Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ལས་ཁྱུང་ཟློག་དང་གཏོར་ཟློག་དང་དབལ་མདོས་སོ་སོར་སྦྲག་མའི་སྒོ་དབྱེ་དང་སྨད་ཆ་ཟོར་ལས་རྣམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ལས་ཁྱུང་ཟློག་དང་གཏོར་ཟློག་དང་དབལ་མདོས་སོ་སོར་སྦྲག་མའི་སྒོ་དབྱེ་དང་སྨད་ཆ་ཟོར་ལས་རྣམས།next

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ལས་ཁྱུང་ཟློག་དང་གཏོར་ཟློག་དང་དབལ་མདོས་སོ་སོར་སྦྲག་མའི་སྒོ་དབྱེ་དང་སྨད་ཆ་ཟོར་ལས་རྣམས།


CMR017_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ལས༔ ཁྱུང་ཟློག་དང་༔ གཏོར་ཟློག་དང་༔ དབལ་མདོས་སོ་སོར་སྦྲག་མའི་སྒོ་དབྱེ་དང་སྨད་ཆ་ཟོར་ལས་རྣམས་བཞུགས་སོ༔


CMR017_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ག་རུ་ཊ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ ཁྲོཾ་བྷྱོ༔ ཧཱུྃ༔ ཁྲོ་རྒྱལ་ཀུན་འདུས་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ༔ དུར་ཁྲོད་ཆོས་བརྒྱད་སྐུ་ལ་བརྒྱན་༔ ཕྱག་དྲུག་གདུག་པའི་མཚོན་ཆ་བསྣམས༔ ཁྲོ་ཆུང་ཉེར་གཅིག་སྐུ་ལ་ས་སྤྲུལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྤྲུལ་པའི་ཁྱུང་ཆེན་སྟོབས་པོ་ཆེ༔ དབུ་ཡི་སྟེང་ན་བརྗིད་པར་བརྒྱན་༔ ལྕགས་ཀྱི་རྭ་དང་མཆུ་སྡེར་ཅན༔ སྤུ་གྲིའི་གཤོག་ཅན་དམར་ཟླུམ་སྤྱན༔ ཁྲོ་བོའི་སྤྱན་གྱིས་སྡང་མིག་གིས༔ དྲེད་མོང་རལ་འཛིངས་ལྟས་ངན་ཟློག་༔ གཡས་གཤོག་དང་པོ་བརྡབས་


CMR017_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས༔ འབྲུག་སེང་འཐབས་པའི་ལྟས་ངན་ཟློག༔ གཡས་གཤོག་གཉིས་བརྡབས་པ་ཡིས༔ སྟག་སེང་འཛིངས་བའི་ལྟས་ངན་ཟློག༔ གཡས་གཤོག་གསུམ་པ་བརྡབས་པ་ཡིས༔ བུད་མེད་རལ་འཛིངས་ལྟས་ངན་ཟློག༔ གཡས་གཤོག་བཞི་པ་བརྡབས་པ་ཡིས༔ དབྱིག་གི་ནོར་བུའི་ལྟས་ངན་ཟློག༔ གཡས་གཤོག་ལྔ་པ་བརྡབས་པ་ཡིས༔ ལྕི་བ་ཟས་ཀྱི་ལྟས་ངན་ཟློག༔ གཡོན་གཤོག་དང་པོ་བརྡབས་པ་ཡིས༔ མེ་ཏོག་བཅུད་ཉམས་ལྟས་ངན་ཟློག༔ གཡོན་གཤོག་གཉིས་པ་བརྡབས་པ་ཡིས༔ ལྡི་བས་སྐྱོད་པའི་ལྟས་ངན་ཟློག༔ གཡོན་གཤོག་


CMR017_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བརྡབས་པ་ཡིས༔ གཏེར་གྱི་བཅུད་ཉམས་ལྟས་ངན་ཟློག༔ གཡོག་གཤོག་བཞི་པ་བརྡབས་པ་ཡིས༔ སེང་གེ་ངུ་འབོད་ལྟས་ངན་ཟློག༔ གཡོན་གཤོག་ལྔ་པ་བརྡབས་པ་ཡིས༔ རྣོ་དབལ་མཚོན་གྱི་ལྟས་ངན་ཟློག༔ རྨ་བྱ་གཡེང་བའི་ལྟས་ངན་ཟློག༔ གཡུ་སྒོང་སྔོན་པོ་ཡར་བ་ཟློག༔ ལྕགས་ཀྱི་སེར་བ་འབེབས་པ་ཟློག༔ ཤེལ་སྒོང་ནང་དུ་དུག་གཡོས་ཟློག༔ ཟངས་སྒོང་དམར་པོ་འདྲིལ་བ་ཟློག༔ ཉི་མ་སྤྲིན་གྱིས་འཁྲུགས་པ་ཟློག༔ འཚུབ་མ་མང་པོ་སྙིང་བཏགས་ཟློག༔ སེང་གེ་གངས་ནས་ལྷུང་བ་ཟློག༔ ཤེལ་གྱི་སྒོ་ང་ཡར་བ་ཟློག༔ སྤྲིན་ཆེན་ཡར་བའི་ལྟས་ངན་ཟློག༔ བོང་བུའི་བཅུད་ཟན་ཟག་པ་ཟློག༔ དབང་མོ་ཉི་ཤུ་རྩ་བརྒྱད་ཀྱི༔ ལྟས་ངན་བཅུ་གསུམ་སླར་ལ་ཟློག༔ ཁྱུང་གི་མཇུག་སྒྲོ་འབར་བ་ཡིས༔ སྤུ་སྡུག་ཉམས་པའི་ལྟས་ངན་ཟློག༔ རྒྱལ་མོ་བཞི་དང་བློན་མོ་བཞི༔ སྤྲུལ་པའི་འོད་ཕྲེང་ལྟས་ངན་ཟློག༔ ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་སྒྲོགས༔ ཟངས་ཁྲབ་གསོལ་ནས་མདུང་དམར་ཐོགས༔ བ་དན་རྩེ་གསུམ་གཡབ་པའི་ཚེ༔ ལྷ་སྲིན་དབང་སྡུད་དགྲ་བགེགས་གསོད༔ བདུད་དཔུང་འཇོམས་ཤིང་སྲོག་


