་མོ་ཁྱེད་བཞི་ཡང་༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ནི༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ བཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཆོད་ཅིག་གཏུབས་ཤིག་རྣམ་པར་གཏོར༔ ཟློག་ཅིག་སྡང་བའི་དགྲ་ཟློག་ཅིག༔ གཡས་སུ་ཆིངས་ལ་གཡོན་དུ་སྒྱུར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ སྡང་བར་བྱེད་པའི་དགྲ་ཟློག་ཅིག༔ ཟློག་ཟློག་གནོད་པའི་བགེགས་ཟློག་ཅིག༔ སྔོན་ཡང་ཕྲིན་ལས་དགྲ་བགེགས་


CMR017_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ ཛཿ རྡོ་རྗེ་ཕུར་པའི་སྲུང་མ་སྟེ༔ རྡོ་རྗེ་ཡ་བྱིན་ལ་སོགས་པའི༔ བསྲེ་ཡི་ལྷ་མོ་མཆེད་དེ་བཞི༔ ཕུར་པའི་སྲུང་མར་ཞལ་བཞེས་ནས༔ དཔལ་གྱི་བཀའ་ཉན་དམ་བཅས་པ༔ རྣལ་འབྱོར་བདག་ལ་གྲོགས་བྱའོ༔ མཐའ་ཡི་དམག་དཔུང་ཟློག་གོ་ཞེས༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ མེ་རླུང་འཁྲུགས་པའི་ཀློང་དཀྱིལ་ན༔ གཟའ་བདུད་ཤར་པ་ཟངས་ཀྱི་གཟའ་བསྲེ་ཡི་སྐུ་མཁར་གྲུ་བཞི་པ༔ ཟངས་དང་བྱི་རུའི་ཀ་གདུང་ལ༔ བསྲེ་སྒོ་ཁྲ་བོ་ཐམས་སེ་ཐམ༔ བསྲེ་ཡི་རུ་ཁྲི་འབར་བ་རུ༔ སྲིན་པོ་ཕོ་མོའི་གདན་སྟེང་ན༔ གཅིག་དང་འདྲ་བའི་མཆེད་བཞི་བཞུགས༔ གཅིག་ནི་བསྲེ་ཡི་རྣ་ཆ་ཅན༔ བསྲེ་ཡི་ཐུལ་པ་སྐུ་ལ་གསོལ༔ གཅིག་ནི་བྱི་རུའི་གདིངས་རལ་ཅན༔ ཁྲག་གི་རལ་ཆུང་སྐུ་ལ་གསོལ༔ གཅིག་ནི་རྨ་བྱའི་ཐུལ་པ་ཅན༔ ཟངས་ཀྱི་རྣ་ཆ་ཁྲོ་ལོ་ལོ༔ གཅིག་ནི་བསྲེ་ཡི་དངུལ་ཆུང་ཅན༔ དུང་གི་རྣ་ཆ་ཁྲོ་ལོ་ལོ༔ མི་ལྤགས་ཐུལ་ཆུང་གཉེར་ཅེ་ཀོར༔ ཀུན་


CMR017_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཞལ་གསུམ་ཕྱག་དྲུག་མ༔ བསྲེ་མོའི་སྤྲུལ་པ་བརྒྱ་བརྒྱ་འཕྲོ༔ རལ་པའི་གསེབ་ནས་མེ་འབར་མ༔ རལ་པའི་རྩེ་ནས་སྐར་འབྲུལ་མ༔ ཁྲག་གི་ལྕེ་རིང་སོ་སྒྲིག་མ་གསེར་གྱི་རྣ་ཆ་ཁྲ་ལ་ལ༔ བསྲེ་ཡི་རྔ་ཆུང་དི་རི་རི་བསྲེ་ཡི་ཕུར་པ་སི་ལི་ལི༔ ཟངས་ཀྱི་མདུང་དམར་ཆེམས་སེ་ཆེམ༔ དམར་ནག་རུ་མཚོན་པུ་རུ་རུ༔ ཨ་བི་རཱ་ཙ་མཐུ་མོ་ཆེ༔ མཐུ་ཆེན་མོས་པས་སོ་སོར་བཞག༔ གཅིག་ནི་ཚ་བའི་རོང་ན་བཞུགས༔ གཅིག་ནི་བལ་ཡུལ་མཐིལ་དུ་བཞུགས༔ གཅིག་ནི་རྨ་ཡུལ་གསེབ་ན་བཞུགས༔ གཅིག་ནི་སྙེ་ལམ་འགྲམ་ན་བཞུགས༔ དེ་ལ་གསང་བའི་མཚན་བཏགས་པ༔ གཅིག་ནི་ཡ་བྱིན་དེ་མོ་བྱ༔ གཅིག་ནི་དེ་བྱིན་དབང་མོ་ཆེ༔ གཅིག་ནི་བསྲེ་བྱིན་ཆེན་མོ་བྱ༔ གཅིག་ནི་ཕག་བྱིན་ཆེན་མོ་བྱ༔ ཡ་བྱིན་དེ་ནི་འཕྲུལ་མོ་ཆེ༔ ཀུན་ཀྱང་ལས་ནི་མངའ་མཛད་མ༔ ཐུགས་རྗེས་དེ་ནི་སྤྲུལ་པ་ཡིས༔ དགྲ་བགེགས་ཐམས་ཅད་ཐལ་བར་རློགས༔ མ་ཐོགས་དེ་ནི་མྱུར་དུ་བྱོན༔ ཀུ་ལན་དྷ་རའི་དུས་ལ་བབ༔ དེ་བྱིན་དེ་ནི་དབང་མོ་ཆེ༔ སྐུ་མདོག་དེ་ནི་འཇའ་ཚོན་འདྲ༔ ཉི་ཟླ་དེ་ནི་ཆིབས་སུ་བཅིབས༔ ཕྱག་ན་ལྕགས་ཀྱུ་འབར་བ་


CMR017_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ དགྲ་བགེགས་དེ་ནི་སྙིང་ནས་འདྲེན༔ མ་ཐོགས་མྱུར་དུ་ལས་མཛོད་ཅིག༔ ཤུ་ལན་དྷ་རའི་དུས་ལ་བབ༔ བསྲེ་བྱིན་དེ་ནི་རྫུ་འཕྲུལ་ཅན༔ འཕྲུལ་བྱེད་དེ་ནི་རླུང་བས་མགྱོགས༔ ལྷ་རྣམས་དེ་ནི་དབང་དུ་བསྡུ༔ བདུད་ལ་དེ་ནི་གོང་ཞགས་འདེབས༔ མ་ཐོགས་དེ་ནི་མྱུར་དུ་བྱོན༔ ཙ་མུན་དྷ་རའི་དུས་ལ་བབ༔ ཕག་བྱིན་དེ་ནི་མཐུ་མོ་ཆེ༔ སྐུ་མདོག་དེ་ནི་དམར་ལ་དྭངས༔ ཞལ་གསུམ་དེ་ནི་སྔོ་ལ་འཇིགས༔ སྤྱན་གསུམ་དེ་ནི་སྡང་དམིགས་འཁྱུག༔ ལྗགས་འདྲིལ་དེ་ནི་མཆེ་གཙིགས་ན༔ ཁྲོ་བོ་ཡི་ནི་སྐུ་དག་འཕྲོ༔ དབུ་རལ་དེ་ནི་ཕུར་བུས་བརྒྱན༔ དགྲ་བགེགས་ཀྱི་ནི་གཉེན་པོར་ཆེ༔ མ་ཐོགས་དེ་ནི་མྱུར་དུ་བྱོན༔ དཀར་ནག་དེ་ནི་མཚམས་སུ་ཡ༔ ཀང་ཀ་རི་ཡི་དུས་ལ་བབ༔ ཛཿ བདུད་ཡུལ་བརྟན་པ་མུན་ནག་ནས༔ ནག་པོ་བམ་ལོག་བུ་མོ་ནི༔ ལྕགས་ཀྱི་བུ་མོ་སྤྱི་རིང་མ༔ མིག་ནས་གསེར་གྱི་ཉི་ཟླ་འགྱུ༔ མཐིང་གི་རལ་པ་ཤ་ར་ར༔ གསེར་གྱི་སོ་བདར་ཁྲིགས་སེ་ཁྲིག༔ གསེར་གྱི་རྣ་ཆ་ཝངས་སེ་ཝང་༔ མཐིང་ནག་བེར་ཆེན་པུ་རུ་རུ། དབང་གི་བསྲེ་ཁྲབ་སི་ལི་ལི༔ གཡས་ན་གསེར་གྱི་ལྕགས་


CMR017_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ཐོགས༔ གཡོན་པས་གསེར་གྱི་ཟོར་བ་བསྣམས༔ བདུད་རྟ་ནག་པོ་ཞགས་པས་བརྒྱན༔ བདུད་ཀྱི་བྱ་ནག་ལྡིང་ཞིང་འཛུམ༔ འཁོར་དུ་འཆི་བདག་ནག་པོས་བསྐོར༔ སྲོག་ཟན་ཆེན་མོའི་དུས་ལ་བབ༔ དམ་ཉམས་འདི་ཡི་སྲོག་ལ་ཡ༔ ཛཿ གཟའ་ཡུལ་རྡུལ་ཕྲན་སྟེང་ཤེད་ནས༔ གཟའ་ཆེན་སྤེན་པའི་བུ་མོ་ནི༔ བསྲེ་ཡི་བུ་མོ་སྤྱི་རིང་མ༔ མིག་ནས་བསྲེ་ཡི་ཉི་ཟླ་འགྱུ༔ བསྲེ་ཡི་སོ་བདར་ཁྲིགས་སེ་ཁྲིག༔ སྨུག་ནག་རལ་པ་ཤ་ར་ར༔ བསྲེ་ཡི་རྣ་ཆ་ཝངས་སེ་ཝང་༔ སྨུག་ནག་དར་ཆེན་པུ་རུ་རུ། དབང་གི་བསྲེ་ཁྲབ་སི་ལི་ལི༔ གཡས་པས་བསྲེ་ཡི་ལྕགས་ཀྱུ་འཕེན༔ གཡོན་པས་དྲ་བ་དགུ་བསྒྲིལ་ཐོགས༔ སེམས་ཅན་ཀུན་གྱི་སྲོག་སྡུད་མོ༔ གཟའ་རྟ་ཞུར་པོ་ཞགས་པས་བརྒྱན༔ གཟའ་བདུད་ནག་པོ་སྟོང་གིས་བསྐོར༔ ཀིང་ཀང་དམར་ནག་སྲོག་ལ་འཇུམ༔ སྲོག་ལེན་ཆེན་མོའི་དུས་ལ་བབ༔ དགྲ་བོ་འདི་ཡི་སྲོག་ལོངས་ཤིག༔ ཛཿ བཙན་ཡུལ་ཟླ་འོད་རླུང་སྟེང་ནས༔ སྐྱེས་བུ་ལུང་བཙན་བུ་མོ་ནི༔ ཟངས་ཀྱི་མོན་མོ་སྤྱི་རིང་མ༔ མིག་ནས་ཟངས་ཀྱི་ཉི་ཟླ་རྒྱུག༔ ཟངས་ཀྱི་སོ་བདར་ཁྲིགས་སེ་ཁྲིག༔ དམར་ནག་རལ་པ་