CMR017_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབང་༔ མདུང་དམར་དབལ་གྱིས་ལོག་འདྲེན་སྒྲོལ༔ དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག་གནོད་པའི་བགེགས་ལ་ཟློག༔ མདུན་བསྐྱེད་དབུ་ལ་ཁྱུང་གིས་བརྒྱན་པ་ལས་ཁྱུང་མང་པོ་འཕྲོས་པས༔ ལྟས་ངན་གཏད་སེལ་ཐམས་ཅད་གཤོག་པས་བརྡབ༔ རྭ་ཡིས་རྡུང་༔ མཆུ་ཟོས་ནས་བརླག་པར་སྒོམས༔ སྐབས་འདིར་ལྷག་མ་ཕུལ་ལ་རྩང་གྱེར་འདོན༔ ཅུང་གྱེར་མེད་ཀྱང་ཆོག་སྟེ་གཞུང་ནས་མ་གསུངས་སོ༔ དེ་ལྟར་ཞག་དུ་བྱེད་ལ་བཟློག་གཞུང་ཚར་རེའི་ཆོག༔ ཐུན་བཞིའམ་དྲུག་ལ་སོགས་ལ༔ ཐུན་མགོར་བསྙེན་པ་ཅི་ནུས་བྱེད༔ བདག་མདུན་གྱི་ལྷ་ཐམས་ཅད་ཀྱིས་སྔགས་སྒྲ་དི་རི་རི་སྒྲོག་པར་བསྒོམས་ལ༔ སྟོང་ཕྲག་གམ་ཅི་རིགས་དང་༔ ཐུན་མཇུག་ཏུ་ཟློག་སྔགས་འདི་ཉེར་གཅིག་གམ་བདུན་ཙམ་བརྗོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་ཆད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུ་དུ་ཟད་ནན༔ ཚལ་པ་ཚལ་པ་ཟད་ནན༔ ཁྲོ་ཁྲོ་བྷྱོ་རྦད་ནན༔ རྨུགས་རྨུགས་ཆད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ དེ་ནས་ཐུན་མཚམས་སུ་དམར་གཏོར་ཆུང་ངུ་བྲན་ལ༔ སྟོང་ཚིག་གིས་མཆོད་པ་བྱེད༔ ཧཱུྃ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས༔


CMR017_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཛབ་དགོངས་གྲངས་ཐེམས་སྨན་རཀ་གཏོར་མཆོད་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ རང་སེམས་དཔང་བཙུགས་བཀའ་བཞིན་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་མ་ལུས་སྩོལ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་འདིར༔ མཐུ་རྩལ་ཅན་རྣམས་དགོངས་སུ་གསོལ༔ དེ་ལྟར་བསྐྱངས་བསྐངས་གསོལ་གསོལ་ནས༔ ད་ནི་ཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་གཡོས་ཕྱིར་ལ་ཟློག༔ མས་ཀྱི་སྲི་ལངས་ཕྱིར་ལ་ཟློག༔ ཉེ་བའི་བྱོལ་གཏོ་ཕྱིར་ལ་ཟློག༔ ཆོད་གཏོང་རྦད་འདྲེ་ཕྱིར་ལ་ཟློག༔ ཕུར་ཁ་གཏད་ཁྲམ་ཕྱིར་ལ་ཟློག༔ ཕ་ཚན་རྒྱབ་འདྲེ་ཕྱིར་ལ་ཟློག༔ དར་ཚན་སྟོང་འདྲེ་ཕྱིར་ལ་ཟློག༔ གཤིན་རྗེའི་འཁོར་ལོ་ཕྱིར་ལ་ཟློག༔ མ་མོའི་དལ་ཡམས་ཕྱིར་ལ་ཟློག༔ བདུད་ཀྱི་ཁྲམ་ཁ་ཕྱིར་ལ་ཟློག༔ བཙན་གྱི་རྒྱན་ཁ་ཕྱིར་ལ་ཟློག༔ ཁྲག་ཟོར་ནད་ཟོར་ཕྱིར་ལ་ཟློག༔ ས་བདག་གདུག་བྱེད་ཕྱིར་ལ་ཟློག༔ རྒྱལ་པོའི་སྨྱོ་འདྲེ་ཕྱིར་ལ་ཟློག༔ གཟའ་ཡི་ཀིང་ཀང་ཕྱིར་ལ་ཟློག༔ མུ་སྟེགས་ངན་