CMR017_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ར་ར༔ ཟངས་ཀྱི་རྣ་ཆ་ཁྲ་ལ་ལ༔ ལེ་བརྒན་བེར་ཆེན་པུ་རུ་རུ༔ དབང་གི་ཟངས་ཁྲབ་སི་ལི་ལི༔ གཡས་ན་ཟངས་ཀྱི་ལྕགས་ཀྱུ་ཐོགས༔ གཡོན་པས་ཟངས་ཀྱི་མདུང་དམར་བསྣམས༔ བཙན་རྟ་དམར་པོ་ཞགས་པས་བརྒྱན༔ འཆི་བདག་བཙན་པོ་སྟོང་གིས་བསྐོར༔ དགེ་བསྙེན་གར་དབང་སྲོག་ལ་རྒྱུག༔ སྲོག་ལེན་ཆེན་པོའི་དུས་ལ་བབ༔ ཉམས་པ་འདི་ཡི་སྲོག་ལོངས་ཤིག༔ ཛཿ ཕོ་བྲང་ཆུ་མཚོ་ཀླུ་ཡུལ་ནས༔ ཆུ་སྲིན་རྒྱལ་པོའི་བུ་མོ་ནི༔ གཡུ་ཡི་བུ་མོ་སྤྱི་རིང་མ༔ མིག་ནས་གཡུ་ཡི་ཉི་ཟླ༔ གཡུ་ཡི་སོ་བདར་ཁྲིགས་སེ་ཁྲིག༔ མཐིང་གི་རལ་པ་ཤ་ར་ར༔ གཡུ་ཡི་རྣ་ཆ་ཝངས་སེ་ཝང་༔ ཆུ་དར་བེར་ཆེན་པུ་རུ་རུ༔ དབང་གི་གཡུ་ཁྲབ་སི་ལི་ལི༔ གཡས་པས་ཕྱག་མཚན་ལྕགས་ཀྱུ་འདེབས༔ གཡོན་པས་ཕྱག་མཚན་ཞགས་པ་ཐོགས༔ ཀླུ་རྟ་སྔོན་པོ་སྦྲུལ་གྱིས་བརྒྱན༔ ཆུ་བདུད་སྔོན་པོ་སྟོང་གིས་བསྐོར༔ ཆུ་སྲིན་བུ་མོ་སྲོག་ལ་རྒྱུག༔ སྲོག་ལེན་ཆེན་མོའི་དུས་ལ་བབ༔ ཉམས་པ་འདི་ཡི་སྲོག་ལོངས་ཤིག༔ ཛཿ ཤར་གྱི་བྲག་གཏུམ་སྟོང་གི་བདག༔ གསང་བའི་མཚན་བཏགས་འདྲེ་སྡེ་མོ༔ མོན་མོའི་ལུས་ལ་


CMR017_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་གྱི་མགོ༔ སྐུ་ལ་གཡུ་ཐང་སྔོན་པོ་གསོལ༔ ལིབ་ལིབ་དགྲ་བོ་ཟ་རྒྱུན་མ༔ ལྕགས་ཀྱི་སྡེར་མོ་མེ་ལྟར་འབར༔ རེག་པ་ཙམ་གྱིས་དབུགས་འཕྲོག་མ༔ སྔོན་གྱི་ཐ་ཚིག་མ་ཉམས་པར༔ མ་ཐོགས་མྱུར་དུ་ལས་མཛོད་ཅིག༔ ཛཿ ལྷོ་ཡི་ཆབ་འགྲམ་ངར་གྱི་བདག༔ གསང་བའི་མཚན་བཏགས་འདྲེ་སྡེ་མོ༔ མོན་མོའི་ལུས་ལ་སྦྲུལ་གྱི་མགོ༔ རྨ་བྱའི་མདོངས་ཀྱི་སྟོད་ཐུལ་ཅན༔ དུག་ལྕེ་ནག་པོ་ཕྱར་ནས་ནི༔ དབང་པོའི་དྭངས་མ་མིག་འབྲུ་མ༔ སྔོན་གྱི་ཐ་ཚིག་མ་ཉམས་པར༔ མ་ཐོགས་མྱུར་དུ་ལས་ལ་བྱོན༔ ཛཿ ། ནུབ་ཀྱི་བྲག་སྲིན་འོད་ཆེན་བདག༔ གསང་བའི་མཚན་བཏགས་འདྲེ་སྡེ་མོ༔ མོན་མོའི་ལུས་ལ་སྦལ་པའི་མགོ༔ དྲེད་ཐུལ་ནག་པོ་གཉེར་རྩེ་དཀོར༔ ཁ་ནས་འབྲུམ་བུའི་ཁྲག་འཐོར་མ་ཞེ་སྡང་དྲག་པོའི་མཐེབ་སྡེར་གྱིས༔ སུ་དང་འཕྲད་ཀྱང་སྲོག་གཅོད་མ༔ སྔོན་གྱི་ཐ་ཚིག་མ་ཉམས་པར༔ མ་ཐོགས་མྱུར་དུ་ལས་མཛོད་ཅིག༔ ཛཿ བྱང་ཕྱོགས་ཐལ་བྲག་དུན་རྩེའི་བདག༔ གསང་བའི་མཚན་བཏགས་འདྲེ་སྡེ་མོ༔ མོན་མོའི་ལུས་ལ་འུག་པའི་མགོ༔ ཞིག་ལྤགས་རློན་པའི་སྟོད་ཐུལ་ཅན༔ བཤུག་གླུ་ལེན་ཅིང་བླ་


CMR017_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་མ༔ སྡེར་མོ་རལ་གྲིའི་སོ་བས་རྣོ༔ དམ་ཉམས་དགྲ་བོའི་སྲོག་གཅོད་མ༔ སྔོན་གྱི་ཐ་ཚིག་མ་ཉམས་པར༔ མ་ཐོགས་མྱུར་དུ་ལས་མཛོད་ཅིག༔ ཚ་བའི་མ་མོ་བཅུ་གཉིས་ནི༔ བདག་དང་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ བཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ སོད་ཅིག་གཏུབས་ཤིག་རྣམ་པར་ཆིངས༔ ཟློག་ཅིག་སྡང་བའི་དགྲ་ཟློག་ཅིག༔ གཡས་སུ་ཆིངས་ལ་གཡོན་དུ་སྒྱུར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ སྡང་བར་བྱེད་པའི་དགྲ་ཟློག་ཅིག༔ གནོད་པར་བྱེད་པའི་བགེགས་ཟློག་ཅིག༔ སྔོན་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བྷྱོ་བྷྱོ༔ ཟློག་ཟློག༔ བྷྱོ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཁྱེད་ཀྱི་མིང་པོ་ལས་མཁན་ནི༔ མོན་པ་ནག་པོ་སྲོག་ཟན་པོ༔ འབྱུང་པོ་སེར་པོ་སྣ་ཡོན་པོ༔ རལ་པ་ཁམ་ནག་གྱེན་དུ་བརྗེས༔ མཆེ་བ་ཟངས་ཡག་སྤུ་གྲིས་གཏམ༔ ཟས་སུ་གློ་སྙིང་ནང་རོལ་ཐྲ༔ སྐོམ་དུ་མི་ཁྲག་རློན་པ་འཐུང་༔ སྐུ་ལ་མི་ཤུན་དྲོ་


CMR017_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསོལ༔ གཡས་ན་གསེར་གྱི་ཐོ་ལུམ་འཕེན༔ གཡོན་ན་ཟངས་ཀྱི་དྲྭ་བ་ཐོགས༔ ཆིབས་སུ་སྟག་མོ་རི་བཀྲ་བཅིབས༔ ལམ་ཆེན་རྒྱ་གྲམ་གཡས་ན་སྡོད༔ དམ་ཉམས་ལྟའདི་ལ་ཐུན་ཅིག་ཕོབ༔ སྡང་བའི་དགྲ་བགེགས་བཟློག་ཏུ་གསོལ༔ བྷྱོ༔ རྡོ་རྗེ་ཕུར་པའི་སྲུང་མ་སྟེ༔ བསྲེ་ཡི་སྐྱེས་བུ་མཆེད་དེ་བཞི༔ ཕུར་པའི་སྲུང་མར་ཞལ་བཞེས་ནས༔ དཔལ་གྱི་བཀའ་ཉན་དམ་བཅས་པ༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཧཱུྃ༔ རི་རབ་ཆེན་པོའི་ངོས་བཞི་ནས༔ སྲོག་བདག་མཆེད་བཞིའི་དུས་ལ་བབ༔ ཤར་ཕྱོགས་དེ་བའི་ཡུལ་རྩེ་ནས༔ སྲིན་པོའི་ཚོགས་ཀྱི་རྒྱལ་པོ་ནི༔ བསྲེ་མཁར་སྨུག་པོའི་ནང་ནས་སྤྱོད༔ བསྲེ་ཡི་གྱད་ཆེན་ཕུར་པའི་ལྷ༔ བསྲེ་ཡི་རལ་པ་གྱེན་དུ་བརྗེས༔ སྐུ་ལ་བསྲེ་ཡི་ཚེམ་ཁྲབ་གསོལ༔ བསྲེ་ཡི་ཚེམ་ཁྲུབ་སི་ལི་ལི་ཞབས་ལ་བསྲེ་ལྷམ་ལོ་བཟང་གསོལ༔ དུང་གི་སོ་བདར་ཁྲིགས་སེ་ཁྲིག༔ མཆེ་བ་སྤུ་གྲིའི་གཏམས་པ་འདྲ༔ སྤུ་གྲི་ཤད་། ཤད་སྙིང་ལ་ཤད༔ ཆིབས་སུ་བསྲེ་ཡི་གྱི་ལིང་བཅིབས༔ གྱི་ལིང་ཆིབས་ལ་ད་ཚུར་བྱོན༔ ཕྱག་ན་བསྲེ་ཡི་མདུང་ཐུང་འཕེན༔ བསྲེ་ཡི་ཚེམ་ཁྲབ་ཁྲབས་སེ་ཁྲབ༔ བསྲེ་ཡི་


CMR017_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་ཐུང་ཤ་ར་ར༔ གཞུ་མོ་རྒྱུད་ལ་སྤྲིང་པའི་མད༢༔ དགྲ་བོའི་སྙིང་ལ་གཟེར་ཆེན་ཕོབ༔ ཁོང་ནས་ཤེལ་གྱི་གཞུ་བདུངས་ལ༔ ཁ་ནས་བསྲེ་མདའ་དམར་པོ་འཕེན༔ བསྭེ་མདའ་དམར་པོ་སྙིང་ལ་སྡིག༔ ཁྲག་མདའ་ཁྲག་ཕུར་སི་ལི་ལི༔ ཁྲག་མདའ་བུ་ཡུག་ཆར་དུ་ཕོབ་དགྲ་བོའི་ཁོང་དུ་དུག་གཅིག་གཡོས༔ དམ་ཉམས་ཁོང་དུ་གཤེད་དུ་ཆེ༔ ཉམས་པའི་སྲོག་ལ་མཱ་ར་ཡ༔ བྷྱོ༔ ཁྱོད་ཀྱི་ཤན་པ་ལག་རིང་ནི༔ བསྲེ་ཡི་མི་ཕོ་གདོང་བཞི་པ༔ ཕྱག་ན་མདུང་ཐུང་ཆེམས་སེ་ཆེམ༔ སྐྱ་རེངས་ཆེན་པོའི་ལམ་དུ་ཁྲིད༔ དེང་སང་བསམ་བརླག་གཉིད་ལོག་གི༔ བླ་སྲོག་དམར་པོ་དྲུངས་ནས་ཕྱུངས༔ སྲོག་རྩ་དམར་པོ་རྩད་ནས་ཆོད༔ ཤན་པ་ལག་རིང་དུས་ལ་བབ་དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ བདུད་ཡུལ་མུན་པའི་སྨག་རུམ་ན༔ གཤིན་རྗེ་དྲེགས་པའི་ཡུལ་རྩེ་ནས༔ གཤིན་རྗེའི་རྒྱལ་པོ་ཐེང་ཐབས་ཅན༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི༔ རལ་པ་དམར་སྨུག་གྱེན་དུ་བརྗེས༔ བསྲེ་མཁར་སྨུག་པོའི་ནང་ནས་བྱོན༔ བསྲེ་ཡི་གྱད་ཆེན་ཕུར་པའི་ལྷ༔


CMR017_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་རྒྱལ་པོ་སྟག་མགོ་ཅན༔ སྦྲུལ་ནག་སྟོང་གི་ཐོར་ཚུགས་ཅན༔ ལྕགས་ཀྱི་རལ་པ་ཤ་ར་ར༔ ཞལ་ནས་བསྲེ་ཡི་ལོག་སྒྲོ་གསོལ༔ ལྕགས་ཀྱི་སོ་བདར་ཁྲིགས་སེ་ཁྲིག༔ མཆེ་བ་ལྕགས་ཀྱི་སྤུ་གྲིས་གཏམས༔ སྤུ་གྲིས་ཤད་ཤད་སྙིང་ལ་ཤད༔ ཆིབས་སུ་བསྲེ་ཡི་ཁྱུང་ཆེན་བཅིབས༔ ཁྱུང་ཆེན་ཆིབས་ལ་ད་ཚུར་བྱོན༔ ཕྱག་ན་བསྲེ་ཡི་མདུང་ཐུང་འཕེན༔ བསྲེ་ཡི་ཚེམ་ཁྲབ་ཁྲབས་སེ་ཁྲབ༔ ཚེམ་ཁྲབ་འབར་བའི་གོང་མིག་ནས༔ བསྲེ་ཡི་མདུང་ཐུང་སི་ལི་ལི༔ ལྕགས་ཀྱི་མདེའུ་ཤ་ར་ར༔ གཞུ་མོ་རྒྱུད་ལ་སྒྲིམ་པའི་མད༢༔ དགྲ་བོའི་སྙིང་ལ་གཟེར་ཆེན་ཕོབ༔ ཁོང་ནས་ལྕགས་ཀྱི་གཞུ་བདུངས་ལ༔ ཁ་ནས་ལྕགས་མདའ་སྔོན་པོ་འཕེན༔ ལྕགས་ཀྱི་མདའ་ཟོར་སྙིང་ལ་སྡིག༔ ཁྲག་མདའ་ཁྲག་ཕུར་སི་ལི་ལི༔ ཁྲག་མདའི་བུ་ཡུག་ཆར་དུ་ཕོབ༔ དགྲ་བོའི་ཁོང་དུ་དུག་ཅིག་གཡོས༔ དམ་ཉམས་དགྲ་བོའི་གཤེད་དུ་ཆེ༔ ཉམས་པའི་སྲོག་ལ་མ་ར་ཡ༔ བྷྱོ༔ ཁྱོད་ཀྱི་ཤན་པ་ལག་རིང་ནི༔ ཕྱག་ན་ལྕགས་ཀྱི་ཐོ་ཆེན་ཐོགས༔ ཞགས་པ་ནག་པོ་ཀླད་ལ་སྐོར༔ མོན་པ་ནམ་གྱི་ཕྱེད་ལ་རྒྱུག༔ དེང་སང་བསམ་བརླག་གཉིད་ལོག་གི༔ བླ་


CMR017_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བསད་པའི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ༔ ནུབ་ཕྱོགས་དྲེགས་པའི་ཡུལ་རྩེ་ནས༔ ཡ་བདུད་ཚངས་པའི་རྒྱལ་པོ་ནི༔ བསྭེ་མཁར་སྨུག་པོ་གྱད་ཆེན་ཏེ༔ བསྲེ་ཡི་སོག་པོ་གདོང་རིང་ནི༔ རལ་པ་སེར་པོ་གྱེན་ལ་བརྗེས༔ བསྲེ་ཁྲབ་དམར་པོ་སི་ལི་ལི༔ ཚེམ་ཁྲབ་འབར་བའི་གོང་མིག་ནས༔ ཁྲག་མདའ་མདེའུ་ཆུང་ཤ་ར་ར༔ ཟངས་ཀྱི་སོ་བདར་ཁྲིགས་སེ་ཁྲིག༔ མཆེ་བ་ཟངས་ཀྱི་སྤུ་གྲིས་གཏམས༔ སྤུ་གྲིས་ཤད་ཤད་སྙིང་ལ་ཤད༔ ཆིབས་སུ་བསྲེ་ཡི་བྱ་གླག་བཅིབས༔ བྱ་གླག་ཆིབས་ལ་ད་ཚུར་བྱོན༔ སྐུ་ལ་བསྲེ་ཡི་ཚེམ་ཁྲབ་གསོལ༔ ཕྱག་ན་བསྲེ་ཡི་མདུང་ཐུང་འཕེན༔ བསྲེ་ཡི་ཚེམ་ཁྲབ་ཁྲབས་སེ་ཁྲབ༔ ཚེམ་ཁྲབ་འབར་བའི་གོང་མིག་ནས༔ བསྲེ་ཡི་མདུང་ཐུང་ཤ་ར་ར༔ གཞུ་མོ་རྒྱུད་དུ་བརྒྱུས་པའི་མདའ༔ དགྲ་བོའི་སྙིང་ལ་གཟེར་ཆེན་ཕོབ༔ ཁོང་ནས་རྩ་ཡི་གཞུ་བདུངས་ཤིང་༔ ཁ་ནས་ཁྲག་གི་མདའ་འཕེན་པ༔ ཁྲག་མདའ་དམ་པོ་སྙིང་ལ་སྡིག༔ ཁ་ནས་བསྲེ་མདའ་དམར་པོ་འཕེན༔ ཁྲག་མདའ་ཁྲག་ཕུར་སི་ལི་ལི༔ ཁྲག་མདའ་བུ་ཡུག་ཆར་དུ་ཕོབ༔ དགྲ་བོའི་ཁོང་དུ་དུག་ཅིག་གཡོས༔


CMR017_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དགྲ་བོའི་གཤེད་དུ་ཆེ༔ ཉམས་པའི་སྲོག་ལ་མ་ར་ཡ༔ བྷྱོ༔ ཁྱོད་ཀྱི་ཤན་པ་ལག་རིང་ནི༔ བསྭེ་ཡི་བྱ་ཁྲ་ཆེན་པོ་ལ༔ གཡུ་ཡི་གཤོག་པས་སྟོང་གསུམ་གང་༔ གཤོག་པས་དགྲ་བོའི་ཀླད་ལ་བཤལ༔ མཆུ་འགུགས་དགྲ་བོའི་བླ་ལ་འགུགས༔ སྡེར་མོས་དགྲ་བོའི་སྙིང་ལ་བཤལ༔ བླ་ཚེ་སྐམ་པའི་དུས་ལ་བབ༔ སྲོག་རྩ་བཅད་པའི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ བྱང་ཕྱོགས་དྲག་པོའི་ཡུལ་རྩེ་ནས༔ གནོད་སྦྱིན་ཚོགས་ཀྱི་རྒྱལ་པོ་སྟེ༔ བསྲེ་མཁར་སྨུག་པོའི་ནང་ཤེད་ནས༔ བསྲེ་ཡི་གྱད་ཆེན་ཕུར་པའི་ལྷ༔ བསྲེ་ཡི་སོག་པོ་གདོང་རིང་ནི༔ རལ་པ་དམར་པོ་ཧ་ར་མིག༔ གནོད་སྦྱིན་རྒྱལ་པོ་ཧ་ར་མ༔ ཟངས་ཀྱི་སོ་བདར་ཁྲིགས་སེ་ཁྲིག༔ བསྲེ་ཡི་ཚེམ་ཁྲབ་སི་ལི་ལི༔ ཚེམ་ཁྲབ་འབར་བའི་གོང་མིག་ནས༔ དུང་གི་མདའ་ཐུན་ཤ་ར་ར༔ མཆེ་བ་ཟངས་ཀྱི་སྤ་གྲིས་གཏམས༔ སྤུ་གྲིས་ཤད་ཤད་སྙིང་ལ་ཤད༔ ཆིབས་སུ་བསྲེ་གཡག་ཁམ་པ་བཅིབས༔ བསྲེ་གཡག་ཆིབས་ལ་ད་ཚུར་བྱོན༔ སྐུ་ལ་བསྲེ་ཡི་ཚེམ་ཁྲབ་གསོལ༔ ཕྱག་