CMR017_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕྱིར་ལ་ཟློག༔ ཐེའུ་རང་སྲི་རྐུན་ཕྱིར་ལ་ཟློག༔ ནད་ཁ་རིམས་ཁ་ཕྱིར་ལ་ཟློག༔ ལོ་ཀག་ཟླ་ཀག་ཕྱིར་ལ་ཟློག༔ མོ་ངན་རྨིས་ངན་ལྟས་ངན་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག༔ གློ་བུར་དགུ་བཅུ་རྩ་གཅིག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ གཡས་ནས་ཕོ་བརྒྱས་མདའ་འཕེན་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ མི་ནག་སྐྱེ་བོའི་ཡ་ཁ་ཟློག༔ བྲན་གཡོག་ངན་པའི་དམོད་ཁ་ཟློག༔ དགྲ་ལ་བློ་ཟློག་བསྒྲལ་དུ་གསོལ༔ བགེགས་ལ་བློ་ཟློག་རྡུལ་དུ་རློགས༔ ཞེས་གཏོར་ཆུང་མདོས་ནང་དུ་ཕུལ་ཞིང་ཐལ་མོ་བརྡབ་བོ༔ དེ་ལྟར་ཞག་བདུན་ནམ་དགུ་སོགས་བྱས་ན་གཏོར་སྒྲུབ་བསྙེན་སྒྲུབ་ཀྱི་གོ་ཡང་ཆོད་དེ༔ རྨི་ལམ་དུ་གནས་དང་རི་ལ་མེ་འབར་བ༔ ཕུར་པ་དང་༔ རྡོ་རྗེ༔ ཁཊཾ་སོགས་ཕྱག་མཚན་རྙེད་པ༔ མེ་ཏོག་སྔོན་པོ་ཐུ་བ༔ ནམ་མཁའ་ལ་འཕུར་བ༔ ཆུ་བོ་བརྒལ་བ༔ མཚོ་ཆེན་གཤགས་པ༔ གླང་གཡག་ཞོན་པ༔ ཞལ་མཇལ་ལུང་སྟོན་མར་མེ་འཛིན་པ༔ གཏོར་མ་དབྱར་མི་རུལ་དགུན་མི་འཁེངས༔ ནང་མཆོད་ཡོན་ཆབ་འཕྱུར་བ་སོགས་ལྷ་རྟགས་དང་༔ མཁར་བརྩེགས་པ་བཙན་ས་བཟུང་བ་གོ་ཁྲབ་གྱོན་པ༔ ར་བ་རིབ་ལ་སོགས་བསྲུང་བའི་རྟགས༔ དམག་དང་རྦབ་དང་སེར་བ་ཟློག་པ༔ ཕུར་པ་


CMR017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟོར་བཅག་པ༔ དཔའ་སེམས་སྐྱེ་བ་བཟློག་རྟགས༔ སེམས་ཅན་བསད་བརྡུང་བཅིངས་ཁ་བསྡམ་པ༔ ངུ་བ་ཕྱག་འཚལ་སྲོག་སྙིང་འབུལ་བ་ཐུལ་རྟགས་རྣམས་ཅི་རིགས་པ་འབྱུང་ངོ་༔ ཡང་དགུ་གཏོར་ལ་ཐེབ་དྲག་པོ་སོགས་ལ་ཉིན་རྫོགས་བྱེད་ནའང་ཆོག་སྟེ༔ གལ་ཆེ་ན་མདུན་བསྐྱེད་བསྒྲལ་ལས་བསྟབས་པ་ཞིག་བྱས་ལ༔ མཐེབ་སྐྱུས་གསོ་ཞིང་བྲན་ནས་བཟློག་གཞུང་དངོས་ཚར་གསུམ་སོགས་ཅི་ཐོན་འདོན་ནོ༔ དེ་ནས་ཟོར་འཕེན་ན༔ མདའ་ཡོད་ན་འུག་སྒྲོ་སོགས་གཞུང་ལྟར༔ མེད་ནའང་མདའ་དྲུག་གཞུ་དང་བཅས་པ༔ ཀོང་ཐོར་གཅིག༔ ཐོད་ཟོར་གཅིག༔ ཟོར་ཆེན་རུ་ཊའི་སྙིང་ཟོར་དང་དགུ་བཅའ་འོ༔ རས་སམ་བལ་གྱིས་ཟོར་རྣམས་བཀབ་ལ་བཞག༔ གཞུའི་མཆོག་གཉིས་ཆང་ཟུང་དང་གསུམ་ལ་དར་རམ་རས་བཏགས་སོ༔ གཏོར་རྫོངས་རྒྱུའི་གཏོར་ཆུང་སུམ་རྱ༔ དཀར་གཏོར་ཆད་མདོ༔ བརྟན་སྐྱོང་༔ ལྡང་ལྷ་གསུམ་དམར་གཏོར༔ གཞན་ཆོས་སྐྱོང་ཡོད་ན་གཏོར་འབུལ་རྒྱུ་བཅ༢༔ འབུལ་ཉིན་གཏོར་ཟློག་སྔ་ཚེ་ནས་ཚར་གཅིག་འདོན་ཚར་བ་དང་༔ ཟ་ལམ་སོགས་ཀྱང་བཀའ་བརྒྱུད་གཞུང་ལས་བླངས་སོ༔ ཞེས་གསུངས་པས༔ སྒོ་དབྱེ་ནི་སྒོ་རྩང་བཞི་ཤུབ་ཅིང་༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་སྒོ་མ་ནི༔ ཁྲོ་མོ་རྡོ་རྗེ་ལྕགས་ཀྱུ་མ༔ ཐུགས་རྗེའི་ཐབས་ཀྱི་ལྡེའུ་མིག་དང་༔ རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ སྒོ་མ་ཁྱོད་ཀྱི་དུས་ལ་བབ༔ གཏོར་མའི་ཟོར་