CMR017_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྲེ་ཡི་མདུང་ཐུང་འཕེན༔ ཞབས་ལ་བསྲེ་ཡི་ལྷམ་བཟང་གསོལ༔ བསྲེ་ཡི་ཚེམ་ཁྲབ་ཁྲབས་སེ་ཁྲབ༔ ཚེམ་ཁྲབ་འབར་བའི་གོང་མིག་ནས༔ བསྲེ་ཡི་མདུང་དམར་སི་ལི་ལི༔ གཞུ་མོ་རྒྱུད་དུ་བརྒྱུས་པའི་མདའི༔ དགྲ་བོའི་སྙིང་ལ་གཟེར་ཆེན་ཕོབ༔ ཁོང་ནས་སྦྲུལ་གྱི་གཞུ་བདུངས་ཤིང་༔ ཁ་ནས་དུག་གི་མདའ་འཕེན་པ༔ དུག་མདའ་ནག་པོ་སྙིང་ལ་བརྡེག༔ བསྭེ་གཡག་བཅིབས་ཤིང་ད་ཚུད་བྱོན༔ ཉམས་པའི་སྲོག་ལ་དུག་མདའ་ཡ༔ ཁྲག་མདའ་ཁྲག་ཕུར་སི་ལི་ལི༔ ཁྲག་མདའ་བུ་ཡུག་ཆར་དུ་ཕོབ༔ དགྲ་བོའི་ཁོང་དུ་དུག་ཅིག་གཡོས༔ དམ་ཉམས་དགྲ་བོའི་གཤེད་དུ་གཤེགས༔ ཉམས་པའི་སྲོག་ལ་མཱ་ར་ཡ༔ བྷྱོ༔ ཁྱོད་ཀྱི་ཤན་པ་ལག་རིང་ནི༔ བསྲེ་ཡི་སྤྲང་མོ་ཆེན་པོ་ལ༔ མཆེ་བ་སྤུ་གྲིས་གཏམས་པ་འདྲ༔ ཉི་ཟེར་ཟླ་བའི་ཟེར་ལ་བཅིབས༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བསྲེ་ཡི་སྐྱེས་བུ་མཆེད་དེ་བཞི༔ བདག་དང་རྒྱུ་སྦྱོར་འཁོར་བཅས་དང་༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ ཐམས་ཅད་གཅིག་ཏུ་


CMR017_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་ཀྱང་༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ བཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཆོད་ཅིག་གཏུབས་ཤིག་རྣམ་པར་གཏོར༔ ཟློག་ཅིག་སྡང་བའི་དགྲ་ཟློག་ཅིག༔ གཡས་སུ་ཆིངས་ལ་གཡོན་དུ་སྒྱུར༔ བློ་སྦྱོ་སྡང་བའི་དགྲ་ལ་སྦྱོ༔ སྡང་བར་བྱེད་པའི་དགྲ་ཟློག་ཅིག༔ གནོད་པར་བྱེད་པའི་བགེགས་ཟློག་ཅིག༔ སྔོན་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བྷྱོ་བྷྱོ་ཟློག་ཟློག་བྷྱོ༔ སྲིད་གསུམ་མ་ལུས་ཟས་སུ་ཟ་བའི་ཕྱིར༔ ལས་ཀྱི་ཁྱི་བརྒྱད་ལས་ལ་འགྱེད༔ ཟས་སུ་གཙང་བཙོག་མེད་པར་ཟ༔ དེ་ཕྱིར་ཚྭ་ས་ཤ་ཆེན་ཞིམ༔ སྐོམ་དུ་ཁ་མངར་མེད་པར་འཐུང་༔ དེ་ཕྱིར་ཁྲག་དང་དྲི་ཆབ་ཞིམ༔ བང་ནི་དལ་དུབ་མེད་པར་རྒྱུག༔ དེ་ཕྱིར་གསང་བའི་དཀྱིལ་འཁོར་སྐྱོང་༔ རྫི་ནི་ཕྱི་ནང་མེད་པར་རྣོ༔ དེ་ཕྱིར་བདུད་ཀྱི་མེལ་ཙེ་མ༔ སྐད་ནི་ཉེ་རིང་མེད་པར་ཟུག༔ དེ་ཕྱིར་ཡེ་ཤེས་སྤྲུལ་པའི་ཁྱི༔ ཤར་གྱི་ཕྱོགས་ནས་རྒྱུག་པ་ནི༔ འབྲུག་སྒྲ་ལྡིར་ཞིང་དྲི་ཟ་འདུལ༔ དྲི་ཟ་སྟོང་གི་ཀླད་པ་འགེམས༔ ལྷོ་ཡི་ཕྱོགས་ནས་རྒྱུག་པ་ནི༔ གློག་དམར་བཅིབས་ཤིང་གཤིན་རྗེ་སྒྲོལ༔


CMR017_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་རྒྱལ་པོ་ཤ་ལ་ཟྭ༔ ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ནི༔ རྡོ་རྗེ་ཁྱུང་འབྲུག་ཀླུ་བདུད་འདུལ༔ ཀླུ་བདུད་སྟོང་གི་ཁྲག་འཇིབས་མ༔ བྱང་གི་ཕྱོགས་ནས་རྒྱུག་པ་ནི༔ གནོད་སྦྱིན་སྐལ་ཚོལ་དྲྭ་བ་འཇོམས༔ གནོད་སྦྱིན་སྟོང་གི་སྙིང་འབྱིན་མོ༔ ཤར་ལྷོ་ཕྱོགས་ནས་རྒྱུག་པ་ནི༔ མེ་ཡི་དྲང་སྲོང་དཔུང་སྒྲོན་མ༔ དྲང་སྲོང་མེ་ལྷ་བཞེས་སྐུར་འདེབས༔ ལྷོ་ནུབ་མཚམས་སུ་རྒྱུག་པ་ནི༔ སྲིན་པོའི་ཐོད་རུས་ཟས་སུ་ཟ༔ སྲིན་མོ་ཁྲག་འཐུང་དབང་མོ་ཆེ༔ ནུབ་བྱང་མཚམས་ནས་རྒྱུག་པ་ནི༔ རླུང་ལྷ་སྔོན་མོའི་བ་དན་ཐོགས༔ རླུང་ལྷ་སྟོང་གི་ཁྲག་འཇིབས་མ༔ བྱང་ཤར་མཚམས་ནས་རྒྱུག་པ་ནི༔ ཉི་ཟླ་གཟའ་སྐར་ཁ་ལེ་ཁ༔ འབྱུང་པོ་ཀུན་གྱི་གཤེད་མ་བྱེད༔ ཀུན་ཀྱང་མི་བཟད་ཅི་འདྲ་ན༔ རལ་པ་སེར་སྤྲིན་འཁྲིགས་པ་འདྲ༔ སྤུ་མདོག་ལྕགས་སྐུད་འདྲིལ་བ་འདྲ༔ སྡེར་མོ་ལྕགས་ཀྱུ་འབར་བ་འདྲ༔ སྤྱན་མིག་ཉི་མ་ཤར་བ་འདྲ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ བར་ཆད་བྱེད་པའི་དགྲ་དང་བགེགས༔ སྒྲུབ་པ་ལས་ཀྱི་བྱ་ར་མཛོད༔ དགྲ་བགེགས་ཐམས་ཅད་བརླག་པར་མཛོད༔ རིཀཱ་ལང་ཀ་ཀུ་ཀུ་རཱ་ཙ་


CMR017_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཛཿབྷྱོ་བྷྱོ༔ ཟློག་ཟློག༔ དེ་ནས་ཕོ་ཉ་མཁའ་འགྲོ་རྣམས་བསྐུལ་ཏེ༔ བྷྱོ༔ རྡོ་རྗེ་གཞོན་ནུའི་སྤྲུལ་པ་སྟེ༔ མཁའ་དབྱིངས་རྣམ་པར་དག་པའི་ཕོ་ཉ་རྣམས༔ ལ་ལ་ཤེལ་གྱི་གདོང་དགུ་མ༔ ཤེལ་གྱི་རལ་པའི་སྤུ་གསེབ་ནས༔ སྡོམ་དང་སྡིག་པ་འཁྲོལ་བར་འབྱུང་༔ དེ་ཡང་དགྲ་བགེགས་གཉེན་པོར་གཤེགས༔ ལ་ལ་བསྲེ་ཡི་གདོང་དགུ་མ༔ བསྲེ་ཡི་རལ་པའི་སྤུ་གསེབ་ནས༔ ཆུ་སྲིན་རུས་སྦལ་འཁྲོལ་བ་འབྱུང་༔ དེ་ཡང་དགྲ་བགེགས་གཉེན་པོར་གཤེགས༔ ལ་ལ་ལྕགས་ཀྱི་གདོང་དགུ་མ༔ ལྕགས་ཀྱི་རལ་པའི་སྤུ་གསེབ་ནས༔ སྟག་དང་སེང་གེ་འཁྲོལ་བར་འབྱུང་༔ དེ་ཡང་དགྲ་བགེགས་གཉེན་པོར་གཤེགས༔ ལ་ལ་ཟངས་ཀྱི་གདོང་དགུ་མ༔ ཟངས་ཀྱི་རལ་པའི་སྤུ་གསེབ་ནས༔ བྱི་ལ་སྲེ་མོང་འཁྲོལ་བར་འབྱུང་༔ དེ་ཡང་དགྲ་བགེགས་གཉེན་པོར་གཤེགས༔ ལ་ལ་དུང་གི་གདོང་དགུ་མ༔ དུང་གི་རལ་པའི་སྤུ་གསེབ་ནས༔ སྐྱ་ག་པུ་ཤུད་འཁྲོལ་བར་འབྱུང་༔ དེ་ཡང་དགྲ་བགེགས་གཉེན་པོར་གཤེགས༔ ལ་ལ་གནམ་གྱི་ཁྱི་མོ་ལ༔ ཁ་རླངས་སྤྲིན་གྱི་དཀྱིལ་འཁོར་ནས༔ ཐོག་དང་སེར་བ་ཁ་ཆར་འབེབས༔ དེ་ཡང་དགྲ་བགེགས་གཉེན་


CMR017_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གཤེགས༔ ལ་ལ་བསྲེ་ཡི་མགོ་བོ་ལ༔ བསྲེ་ཡི་རལ་པའི་སྤུ་གསེབ་ནས༔ ཁྲི་དང་སྤྱང་ཀུ་འཁྲོལ་བར་འབྱུང་༔ དེ་ཡང་དགྲ་བགེགས་གཉེན་པོར་གཤེགས༔ ལ་ལ་ཁྱུང་གི་མགོ་བོ་ལ༔ ཁྱུང་གི་རལ་པའི་སྤུ་གསེབ་ནས༔ སྡེར་ཆགས་མང་པོ་འཁྲོལ་བར་འབྱུང་༔ དེ་ཡང་དགྲ་བགེགས་གཉེན་པོར་གཤེགས༔ ལ་ལ་སྟག་གི་མགོ་བོ་ལ༔ སྟག་གི་རལ་པའི་སྤུ་གསེབ་ནས༔ གཅན་གཟན་མང་པོ་སྤྲིན་ལྟར་གཏིབ༔ ཀང་ཀ་འདབ་ཆགས་ནམ་མཁའ་ཁེངས༔ མ་གཡེལ་ཕོ་ཉ་སྲུང་མའི་ཚོགས༔ ་སྔགས་པས་བོས་ཤིང་རྦད་པའི་ཚེ༔ ཅི་བགྱིའི་བཀའ་ཉན་ཚོགས་ནི་སྤྲིན་ལྟར་གཏིབས༔ ཕོ་ཉ་རལ་པའི་ཚོགས་ནི་སྐར་ལྟར་འཁྲུགས༔ ཐུགས་རྗེའི་བྱིན་རླབས་ཚོགས་ནི་གློག་ལྟར་འགྱུ༔ དགྲ་བགེགས་འདུལ་བའི་དུས་ལ་བབ༔ སྡང་བའི་དགྲ་བགེགས་ཐམས་ཅད་ཟློག༔ བྷྱོ་སྦྱོ་ཟློག་ཟློག༔ དེ་ནས་ཕོ་ཉ་མགྱོགས་བྱེད་རྣམས་བསྐུལ་པ་ནི༔ བྷྱོ༔ ལྕགས་ཀྱི་སྤྱང་མོ་བརྒྱད་ནི་ཤ་ར་ར༔ དུང་གི་ཁྱི་མོ་བརྒྱད་ནི་ཁྲོ་ལོ་ལོ༔ གསེར་གྱི་འཕར་བ་བརྒྱད་ནི་ཐ་ར་ར༔ ཟངས་ཀྱི་སྤྱང་མོ་བརྒྱད་ནི་སི་ལི་ལི༔ སྟག་སྤྲུལ་བྱེ་བ་བརྒྱད་ནི་


CMR017_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཤིགས་སེ་ཤིག༔ ཁྱུང་གི་ཁྲ་ཆེན་བརྒྱད་ནི་འཕུར་དང་ལྷབས་སེ་ལྷབ༔ འདབས་ཆགས་མང་པོ་ཚོགས་ཀྱིས་བར་སྣང་ཁེངས༔ མཆེ་བ་ཅན་གྱི་ཚོགས་ཀྱིས་ས་གཞི་ཁེངས༔ མ་ཐོགས་མྱུར་དུ་དགྲ་བགེགས་གཉེན་པོར་གཤེགས༔ སྡང་བའི་དགྲ་བགེགས་བཟློག་ཏུ་གསོལ༔ ཧཱུྃ༔ འཇིགས་བྱེད་ཁྲོ་བོ་འབར་བའི་ཚོགས༔ དེ་ཡི་འཁོར་ན་གནས་པ་ཡི༔ བདག་ཉིད་ཆེན་པོ་འཁོར་དང་བཅས༔ ཤྭ་ན་མ་ཚོགས་འཁོར་དང་བཅས༔ ས་བདག་ཆེན་མོ་འཁོར་དང་བཅས༔ མ་མོ་མཁའ་འགྲོ་འཁོར་དང་བཅས༔ སྒྲོལ་གིང་གཤེད་པོ་འཁོར་དང་བཅས༔ མ་བདུན་སྲིང་བཞི་འཁོར་དང་བཅས༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས༔ སོ་སོར་ཇི་ལྟར་མོས་པ་བཞིན༔ མཆོད་པ་ཆེན་པོ་འདི་བཞེས་ལ༔ བར་ཆད་ཞི་བར་བྱ་བ་དང་༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ གལ་ཏེ་མཆོད་གཏོར་མ་བླངས་ཤིང་༔ ལས་རྣམས་མྱུར་དུ་མི་སྒྲུབ་ཅིང་༔ བར་ཆད་ཞི་བར་མ་བྱས་ན༔ ཉམས་པའི་ཆད་པ་ཅི་ཉེས་པ༔ ཁྱོད་ལ་འབྱུང་སྟེ་ན་ར་ཤི༔ དེ་བས་མཆོད་གཏོར་འདི་ལོངས་ལ༔ ལས་རྣམས་མྱུར་དུ་


CMR017_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པར་མཛོད༔ བར་ཆད་ཐམས་ཅད་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ སྡང་བའི་དགྲ་བགེགས་བཟློག་ཏུ་གསོལ༔ ཧཱུྃ༔ མ་གཡེལ་མ་གཡེལ་སྲུང་མ་ཐུགས་དམ་ཅན༔ དམ་ཅན་དམ་ལ་མི་གནས་སྲིད་ལགས་སམ༔ འབྱུང་བ་རླུང་ལ་མི་བརྟེན་སྲིད་ལགས་སམ༔ འདབ་ཆགས་མཁའ་ལ་མི་བརྟེན་སྲིད་ལགས་སམ༔ སྐྱེ་འགྲོ་དབུགས་ལ་མི་བརྟེན་སྲིད་ལགས་སམ༔ ཡེ་ཤེས་ལྷ་དང་འཇིག་རྟེན་སྲུང་མའི་ཚོགས་སེང་གེ་གླང་ཆེན་ཁྲི་བཤམས་འཕངས་མ་དམ༢༔ ཉི་ཟླ་པདྨའི་གཟན་དུ་བོར་བའི་སྲུང་མ་རྣམས༔ ལུས་སྲོག་འབེན་ཏུ་བཙུགས་ནས་ཁྱེད་བསྒྲུབས་ན༔ དཀའ་བའི་ཚེ་ན་དམ་ཅན་ཁྱོད་བསྒྲུབས་ན༔ རིང་བའི་ཚེ་ན་དམ་ཅན་ཁྱོད་བསྒྲུབས་ན༔ ཡང་བརྟེན་དེ་ནི་ཡང་བོས་ན༔ སྲིན་པོ་ལང་ཀ་མགྲིན་བཅུ་ཡང་ཕ་བས་བྱམས་ཤིང་བུ་བས་གདུང་༔ ཡང་བརྟེན་དེ་ནི་ཡང་བོས་ན༔ ལང་ཀ་ཤོད་ཀྱི་སྲིན་མོ་ཡང་༔


CMR017_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མ་བས་བྱམས་ཤིང་སྲིང་བས་གདུང་༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས༔ ཧཱུཾ་བྷྱོ༔ དཔལ་གྱི་ཕོ་ཉ་ལས་མཁན་མ༔ ཤར་གྱི་ཕྱོགས་ནས་བྱུང་བ་ནི༔ དཀར་མོ་དུང་གི་མཆེ་བ་ཅན༔ མཁའ་ལ་འབྱུང་བའི་མཛོད་འབྱིན་མ༔ ལག་ན་སྤུ་གྲིས་སེམས་ཅན་སྒྲོལ༔ ཞལ་དུ་སེམས་ཅན་སྙིང་ཁྲག་འཐུང་༔ སྤྲུལ་པ་ཐོག་དང་སེར་ཆེན་འབེབས༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད༔ སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ༔ བསྐལ་པ་བརྒྱད་ཁྲིའི་ཕ་རོལ་ནས༔ དམ་ལ་ཉམས་པའི་བླ་འདྲེན་མ༔ ཉམས་པའི་བླ་དང་སྲོག་ལ་ཡཱ༔ ལྷོ་ཡི་ཕྱོགས་ནས་བྱུང་བ་ནི༔ ནག་པོ་ལྕགས་ཀྱི་ལན་ཚར་ཅན༔ ཁྱུང་གི་ཁྲ་ཐོགས་གཡས་པ་ན༔ བྷནྡྲ་གྲི་ཐོགས་གསོད་ལ་རྔམས༔ མི་སྲུན་མགོ་ལ་གཅེར་བུ་ལན་ཚར་ཅན༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད༔ སུམ་བརྒྱ་དྲུག་ཅུའི་གཙོ་མོ་ནི༔ བསྐལ་པ་བརྒྱད་ཁྲིའི་ཕ་རོལ་ནས༔ དཔག་ཚད་བྱེ་བའི་བླ་སྲོག་འགུགས༔ ཉམས་པའི་བླ་དང་སྲོག་ལ་ཡཱ༔ ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ནི༔ དམར་མོ་ཉི་མའི་འོད་འཕྲོ་མ༔ གདུག་པ་འདུལ་ལ་དྲྭ་བ་སེར༔ གསོད་ལ་རྔམས་


CMR017_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ལ་བརྩོན༔ མཆེ་གཙིགས་གཡང་གཞི་གོས་སུ་གྱོན༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད༔ སུམ་བརྒྱ་དྲུག་ཅུའི་གཙོ་མོ་ནི༔ རབ་ཏུ་མི་སྲུན་བླ་འགུགས་མ༔ ཉམས་པའི་བླ་དང་སྲོག་ལ་ཡ༔ བྱང་གི་ཕྱོགས་ནས་འབྱུང་བ་ནི༔ ལྗང་ནག་འཁྱིལ་པའི་ཐོད་གདེངས་ཅན༔ སེར་མོ་རལ་ཅན་འབུམ་གྱིས་བསྐོར༔ ཕྱག་ན་རལ་གྲི་གསོད་ལ་རྔམས༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད༔ སུམ་བརྒྱ་དྲུག་ཅུའི་གཙོ་མོ་ནི༔ སྔར་ནས་དགྲ་བོའི་བླ་འགུགས་མ༔ ཉམས་པའི་བླ་དང་སྲོག་ལ་ཡཱ༔ བྷྱོ༔ ནམ་མཁའི་ལྷ་མོ་ཕུར་པའི་ལྷ༔ ཕྱག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ༔ སྤྱན་བརྒྱ་ཁྲག་གི་མཆི་མ་འཛག༔ ཞལ་བརྒྱ་གདུག་པའི་ངན་སྔགས་ཟློ༔ ཚེམས་ཀྱིས་སྐྱེ་ཤི་རྩད་ནས་གཅོད༔ ཕུར་པའི་ལས་མཁན་ཆེན་མོ་སྟེ༔ རབ་ཏུ་མི་སྲུན་ལས་ལ་བརྩོན༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད༔ སུམ་བརྒྱ་དྲུག་ཅུའི་གཙོ་མོ་ནི༔ རྡོ་རྗེའི་སྐུ་གསུང་ཐུགས་ལས་སྤྲུལ༔ ཉམས་པའི་བླ་དང་སྲོག་ལ་ཡཱ༔ དཔལ་གྱི་ཕོ་ཉ་ཁྱེད་རྣམས་ཀྱིས༔ བདག་དང་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ ཐམས་