CMR017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དགྲ་ལ་བྷྱོ༔ ཛཿབཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་སྒོ་མ་ནི༔ ཁྲོ་མོ་རྡོ་རྗེ་ཞགས་པ་མ༔ ཐུགས་རྗེའི་ཐབས་ཀྱི་ལྡེའུ་མིག་དང་༔ རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ སྒོ་མ་ཁྱོད་ཀྱི་དུས་ལ་བབ༔ གཏོར་མའི་ཟོར་ལམ་དགྲ་ལ་བྱོ༔ ཧཱུཾ་རཏྣ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་སྒོ་མ་ནི༔ ཁྲོ་མོ་རྡོ་རྗེ་ལྕགས་སྒྲོག་མ༔ ཐུགས་རྗེའི་ཐབས་ཀྱི་ལྡེའུ་མིག་དང་༔ རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ སྒོ་མ་ཁྱོད་ཀྱི་དུས་ལ་བབ༔ གཏོར་མའི་ཟོར་ལམ་དགྲ་ལ་བྷྱོ༔ པཾ་པདྨ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་སྒོ་མ་ནི༔ ཁྲོ་མོ་རྡོ་རྗེ་དྲིལ་བུ་མ༔ ཐུགས་རྗེའི་ཐབས་ཀྱི་ལྡེའུ་མིག་དང་༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱང་ཕྱོགས་ལྕགས་སྒོ་ནག་པོ་ཕྱེས༔ སྒོ་མ་ཁྱོད་ཀྱི་དུས་ལ་བབ༔ གཏོར་མའི་ཟོར་ལམ་དགྲ་ལ་བྷྱོ༔ ཧོཀརྨ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་གསེར་སྐྱེམས་གཅིག་འདིར་མཆོད་དེ༔ ཕུར་པ་རང་གཞུང་ངམ་གང་རུང་ལྟར་བྱ༔ དེ་ནས་མདོས་ཞལ་ཕྱིར་བསྒྱུར་ལ་གཏོར་ཆུང་སུམ་ཅུས་བསྐོར་ལ་བཤམས་ནས་རེ་རེ་ནས་བཟུང་སྟེ༔ ཕུར་པའི་བསྟོད་པ་ཟུར་འགེབས་གཙོ་བོ་ཡབ་


CMR017_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གཉིས༔ ཁྲོ་བོ་སྤྱི༔ ཁྲོ་བོ་བཅུ༔ སྲས་མཆོག་ཕུར་སྲུང་བཅུ་དྲུག་གི་བསྟོད་པའི་མཇུག་ཏུ༔ ཕྱག་འཚལ་བསྟོད༔ དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བཏགས་ལ་གཏོར་མའི་བརྫོངས་བ་བྱས་ནས༔ ༈ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ ལྷག་པའི་ལྷ་ཁྱོད་ཡར་ལ་བཞེངས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་མཆོག་དཔལ་གྱི་བེའུ་ནས༔ ཡེ་ཤེས་གསལ་བའི་ཉི་མ་ཤར༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི༔ ལུས་ངག་ཡིད་ལ་སིདྡྷི་ཧཱུྃ༔ བཛྲ་ཀུ་མཱ་ར་ཀཱི་ལ་ཡ༔ ཀཱ་ཡ་སིདྡྷི་ཨོ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ མ་ཏི་ཀྲ་མ་ཏི༔ ལྷ་ཚོགས་ཐམས་ཅད་ནམ་མཁར་བཏེག་ནས་བཞུགས་ཏེ༔ ཐུགས་རྗེའི་འོད་ཟེར་ཉི་མ་ཤར་བ་ལྟར་བདག་དང་ཡོན་བདག་ལ་ཕོག་པས་བར་ཆད་བསལ༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམས་ནས་གཏོར་ཟློག་གོམ་པ་བདུན་གྱི་སར་དཔག་ལ་རཀྟས་བྲན་ནས༔ གཞུང་ནས་ཟ་ལམ་འདོན་


CMR017_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་སྲིན་མོ་ཟ་ལམ་འདོན་ནོ༔ ༈ དེ་ནས་འབུལ་ལུགས་བསྡུས་པ་གཏོར་སྐྱོང་ལུགས་དང་༔ འབྲིང་པོ་མདོས་ལུགས༔ རྒྱས་པར་ཟོར་ཐབས་དང་གསུམ་སྟེ༔ ཟོར་ཐབས་ལའང་ཟོར་དང་གཏོར་རྒྱབ་གཉིས་སོ༔ དང་པོ་སྨད་ཆ་ཟོར་ལས་འདོན༔ ཕྱོགས་གཙང་སར་འབུལ་རྒྱུ་བསྐུལ་ལ༔ དེ་ཚེ་བཟློག་སྔགས་འདོན་ལ་རྔ་རྡུང་༔ ཚུར་སླེབས་རྩ་རྟ་བྲོ་འདོན་པ་གཏོར་སྐྱོང་ལུགས་ཏེ་འཇམ༔ དེ་ཡང་གོམ་པ་བདུན་ཅུ་ལས་མི་ཉེ་བར་བསྐྱལ་ལོ༔ ཉེ་ན་འཁོར་ལ་གནོད༔ གཉིས་པ་ཕྱོགས་གཙང་སར༔ སྔོན་དུ་དཀར་བགེགས་ཁྱེར༔ དེ་ནས་ཆོས་སྐྱོང་གཏོར་མ་རྣམས༔ དེ་ནས་མདོས༔ དར་ནག་ཁྱེར༔ ཐང་ལ་བཞག༔ གསེར་སྐྱེམས་དཀར་གཏོར་འབུལ༔ དེ་ནས་ཟོར་འཕེན༔ ཟོར་ལིང་བསྲེགས་ཐལ་དམར་གཏོར་ཚོ་ལ་བཏབ༔ ཚད་མདོ༔ བརྟན་སྐྱོང་༔ ལྡང་ལྷ༔ ཆོས་སྐྱོང་གང་ཡོད་གཏོར་མ་རིམ་པར་འབུལ༔ དེ་ནས་མདོས་བཀྱག་ལ་ཐུན་གཏོར་ཟློག་ཐུང་འདོན༔ དེ་ནས་ཐང་ལ་བཞག་རྩང་ཤབ་ཅིང་༔ རྩེ་ཕར་བསྟན་ལ་གཏོར་ཟློག་འབུལ༔ གཏོར་མ་རྣམས་དངོས་གྲུབ་ཚུལ་དུ་བླངས༔ རྟ་བྲོ་བྱའོ༔ དེ་ནི་མདོས་འབུལ་ལུགས་སོ༔ ཟོར་ཐབས་ནི་གཞན་འདྲ་ལ༔ ཟོར་གྱི་རྗེས་ནས་ཟློག་པའི་མཐའ་སྐོར་གཏོར་ཆུང་རྩང་ཡོད་པ་ཉེར་གཅིག་དེ༔ དུག་མདའ་ནག་པོའི་ནང་༔ དབང་ཕྱུག་སྤྱི་ལ་གཅིག༔ བདུན་རེ་ལ་རེ་རེ་བྱས་པས་བཞི༔ དེ་ནས་བསྟོད་པའི་མཇུག་ཕུར་སྲུང་བཅུ་དྲུག་དང་ཉེར་གཅིག༔ སོ་སོའི་བསྟོད་བསྐུལ་བྱས་