CMR017_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ ཟུང་ཞིག་བཏོགས་ཤིག་རྣམ་པར་ཆིངས༔ བཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཆོད་ཅིག་གཏུབས་ཤིག་རྣམ་པར་གཏོར༔ ཟློག་ཅིག་སྡང་བའི་དགྲ་ཟློག་ཅིག༔ གཡས་སུ་ཆིངས་ལ་གཡོན་དུ་སྒྱུར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ སྔོན་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ ད་ཡང་ཕྲིན་ལས་དགྲ་བགེགས་ཟློག༔ བློ་བློ་ཟློག་ཟློག་ཧཱུྃ༔ ལྷ་ཆེན་དྲག་པོའི་ངར་དབུགས་ཟློག༔ ལྷ་མ་ཡིན་གྱི་དགྲ་འཐབས་ཟློག༔ སྐེམ་བྱེད་ལྕགས་ཀྱུས་ཟིན་པ་ཟློག༔ དྲང་སྲོང་རྣམས་ཀྱི་དམོད་མོ་ཟློག༔ མ་མོའི་ཐུན་ཟོར་དགྲམ་པ་ཟློག༔ ཕྲ་མེན་མ་ཡི་ཉེས་བྱེད་ཟློག༔ ས་བདག་ཀླུ་ཡི་གདུག་བྱེད་ཟློག༔ ཕོ་ཉའི་རྦོད་གཏོང་འབྱུང་བ་ཟློག༔ འབྱུང་པོའི་ཐོད་ཟོར་འཕེན་པ་ཟློག༔ ཕྱི་མོས་ཉུང་ཟོར་འཕེན་པ་ཟློག༔ མུ་སྟེགས་བོན་པོའི་བྱོལ་ཟོར་འཕེན་པ་ཟློག༔ བནྡེས་ཧོམ་སྤར་སྔགས་བྱང་ཟློག༔ ཞང་ཞུང་བོན་པོའི་ཛོ་དམར་ཟློག༔ སུམ་པའི་གླང་དང་གླིང་སྐྱེས་ཟློག༔ མེ་ཉག་གིས་ནི་འབོགས་འདྲེ་ཟློག༔ ཁྱུང་པོས་གླང་དང་བཙན་ལྡང་བྱེད་


CMR017_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟློག༔ མུ་སྟེགས་ཕྱི་པའི་ངན་སྔགས་ཟློག༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག༔ མས་ཀྱི་སྲི་རུ་ལྡང་བ་ཟློག༔ ལྟག་པའི་བདུད་དུ་ལྟ་བ་ཟློག༔ དཔྲལ་བའི་གཤེད་དུ་འཁོར་བ་ཟློག༔ ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་ཟློག༔ གཞོན་སྲི་གོད་སྲི་དབུལ་སྲི་ཟློག༔ ཕ་མྱེས་ཡང་ཀྱི་དུར་བཙན་ཟློག༔ བདུད་ཀྱི་ཕྱག་བརྙན་ངན་ཐབས་ཟློག༔ ལོ་ཀག་ཀེའུ་གཤེད་བཞི་ཟློག༔ ས་ལ་ཞག་གྲངས་གནམ་ལ་སྐར་རྩིས་ཟློག༔ གནམ་གྱི་དལ་ཁ་ད་ཟློག་ཅིག༔ མཐའ་ཡི་དལ་ཁ་བཅས་པ་ཟློག༔ བྱ་ཉེས་མནའ་དྲི་བསྡུ་བ་ཟློག༔ ཡུལ་མི་ཁྱིམ་མཚེས་དམོད་མོ་ཟློག༔ གཡས་ནས་ཕོ་བརྒྱའི་མདའ་འཕེན་ཟློག༔ གཡོན་ནས་མོ་བརྒྱས་དུག་སྦྱོར་ཟློག༔ སྔོན་ནས་རྩང་བཞིན་སྡོད་པ་ཟློག༔ རྒྱབ་ནས་ཁྱི་བཞིན་འབྲང་བ་ཟློག༔ མོ་ངན་སོག་སྡིག་རྨིས་ངན་ཟློག༔ སྲོད་ལ་བྱ་ཕོ་གྲགས་པ་ཟློག༔ ཐོ་རངས་སྒོ་ཁྱི་དུ་བ་ཟློག༔ འུག་པ་སྲོད་ལ་དགོད་པ་ཟློག༔ སྲིན་བྱའི་ལྟས་ངན་གནོད་པ་ཟློག༔ བལ་པོ་མང་པོའི་སྐྱོགས་ཟེར་ཟློག༔ བལ་མོ་མང་པོའི་ངན་སྔགས་ཟློག༔ སྔ་ཞགས་མདའ་ལྟར་འཕེན་པ་ཟློག༔ ཕྱི་ཞགས་དུད་ལྟར་འཐུལ་བ་


CMR017_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག༔ ཕ་ཚན་ཆེན་པོའི་རྒྱབ་འདྲེ་ཟློག༔ དར་ཚན་ཆེན་པོའི་སྟོང་འདྲེ་ཟློག༔ ཉེ་བ་ཡི་ནི་བྱོལ་ཁཟློག༔ ཕུ་བོ་ནུ་བོའི་བྱོལ་ཁ་ཟློག༔ ཡས་ཀྱི་བདུད་དཔུང་བྱེད་པ་ཟློག༔ བྱུར་གྱི་སྣ་འདྲེན་བྱེད་པ་ཟློག༔ ལུས་ལ་ནད་དུ་བཏང་བ་ཟློག༔ ཚེ་ལ་བར་དུ་གཅོད་པ་ཟློག༔ ལྐོག་ནས་འབུ་བཞིན་གཡེང་བ་ཟློག༔ ངོ་ལ་གདོང་ཐུག་བྱེད་པ་ཟློག༔ ལུས་ལ་སྦྲུལ་ལྟར་འཁྲིལ་བ་ཟློག༔ ངོ་ལ་སྤེལ་ལྟར་འཛེགས་པ་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ སྦྱོར་བ་ངན་པ་ཐམས་ཅད་ཟློག༔ མཐུ་སྒྲུབ་བྱེད་ཁ་ཐམས་ཅད་ཟློག༔ ཕུར་ཁ་གཏད་ཁྲམ་ཐམས་ཅད་ཟློག༔ སྔགས་བྱད་དམོད་བྱད་ཐམས་ཅད་ཟློག༔ སྡང་བའི་གྲ་དང་གནོད་པའི་བགེགས༔ དཔལ་ཆེན་ཁྲག་འཐུང་འཁོར་བཅས་ཀྱིས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ནི༔ བཤགས་དང་སྦྱང་བ་བརྩམས་ནས་ཀྱང་༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཚལ་པ་ཚལ་པ༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ བྷྱོ་བྷྱོ༔ ཟློག་ཟློག༔ ད་ནི་བདག་ལ་སྦྱོར་བ་ངན་པ་བཏང་བ་དེ་ལ་ཕར་རྒོལ་བར་བསམ་སྟེ༔ དེ་ནས་


CMR017_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་འཕངས་ཏེ༔ བདག་ལ་སྦྱོར་བ་ངན་པ་བྱེད་པའི་སྟེང་དུ་རི་བོང་གི་མགོ་གཅིག་དགྲ་བོར་དམིགས་ཏེ་བཞག༔ དེ་ཡི་ཁར་མིང་རུས་བཞག༔ མདའ་བྱ་རྒོད་མ་གཅིག༔ འག་སྒྲོག་པ་མ་གཅིག༔ ཁྲ་སྒྲོ་མ་གཅིག༔ བྱ་རོག་མ་གཅིག༔ གདོང་ལ་ར་ཁྲག་གིས་བྱུག་ཛབྲི༔ རྩེ་མོ་ལ་ཧཱུྃ་བྲི༔ མདེའུའི་རྩ་བར་རྐེ་ཚེ་ཉུངས་དཀར༔ པི་པི་ལིང་དང་དེ་རྣམས་ཀྱིས་བྱུག་ལ༔ དེ་ནས་གཞུ་ཡི་ཐག་པ་ལ་ར་ཁྲག་གིས་ཧཱུཾ་དང་ཡ་བྲིས་ལ་བདག་ཉིད་ཁྲ་མེན་མ་བསྲེ་ཡི་གདོང་ཅན་ཅིག་ཏུ་བསྒོམས་ལ༔ ཙོའུ་རི་མའི་ཕྱག་རྒྱས་འཕངས་ཏེ༔ ཧཱུྃ༔ གཞུ་ནི་གནམ་ལྕགས་ཞུན་མ་ལ༔ ཟངས་ལྕགས་ཞུན་མའི་རྒྱུན་ཐག་སྟེ༔ གང་གང་ཆུམ་ཆུམ་རྣོ་དྲག་བཞེངས་སུ་གསོལ༔ ཞེས་པས་གཞུ་བདུང་ངོ་༔ དེ་ནས་མདའ་གསིལ་ཞིང་མདའ་ལྟོང་སྦྱར་ལ༔ ཧཱུྃ༔ མདའ་ནི་ལྕགས་མཚོན་དྲག་པོ་ལ༔ མཛེས་པའི་རྡོ་རྗེ་འབར་བའི་མདའ༔ ཐབས་ཀྱི་གཤོག་འབར་བཞི་ཡིས་སྒྲོན༔ མདའ་བཞི་གློག་ལྟར་འགྱུ་བའི་མདའ༔ དྲག་འཕངས་གནོད་བྱེད་ཙིཏྟ་འབིགས༔ ཅེས་ལྟོང་དུ་ཞུག༔ ཧཱུྃ༔ མིང་པོ་རྡོ་རྗེས་གོ་གྱོན་ལ༔ སྲིང་མོ་རྡོ་རྗེས་མཚོན་ཐོགས་ཤིག༔ མིང་པོ་རྡོ་རྗེས་གཡུལ་ཤོམས་ཤིག༔ སྲིང་མོ་རྡོ་རྗེས་དམག་སྣ་དྲོངས༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ དགྲ་ལྷའི་རྒྱལ་པོ་དམག་ལ་འདུས༔