CMR017_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེ་རེ་ནས་འཕངས་ཏེ༔ སྤུ་གྲིའི་སྔགས་ཁོ་ནས་འཕང་ངོ་༔ དེ་ནས་གཏོར་འབུལ་རྣམས་བྱ༔ དེ་ནས་མདོས་བཀྱག་ལ་ཟློག་ཐུང་འདོན་ནས་ཕར་རྫོགས༔ གཏོར་རྒྱབ་ནི་ནད་པ་གདོན་ཆེན་ལ་བྱ་སྟེ༔ ཟོར་མི་འཕེན་པར་དཀར་གཏོར་གསེར་སྐྱེམས་འབུལ༔ རང་ཕྱོགས་གཙང་སར་ཞལ་གྱུ༔ མདུན་དུ་ནད་པ་ཉལ༔ སྲུང་འཁོར་བཀྲོལ༔ ནད་པའི་རྣམ་ཤེས་ཚེ་བསོད་ཐིག་ལེ་དཀར་པོ་ནམ་མཁར་ཡི་དམ་ཐུགས་ཀར་བསྟིམས༔ སྲུང་འཁོར་བསྒོམ་པར་བྱ་སྟེ༔ ལུས་ཧོམ་ཁུང་དུ་གྱུར་པའི་ནང་དུ་ནད་གདོན་གནོད་བྱེད་བྷི་ལ༔ གཏོར་མ་མེ་དཔུང་དུ་གྱུར་པ་བརྒྱབས་པས༔ གཞོབ་ཐུན་ཐུན་དུ་སོང་བར་ལྷོ་ཞིང་༔ ཆད་མདོ་སོགས་གཏོར་འབུལ་ཐམས་ཅད་རིམ་པར་བརྒྱབ་སྟེ༔ དམག་འཐབ་སྟེ་ལྷ་དྲགས་དྲགས་རྗེས་ནས་འདོན༔ དེ་ནས་གོང་ལྟར་གཏོར་ཆུང་ཉེར་གཅིག་བརྒྱབ༔ དེ་ནས་ཁྲོ་བཅུའི་མཚམས་གཅོད་དེ་འདོན་ཞིང་གཏོར་མ་བཅུ་པོ་བརྒྱབ༔ དེ་ནས་གཙོ་བོའི་བསྟོད་བསྐུལ་འདོན་ལ༔ གཙོ་བོའི་གཏོར་མ་ནད་པའི་སྟེང་དུ་ཕར་ཕུལ་ལོ༔ དེ་ནས་རྣམ་ཤེས་ཐིག་ལེ་མར་བསྟིམས་ནས་སྲུང་འཁོར་བསྒོམ་པར་བྱ་སྟེ༔ ནད་རིམས་ཚད་པ་གཉན་ལ་མི་རུང་ངོ་༔ གདོན་གཟའ་དང་མ་མོ༔ ཀླུ་གདོལ་བ་ལའང་མི་རུང་ངོ་༔ ནད་རླུང་ནད་སྲོག་རླུང་གཅོང་ནད༔ གདོན་རྒྱལ་འགོང་ཐེའུ་རང་འདྲེ་མོ་ཆུང་སྲི་ཤི་སྒབ་གཅོད་པ་ལ་ཟབ་བོ༔ གལ་ཏེ་ཟོར་འཕེན་ན༔ གསེར་སྐྱེམས་ཕྱོགས་དེར་གཏོར་ཞིང་༔ ཟོར་ལམ་ཕྱེ་བ་ནི༔ ཧཱུྃ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ མ་


CMR017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་ཞལ་ལྕེ་ལྷ་འདྲེས་ཆོད༔ རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ༔ དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ སྣང་སྲིད་ལྷ་འདྲེ་བཞུགས་པ་རྣམས༔ མཐོ་བ་རྣམས་ཀྱིས་ཞབས་སྡུས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ཤིག༔ བར་ན་བཞུགས་པའི་སྐུ་བཟུར་ཅིག༔ དབུ་ཞབས་ཀུན་ལ་ཕོག་པར་སྲིད༔ སོ་སོའི་ཕོ་བྲང་སྒོ་སྡོམས་ཤིག༔ སྟེང་གི་ལྷ་ལ་ཟོར་མི་འཕེན༔ ཚངས་པ་བརྒྱ་བྱིན་སྐུ་བཟུར་ཅིག༔ འོག་གི་ཀླུ་ལ་ཟོར་མི་འཕེན༔ དགའ་བོ་འཇོག་པོ་སྐུ་བཟུར་ཅིག༔ བར་སྣང་གཉན་ལ་ཟོར་མི་འཕེན༔ གཉན་ཆེན་ཐམས་ཅད་སྐུ་བཟུར་ཅིག༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ གསེར་སྐྱེམས་དམ་པ་འདི་གསོལ་ལ༔ དཔལ་གྱི་གཏོར་ཟོར་ལམ་ཕྱེས་ཤིག༔ ཁྲག་ཐུན་ཕུར་པ་གཏོར་མ་བཅས༔ སྡང་དགྲ་གནོད་བགེགས་རྣམས་ལ་འཕེན༔ ཟ་འདྲེ་ཕུང་སྲི་རྣམས་ལ་འཕེན༔ ཕར་འཕེན་ཚུར་ལ་མ་ལྡོག་ཅིག༔ རྣལ་འབྱོར་བསམ་པ་འགྲུབ་པར་མཛོད༔ དེ་ནས་ཟོར་གཞུ་ལག་ཏུ་ཐོགས་ལ༔ མཐེབ་ཆུང་གཞུ་སྐུད་སྤྲེང་སྒྲ་བསྒྲགས་ལ༔ ཧཱུྃ༔ གཞུ་ནི་གནམ་ལྕགས་ཞུན་མ་ལ༔ ཟངས་ལྕགས་ཞུན་