CMR017_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་ཡུལ་དུ་ཟོར་འཕེན་ན༔ དམག་གི་རྒྱལ་མོས་ཟོར་སྣ་དྲོངས༔ ད་ནི་འཕེན་པའི་དུས་ལ་བབ༔ སྟེང་གི་ལྷ་ལ་ཟོར་མི་འཕེན༔ སྟེང་གི་ལྷ་ཡང་དཔང་མཛོད་ཅིག༔ འོག་།གི་ཀླུ་ལ་ཟོར་མི་འཕེན༔ འོག་གི་ཀླུ་ཡང་དཔང་མཛོད་ཅིག༔ བར་གྱི་ལྷ་སྲིན་རྣམས་ལ་ཟོར་མི་འཕེན༔ བར་གྱི་ལྷ་སྲིན་རྣམས་ཀྱང་དཔང་མཛོད་ཅིག༔ ཕོ་ལྷ་གཉན་ལ་ཟེར་མི་འཕེན༔ ཕོ་ལྷ་གཉན་ཡང་དཔང་མཛོད་ཅིག༔ དགྲ་བླ་གཉན་ལ་ཟོར་མི་འཕེན༔ དགྲ་བླ་གཉན་ཡང་དཔང་མཛོད་ཅིག༔ བར་གྱི་གཉན་ལ་ཟེར་མི་འཕེན༔ བར་གྱི་གཉན་ཡང་དཔང་མཛོད་ཅིག༔ འགོ་བའི་ལྷ་ལ་ཟོར་མི་འཕེན༔ འགོ་བའི་ལྷ་ཡང་དཔང་མཛོད་ཅིག༔ གཅེས་པའི་སྲུང་མ་རྣམས་ལ་ཟོར་མི་འཕེན༔ གཅེས་པའི་སྲུང་མ་རྣམས་ཀྱང་དཔང་མཛོད་ཅིག༔ ཕུག་ལྷ་རྨ་གཡང་རྣམས་ལ་ཟོར་མི་འཕེན༔ ཕུག་ལྷ་རྨ་གཡང་རྣམས་ཀྱང་དཔང་མཛོད་ཅིག༔ ཡུལ་ལྷ་གཞི་བདག་རྣམས་ལ་ཟོར་མི་འཕེན༔ ཡུལ་ལྷ་གཞི་བདག་རྣམས་ཀྱང་དཔང་མཛོད་ཅིག༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན༔ དམིགས་པའི་དགྲ་བོ་འདི་ལ་འཕེན༔ བསྲེ་ཡི་ཐག་


CMR017_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༔ གསེར་གྱི་བྲུལ་ཞིག་བཏགས༔ ལྕགས་ཀྱི་མཆོག་མ་ལ༔ ཟངས་ཀྱི་སྣལ་མས་བསྡམས༔ འབྲོང་རྒོད་རྒྱུད་ཀྱང་སྦས༔ དབང་གི་ཟོར་གཞུ་བྱས༔ ལྷོ་ཁ་མོན་ཡུལ་ནས༔ བསྲེ་སྨྱུག་ལྡེམ་པ་བླངས༔ ལྕགས་བྲག་གསེར་ཤོད་ནས༔ གནམ་ལྕགས་མདེལ་གྱིས་མཐུད༔ བྲག་བྱ་འུག་པ་དང་༔ རིག་པ་ཕོ་རོག་བསད༔ མདའ་ལ་སྒྲོ་ཡིས་སྒྲོན༔ འབྲོང་བུའི་སྤྲིན་གྱིས་བསྡམས༔ གདུག་ཤིང་ཚེར་མ་ཅན༔ ཟུར་ནི་རྣོན་པོར་བཞོགས༔ མདའ་ཡི་མདེའུ་བཙུགས༔ བསྲེ་མདའ་རྒྱུས་པས་དཀྲིས༔ བསྲེ་ཡི་སྐྱེས་བུའི་ཕྱག་ཏུ་གཏད༔ མདའ་ཟོར་འཕེན་པའི་དུས་ལ་བབ༔ སྡང་བར་བྱེད་པའི་དགྲ་ལ་ཡཱ༔ གནོད་པར་བྱེད་པའི་བགེགས་ལ་ཡཱ༔ དམིགས་པའི་དགྲ་བགེགས་འདི་ལ་ཡཱ༔ ཁ་ཁ་རཀྵ་ཕ་ལ་བྷྱོ་བྷྱོ༔ བཛྲ་ནག་ཁྲིད་དུ་ན་བྷྱོ༔ བདག་ཁ་ཤར་དུ་རྒྱུ་ལ་མདའ་རྒོད་སྒྲོ་མ་བཀང་ལ༔ ཧཱུྃ༔ ནམ་མཁའ་འོད་ཀྱི་དཀྱིལ་འཁོར་ནས༔ རྒོད་ཀྱི་མགོ་སྟེ་ཕྲ་མེན་མ༔ ཀྲོ་ཏ་ཧ་ཧ་བརྗོད་ནས་ཀྱང་༔ ཤར་གྱི་ཕྱོགས་སུ་ཁ་བལྟས་ནས༔ རླུང་ཤུགས་དྲག་པོས་སྐྱོད་པ་འདི༔ དཀར་ནག་མཚམས་སུ་བརྒྱབས་པ་ཡིས༔ དྲན་པ་མེད་པར་འཆི་


CMR017_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བར་ངེས༔ ཀྲྀཏ་མུ་ཁ་ཛ་ཆུད༔ ལྷོར་ཁ་བལྟས་ལ་འུག་སྒྲོ་མ་ལྟོང་དུ་བཅུག་ལ༔ ཧཱུྃ༔ ལྕགས་ལྟོང་འབར་བའི་དཀྱིལ་འཁོར་ནས༔ བསྲེ་མདའ་འུག་པའི་མགོ་བོ་ཅན༔ ཧེ་ཧེ་ཐང་གསུམ་བརྗོད་ནས་ཀྱང་༔ ལྷོ་ཡི་ཕྱོགས་སུ་ཁ་བལྟས་ནས༔ གསེར་མིག་གསལ་པའི་མིག་བཙུམས་ནས༔ རྭ་ཙ་ཞེས་པའི་སྔགས་བཟླས་པས༔ ལྟོང་དམར་འུག་པས་སྒྲོན་པའི་མདའ༔ གང་ལ་དམིགས་ཏེ་འཕངས་བྱས་ན༔ ཐེ་ཚོམ་མེད་པར་འཆི་བར་འགྱུར༔ ཧུ་ལུ་མུ་ཁ་མཱ་ར་ཡ་ཕཊ༔ ནུབ་ཏུ་ཁ་བལྟས་ལ་ཁྲ་སྒྲོ་མ་ལྟོང་དུ་བཅུག་ལ༔ ཧཱུྃ༔ ཞེ་སྡང་འབར་བའི་དཀྱིལ་འཁོར་ནས༔ ལྕགས་ཀྱི་བྱ་ཁྲ་འབར་བ་ལ༔ ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ནས༔ ལྟོང་དམར་ཁྲ་ཡི་སྒྲོ་བསྒྲོན་འདི༔ སྡང་དགྲ་གནོད་བྱེད་གང་ཡང་རུང་༔ མཁལ་མ་སྙིང་དང་ནང་རོལ་རྣམས་ཞེ་སྡང་བསྐྱེད་ནས་ལེན་པར་བྱེད༔ རྭ་ཙ་མུ་ཁ་མཱ་ར་ཡ་རྦད༔ བྱང་དུ་ཁོ་བལྟས་བྱ་རོག་མ་ལྟོང་དུ་བཅུག་ལ༔ ཧཱུྃ༔ མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ བྱ་རོག་མགོ་སྟེ་ཕྲ་མེན་མ༔ ཀྲོག་སྒྲ་ཐང་གསུམ་བྱས་ནས་ནི༔ བྱང་གི་ཕྱོགས་སུ་ཁ་བསྟན་ནས༔ དང་རུ་གཡས་པས་སྒྲོན་པའི་མདའ༔ སྡང་བའི་དགྲ་ལ་འཕངས་


CMR017_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ༔ མཱ་ར་ཡ་ཡི་སྔགས་བཟླས་ཤིང་༔ ཀླད་པའི་སྟེང་དུ་བརྒྱབ་པའི་ཚེ༔ སྨ་ཉམས་མེད་པར་འཆི་བར་འགྱུར༔ ལྭ་ཁ་མུ་ཁ་མཱ་ར་ཡ་ཐུན་ཡ༔ ཞེས་པས་ཟང་ཟང་བྱུང་བར་བསམ༔ བྷྱོ༔ ད་ནི་འཕེན་པའི་དུས་ལ་བབ༔ སྐྱེས་བུ་ཆེན་པོའི་དུས་ལ་བབ༔ དགྲ་བོའི་སྙིང་ལ་མདའ་ཟོར་ཡ༔ བསྲེ་ཡི་སྐྱེས་བུ་གདུག་པ་ཅན༔ ཆིབས་སུ་བསྲེ་རྟ་དམར་པོ་ཆིབས༔ སྐུ་ལ་བསྲེ་ཁྲབ་སྨུག་པོ་གསོལ༔ དབུ་ལ་བསྲེ་ཡི་རྨོག་ཞུ་གསོལ༔ ཕྱག་ན་བསྲེ་ཡི་མདུང་དམར་བསྣམས༔ ཁེངས་པར་བཀང་ལ་ཕོག་པར་རྒྱོབ། རྣམ་ཤེས་བརྒྱད་ལ་གཟེར་ཆེན་གྱོབ༔ གཞུ་མོ་རྒྱུད་དུ་བདུངས་པའི་མདའ༔ དམ་ཉམས་སྙིང་ལ་གཟེར་ཆེན་ཕོབ༔ དེ་ཡི་ཡུམ་ཆེན་གཏུམ་མོ་ནི༔ ནག་མོ་ཁ་ལ་དབང་ཕྱུག་གཙོ༔ རི་རབ་ངོས་ལ་སྐུ་བརྟེན་མ༔ ཕྱག་ནི་སྟོང་ཁམས་ཀུན་ཏུ་ཉུལ༔ ཚེ་དང་སྲོག་གི་བདག་མོ་བྱེད༔ ཞབས་ནི་རྒྱ་མཚོའི་གཏིང་ན་སྐྱོང་༔ ཀླུ་བྲན་རྣམས་དང་དགྱེས་སྡེ་མོ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ སྙིང་གི་དཀྱིལ་དུ་མདའ་ཟོར་རྒྱོབ༔ བྷྱོ༔ ཞེ་སྡང་རྡོ་རྗེ་མཐུ་མོ་ཆུང་༔ འཕྲུལ་གྱི་མེ་ལོང་སྤྱན་