CMR017_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྒྱུན་ཐག་སྟེ༔ གང་གང་ཚུམས་ཆུམས་རྣོ་དྲག་བཞེས་སུ་གསོལ༔ རི་བོང་གི་མགོ་ཡོད་དམ་མེད་ན་ས་ལ་རི་བོང་གི་མགོ་བཟོས་པའི་ཁར་ལིངྒ་བཅུག་ལ་དེ་ལ་མདའ་ཟོར་བརྡེག་གོ༔ མདའ་གསིལ་ཞིང་༔ ཧཱུྃ༔ མདའ་ནི་ལྕགས་མཚོན་དྲག་པོ་ལ༔ མཛེས་པའི་གནམ་ལྕགས་རྡོ་རྗེའི་མདའ༔ ཐབས་ཀྱི་གཤོག་འབར་བཞི་ཡིས་སྒྲོན༔ མདའ་གཞི་གློག་ལྟར་འཁྱུགས་པའི་མདའ༔ དྲག་འཕང་གནོད་བྱེད་ཙིཏྟ་འབིགས༔ དེ་ནས་རྩེ་སྟོང་སྤྲད་ཅིང་༔ ཧཱུྃ༔ མིང་པོ་རྡོ་རྗེས་གོ་གྱོན་ལ༔ སྲིང་མོ་རྡོ་རྗེས་མཚོན་ཐོགས་ཤིག༔ མིང་པོ་རྡོ་རྗེས་གཡུལ་ཤོམས་ཤིག ། སྲིང་མོ་རྡོ་རྗེས་དམག་སྣ་དྲོངས༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ དགྲ་བླའི་རྒྱལ་པོ་དམག་ལ་འདུས༔ བདུད་ཀྱི་ཡུལ་དུ་ཟོར་འཕེན་ན༔ དམག་གི་རྒྱལ་མོས་ཟོར་སྣ་དྲོངས༔ ད་ནི་འཕངས་པའི་དུས་ལ་བབས༔ སྟེང་གི་ལྷ་ལ་ཟོར་མི་འཕེན༔ སྟེང་གི་ལྷ་ཡང་དཔང་མཛོད་ཅིག༔ འོག་གི་ཀླུ་ལ་ཟོར་མི་འཕེན༔ འོག་གི་ཀླུ་ཡང་དཔང་མཛོད་ཅིག༔ བར་གྱི་ལྷ་སྲིན་རྣམས་ལ་ཟོར་མི་འཕེན༔ བར་གྱི་ལྷ་སྲིན་རྣམས་ཀྱང་དཔང་མཛོད་ཅིག༔ ཕོ་ལྷ་གཉན་ལ་ཟེར་མི་འཕེན༔ ཕོ་ལྷ་གཉན་ཡང་དཔང་མཛོད་ཅིག༔ དགྲ་


CMR017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཉན་ལ་ཟོར་མི་འཕེན༔ དགྲ་ལྷ་གཉན་ཡང་དཔང་མཛོད་ཅིག༔ བར་གྱི་གཉན་ལ་ཟེར་མི་འཕེན༔ བར་གྱི་གཉན་ཡང་དཔང་མཛོད་ཅིག༔ འགོ་བའི་ལྷ་ལ་ཟོར་མི་འཕེན༔ འགོ་བའི་ལྷ་ཡང་དཔང་མཛོད་ཅིག༔ གཅེས་པའི་སྲུང་མ་རྣམས་ལ་ཟོར་མི་འཕེན༔ གཅེས་པའི་སྲུང་མ་རྣམས་ཀྱང་དཔང་མཛོད་ཅིག༔ ཕྱུགས་ལྷ་རྨ་གཡང་རྣམས་ལ་ཟོར་མི་འཕེན༔ ཕྱུགས་ལྷ་རྨ་གཡང་རྣམས་ཀྱང་དཔང་མཛོད་ཅིག༔ ཡུལ་ལྷ་གཞི་བདག་རྣམས་ལ་ཟོར་མི་འཕེན༔ ཡུལ་ལྷ་གཞི་བདག་རྣམས་ཀྱང་དཔང་མཛོད་ཅིག༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན་དམིགས་པའི་དགྲའ་བོ་འདི་ལ་འཕེན༔ བསྲེ་ཡི་ཐག་པ་ལ༔ གསེར་གྱི་བྲུལ་ཞིག་བཏང་༔ ལྕགས་ཀྱི་མཆོག་མ་ལ༔ ཟངས་ཀྱི་སྣལ་མས་བསྡམས༔ འབྲོང་རྒོད་རྒྱུས་ཀྱིས་སྦས༔ དབང་གི་ཟོར་གཞུ་བྱས༔ ལྷོ་ཁ་མོན་ཡུལ་ནས༔ བསྲེ་སྨྱུག་ལྡེམ་པ་བཏུས༔ ལྕགས་བྲག་གསེར་ཤོད་ནས༔ གནམ་ལྕགས་མདེལ་གྱིས་མཐུད༔ བྲག་བྱ་འུག་པ་དང་༔ རིག་པ་ཕོ་རོག་བསད༔ མདའ་ལ་སྒྲོ་ཡིས་བསྒྲོན༔ འབྲོང་བུའི་སྤྱན་


CMR017_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྡམས༔ གདུག་ཤིང་ཚེར་མ་ཅན༔ ཟུར་གསུམ་རྣོ་པོར་བཞོགས༔ མདའ་ཡི་མདེའུ་བཙུགས༔ བསྲེ་མདའ་རྒྱུས་པས་དཀྲིས༔ བསྲེ་ཡི་སྐྱེས་བུའི་ཕྱག་ཏུ་གཏད༔ མདའ་ཟོར་འཕང་བའི་དུས་ལ་བབ༔ སྡང་བར་བྱེད་པའི་དགྲ་ལ་ཡ༔ གནོད་པར་བྱེད་པའི་བགེགས་ལ་ཡ༔ དམིགས་པའི་དགྲ་བགེགས་འདི་ལ་ཡ༔ མདེའུ་རྩེ་ལ་བཅིངས་སམ༔ གྲོ་ག་ལ་མེ་སྦར་བ་མདེའུ་ལ་བཅིངས་ཏེ༔ ཁཱ་ཁཱ་རཀཱ་མ་མ་བྷྱོ་བྷྱོ༔ བཛྲ་ནག་ཁྲིད་དུཏྟཾ་བྷྱོ༔ ཞེས་འཕང་༔ ཁ་ཤར་དུ་རྒྱུ་མདའ་རྒོད་སྒྲོ་མ་བཀང་ལ་ཧཱུྃ༔ ནམ་མཁའི་འོད་ཀྱི་དཀྱིལ་འཁོར་རྟོ་ནས༔ རྒོད་ཀྱི་མགོ་སྟེ་ཕྲ་མེན་མ༔ ཀྲོ་ཏ་ཧ་ཧ་བརྗོད་ནས་ཀྱང་༔ ཤར་གྱི་ཕྱོགས་སུ་ཁ་བལྟས་ནས༔ རླུང་ཤུགས་དྲག་པོའི་བསྐྱོད་པ་འདི༔ དཀར་ནག་མཚམས་སུ་བརྒྱབས་པ་ཡིས༔ དྲན་པ་མེད་པར་འཆི་བར་ངེས༔ ཤར་དུ་བཀང་ལ་མདུན་གྱི་ལིང་ལ་བརྒྱབ༔ ཀྲི་ཏ་མུ་ཁ་ཛཆུད༔ ཁ་ལྷོར་བལྟས་འུག་སྒྲོ་མ་བཀང་ལ༔ ཧཱུྃ༔ ལྕགས་སྟོང་འབར་བའི་དཀྱིལ་འཁོར་ནས༔ བསྲེ་མདའ་འུག་པའི་མགོ་བོ་ཅན༔ ཧེ་ཧེ་ཐང་གསུམ་བརྗོད་ནས་ཀྱང་༔ ལྷོ་ཡི་ཕྱོགས་སུ་ཁ་བལྟས་ནས༔ གསེར་མིག་གསལ་བའི་མིག་བཙུམས་ནས༔


CMR017_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཙ་ཞེས་པའི་སྔག་བཟླས་ནས༔ ལྟོང་དམར་འུག་པས་བསྒྲོན་པའི་མདའ༔ གང་ལ་དམིགས་ཏེ་འཕངས་བྱས་ནས༔ ཐེ་ཚོམ་མེད་པར་འཆི་བར་འགྱུར༔ ལྷོར་བཀང་ནས་ལིངྒར་བརྒྱབ༔ ཧུ་ལུ་མུ་ཁ་མཱ་ར་ཡ་ཧཱུྃ་ཕཊ༔ ནུབ་ཏུ་ཁ་བལྟས་ལ་ཁྲ་སྒྲོ་མ་རྩེ་སྟོང་སྤྱད་ལ༔ ཧཱུྃ༔ ཞེ་སྡང་འབར་བའི་དཀྱིལ་འཁོར་ནས་ལྕགས་ཀྱི་བྱ་ཁྲ་འབར་བ་ལ༔ ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ནས༔ སྟོང་དམར་ཁྲ་ཡི་སྒྲོ་བསྒྲོན་འདིས༔ སྡང་དགྲ་གནོད་བྱེད་གང་ཡང་རུང་༔ མཁལ་མ་སྙིང་དང་ནང་ཁྲོལ་རྣམས༔ ཞེ་སྡང་བསྐྱེད་ནས་ལེན་པར་བྱེད༔ ནུབ་ཏུ་བཀང་ནས་ལིངྐར་བརྒྱབ༔ རྭ་ཙ་མུ་ཁ་མཱ་ར་ཡ་ཕཊ་ཆད༔ བྱང་ཏུ་ཁ་བལྟས་བྱ་རོག་སྒྲོ་རྩེ་ལྟོང་སྤྲད་ལ༔ ཧཱུྃ༔ མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ བྱ་རོག་གདོང་སྟེ་ཕྲ་མེན་མ༔ ཀྲོག་སྒྲ་ཐང་གསུམ་བྱས་ནས་ནི༔ བྱང་གི་ཕྱོགས་སུ་ཁ་བལྟས་ནས༔ དང་རུ་གཡས་པས་བསྒྲོན་པའི་མདའ༔ སྡང་བའི་དགྲ་ལ་འཕངས་པའི་ཚེ༔ མཱ་ར་ཡ་ཡི་སྔགས་བཟླས་ཤིང་༔ ཀླད་པའི་སྟེང་དུ་བརྒྱབ་པའི་ཚེ༔ སྨྲ་ཉམས་མེད་པར་འཆི་བར་འགྱུར༔ བྱང་ཏུ་བཀང་ནས་ལིངྒར་བརྒྱབ༔ ཁྭ་ཁ་མུ་ཁ་མཱ་ར་ཡ་ཐུན་ཡ༔ དེ་དག་གི་ཚེ་མདའ་དེ་དག་ཕྲ་