CMR017_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྟུལ༔ ཕྱག་གཡས་དེ་ནི་ཐེབ་མ་ཞེན༔ བསེ་ཡི་ལག་འབྲས་བང་མ་བྲེལ༔ སྒང་ནན་སྒང་ཆུང་ནན་མ་ཆུང་༔ ཉུངས་དཀར་རྒྱལ་པོ་མཐུ་མ་ཆུང་༔ གདུག་པའི་ཟོར་མདའ་རྩལ་མ་ཞན༔ བསྲེ་ཡི་གཞུ་སྒྲ་འུ་རུ་རུ༔ ལྕགས་ཀྱི་མདའ་སྒྲ་ཤ་ར་ར༔ གཞུ་རྒྱུད་རྒྱུད་དུ་མ་ཆད་ཅིག༔ མདའ་འཕང་སླར་ལ་མ་ལྡོག་ཅིག༔ མདེལ་གྱི་རྩེ་ལ་མེ་འབར་བས༔ གཟུགས་ཀྱི་ཕུང་པོ་གཏིང་ནས་སྲེགས༔ སྡང་བའི་དགྲ་ལ་མདའ་ཟོར་ཡཱ༔ བསམ་པར་བྱེད་པ་སྙིང་ཡིན་པས༔ སྙིང་གི་དཀྱིལ་དུ་མདའ་ཟོར་ཡ༔ བལྟ་བའི་མིག་ལ་མདའ་ཟོར་ཡ༔ ཉན་པའི་རྣ་ལ་མདའ་ཟོར་ཡ༔ སྣོམ་པའི་སྣ་ལ་མདའ་ཟོར་ཡ༔ འགྲོ་བྱེད་རྐང་ལ་མདའ་ཟོར་ཡཱ༔ ཉུལ་བྱེད་ལག་ལ་མདའ་ཟོར་ཡཱ༔ སྲིད་པའི་ལྟེ་བའི་ནང་དུ་རྒྱོབ༔ ཆགས་པའི་གཞི་མ་དྲུངས་ནས་ཕྱུངས༔ དཔྲལ་བར་སྐུ་ཡི་མཚམས་སུ་ཡཱ༔ ཚེ་ཡི་ཕུང་པོ་གཏིང་ནས་ཤིག༔ སྟེང་གི་ཁྱོ་ལ་མདའ་ཟོར་ཡཱ༔ འོག་གི་ཆུང་མར་མདའ་ཟོར་ཡཱ༔ ཡུལ་མཁར་ཞིང་ལ་མདའ་ཟོར་ཡཱ༔ ཁྱད་པར་དམིགས་པའི་དགྲ་བགེགས་འདི་ལ་མདའ་ཟོར་ཡཱ༔ མཱ་ར་ཡ་བྷྱོ༔ བྱད་ཁ་དང་ཕུར་ཁ་ཐམས་ཅད་ཟློག་


CMR017_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཅེས་མདེའུ་ལ་མེ་སྦར་ལ་དགྲ་ཕྱོགས་སུ་འཕེན༔ ཀི་ལཱ་ཡ་ཡིས་གདབ༔ ཉུངས་དཀར་གྱིས་བྲབ༔ ཐོ་བས་བརྡུང་ངོ་༔ ལས་ཀྱི་མདེའུ་ཐུང་ཀུན་གྱིས་གཟིར༔ སླར་ལོག་ལ་ཚེ་ཆོག་དྲག་ཏུ་བྱའོ༔ དེ་ལྟར་ཅི་ལ་བྱས་ཀྱང་ཐོགས་པ་མེད་པར་གདོན་མི་ཟ་བར་འགྲུབ་ངེས་སོ༔ སྤྱི༔ དེ་ནས་བདག་ཉིད་ཁྲོ་བོ་མི་གཡོ་མགོན་པོར་བསྒོམས་ལ༔ རལ་གྲིའི་སོ་ལ་ཡི་གེ་ཛཿབྲིས་ལ༔ གཏུབས་པ་ནི་འདི་སྐད་དོ༔ ཧཱུྃ༔ ང་ནི་མི་གཡོ་མགོན་པོ་སྟེ༔ ཡེ་ཤེས་གློག་གི་རལ་གྲི་འདིས༔ སྐྱེ་འཆི་འཁོར་བ་རྒྱུན་བཅད་ནས༔ བླ་མེད་གནས་སུ་བསྒྲལ་བར་བྱ༔ ཏིག་སྣ་ཏིག་སྣ་ཚིནྡྷ་ཚིན་མཱ་ར་ཡ་ཕཊ༔ ཅེས་པས་མགོ་བོ་དགྲ་བགེགས་སུ་བསམ་ལ་དུམ་བུ་གསུམ་དུ་བཅད་ལ༔ གཅིག་གཏོར་མར་འབུལ༔ གཅིག་མནན་པ་བྱས༔ ཕྱི་འདོར་བྱ༔ རྡོ་རྗེ་རྒྱ་གྲམ་གྱིས་མནན༔ བདག་ཉིད་ལ་ཕྱིར་མི་ཚུགས་པར་བྱ་བའི་ཕྱིར༔ ལུས་ལ་རྡོ་རྗེའི་གོ་གྱོན་ནས་བསྲུང་བ་བྱ༔ མཚམས་དྲག་ཏུ་བཅད་ཕར་རྒོལ་བའི་ཕྲིན་ལས་སོ༔ སྤྱི༔ གུ་ཧྱ༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ ལས་འདི་བརྩམ་པར་མི་འོས་ཏེ་དུས་ངན་ཐ་མ་བྱུང་བའི་ཚེ༔ དམ་ཉམས་མང་ཞིང་བཀུར་སྟི་་ཚོལ༔ འཇིག་རྟེན་འདི་ཕྱི་ཅི་ཡང་མེད༔ བཀའ་དང་འགལ་བའི་སྐྱེ་བོ་འབྱུང་༔ དེ་འདྲའི་དུས་སུ་ཕྲིན་ལས་འདི༔ དམ་ཉམས་སྲོག་གཤེད་བྱེད་པར་ཤོག༔ ལོག་ལྟ་ཅན་རྣམས་སྒྲོལ་བར་ཤོག༔ ཁ་ནས་ཆོས་བཤད་འདོད་སྲིད་ཀྱི༔


CMR017_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འཚོ་འཚོལ་བའི་གཉེན་པོར་ཤོག༔ ཆོས་ལ་བརྙད་བཏགས་འདོད་པ་ཡི༔ ངོ་ཚ་བྲལ་བའི་བདུད་དུ་ཤོག༔ སངས་རྒྱས་བསྟན་ལ་དམག་མི་དང་༔ ཟོར་གྱིས་སྲུང་སྐད་ཟེར་བ་ཡི༔ སྲོག་གི་གཤེད་མར་དབབ་པར་ཤོག༔ དཀོན་མཆོག་རྣམས་ལ་སྙད་བཏགས་ནས༔ རང་སེམས་འདོད་པས་རྒྱལ་བ་ཡིས༔ ཚེ་འདིར་ལྷ་ཆོས་བརྟེན་ནས་ཀྱང་༔ གྲགས་པ་འདོད་པས་རྙེད་བཀུར་ཚོལ༔ དམག་དང་ཁྲམ་གྱིས་ཟས་ནོར་འཕྲོག༔ མི་དགེའི་ལོག་འཚོས་མི་ཚེ་སྤྱོད་པ་ཡི༔ བདུད་དུ་མྱུར་བར་དབབ་པར་ཤོག༔ རིག་འཛིན་ང་ཡི་དམོད་མོ་འདི༔ དམ་ཉམས་རྣམས་ལ་སྡིག་པར་ཤོག༔ པདྨ་ང་ཡི་བཀའ་འདི་ཡིས༔ སངས་རྒྱས་བསྟན་པ་དར་བར་ཤོག༔ སངས་རྒྱས་བསྟན་པ་ནུབ་པའི་ཚེ༔ དམ་ཉམས་རྣམས་ནི་མང་བའི་དུས༔ རྫུན་མ་ཟོབ་ཅན་མང་བའི་དུས༔ སྨྱོན་པ་རང་འདོད་སྐྱེ་བོ་བསླུ་བའི་དུས༔ དགེ་འདུན་དམག་དང་ཁྲམ་ལ་ཞུགས་པའི་དུས༔ པདྨ་ང་ཡི་ཆོས་འདི་དར་བར་ཤོག༔ དམ་པ་རྣམས་ནི་བྱིན་རླབས་ཆེ་བར་ཤོག༔ རྡོ་རྗེ་ནང་དམེ་ཞེས་ཀྱང་བྱ༔ ངན་སྔགས་ཕྱིར་ཟློག་ཅེས་ཀྱང་བྱ༔ ཕུར་པའི་དབལ་མདོས་ཞེས་ཀྱང་བྱ༔ འཁོར་ལོའི་གདམས་ངག་ཅེས་ཀྱང་བྱ༔ མན་ངག་ཐུགས་འཁོར་ཞེས་ཀྱང་བྱ༔ སྲོག་གི་སྤུ་གྲི་ཞེས་ཀྱང་བྱ༔ པདྨ་ང་ཡི་བཞག་པ་འདི༔ དམ་ཉམས་ལག་ཏུ་ཤོར་མི་རུང་༔ ས་མ་ཡ་ན་ར་ཀན༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མའོ༔ ༧ ནང་ཆེན་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདྲག་པོ་ཕུར་པའི་དབལ་མདོས་ཀྱི་ཟློག་པ་ཆེན་པོ།next