CMR017_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མེན་དེ་དག་ཏུ་གྱུར་ནས་ཟང་ཟང་བྱུང་བ་དགྲ་བོའི་སྟེང་དུ་སོང་བར་བསྒོམ་མོ༔ དེ་ནས་མདའ་གཅིག་རྩེ་སྟོང་སྤྲད་ལ༔ བྷྱོ༔ ད་ནི་འཕེན་པའི་དུས་ལ་བབ༔ སྐྱེས་བུ་ཆེན་པོའི་དུས་ལ་བབ༔ དགྲ་བོའི་སྙིང་ལ་མདའ་ཟོར་ཡ༔ བསྲེ་ཡི་སྐྱེས་བུ་གདུག་པ་ཅན༔ ཆིབས་སུ་བསྲེ་རྟ་དམར་པོ་ཆིབས༔ སྐུ་ལ་བསྲེ་ཁྲབ་སྨུག་པོ་གསོལ༔ དབུ་ལ་བསྲེ་ཡི་རྨོག་ཞུ་གསོལ༔ ཕྱག་ན་བསྲེ་ཡི་མདུང་དམར་བསྣམས༔ ཁེངས་པར་བཀང་ལ་ཕོག་པ་རྒྱོབ༔ རྣམ་ཤེས་བརྒྱད་ལ་གཟེར་ཆེན་རྒྱོབ༔ གཞུ་མོའི་རྒྱུད་དུ་བརྡུང་བའི་མདའ༔ དམ་ཉམས་སྙིང་ལ་གཟེར་ཆེན་ཕོབ༔ དེ་ཡི་ཡུམ་ཆེན་གཏུམ་མོ་ནི༔ ནག་མོ་ཁ་ལ་དབང་ཕྱུག་གཙོ༔ རི་རབ་ངོས་ལ་སྐུ་བརྟེན་མ༔ ཕྱག་ནི་སྟོང་ཁམས་ཀུན་ཏུ་ཉུལ༔ ཚེ་དང་སྲོག་གི་བདག་མོ་བྱེད༔ ཞབས་ནི་རྒྱ་མཚོའི་གཏིང་ན་བརྐྱངས༔ ཀླུ་བྲན་རྣམས་དང་དགྱེས་སྡེ་མོ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ སྙིང་གི་དཀྱིལ་དུ་མདའ་ཟོར་རྒྱོབ༔ བྷྱོ༔ ཞེ་སྡང་རྡོ་རྗེ་མཐུ་མ་ཆུང་༔ འཕྲུལ་གྱི་མེ་ལོང་སྤྱན་མ་བརྟུལ༔ ཕྱག་གཡས་དེ་ནི་ཐེབ་མ་ཞན༔ བསྲེ་ཡི་ལག་འབྲས་བང་མ་བྲེལ༔ སྒང་ནན་སྒང་ཆུང་ནན་


CMR017_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཆུང་༔ ཡུངས་ཀར་རྒྱལ་པོ་མཐུ་མ་ཆུང་༔ གདུག་པའི་ཟོར་མདའ་རྩལ་མ་ཞན༔ བསྲེ་ཡི་གཞུ་སྒྲ་འུ་རུ་རུ༔ ལྕགས་ཀྱི་མདའ་སྒྲ་ཤ་ར་ར༔ གཞུ་རྒྱུད་རྒྱུན་དུ་མ་ཆད་ཅིག༔ མདའ་འཕངས་སླར་ལ་མ་ལྡོག་ཅིག༔ མདེལ་གྱི་རྩེ་ལ་མེ་འབར་བས༔ གཟུགས་ཀྱི་ཕུང་པོ་གཏིང་ནས་སྲེགས༔ སྡང་བའི་དགྲ་ལ་མདའ་ཟོར་ཡ༔ བསམ་པར་བྱེད་པ་སྙིང་ཡིན་པས༔ སྙིང་གི་དཀྱིལ་དུ་མདའ་ཟོར་ཡ༔ ལྟ་བའི་མིག་ལ་མདའ་ཟོར་ཡ༔ ཉན་པའི་རྣ་བར་མདའ་ཟོར་ཡ༔ སྣོམ་པའི་སྣ་ལ་མདའ་ཟོར་ཡ༔ འགྲོ་བྱེད་རྐང་ལ་མདའ་ཟོར་ཡ༔ ཉུལ་བྱེད་ལག་ལ་མདའ་ཟོར་ཡ༔ སྲིད་པའི་ལྟེ་བའི་ནང་དུ་རྒྱོབ༔ ཆགས་པའི་གཞི་མ་དྲུངས་ནས་ཕྱུང་༔ དཔྲལ་བར་སྐུ་ཡི་མཚམས་སུ་རྒྱོབ༔ ཚེ་ཡི་ཕུང་པོ་གཏིང་ནས་ཤིག༔ སྟེང་གི་ཁྱོ་ལ་མདའ་ཟོར་ཡ༔ འོག་གི་ཆུང་མར་མདའ་ཟོར་ཡ༔ ཡུལ་མཁར་ཞིང་ལ་མདའ་ཟོར་ཡ༔ ཁྱད་པར་དམིགས་པའི་དགྲ་བགེགས་འདི་ལ་མདའ་ཟོར་ཡ༔ མཱ་ར་ཡ་བྷྱོ་བྱད་ཁ་ཕུར་ཁ་ཐམས་ཅད་ཟློག་ཅིག༔ ཅེས་རྒྱབ་བོ༔ དེ་ནས་ཀོང་ཟོར་ཐོགས་ལ༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་འདས་ཀུན་ལ་དབང་སྒྱུར་


CMR017_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ ང་ལས་ཆེ་བཙན་སུ་ཡང་མེད༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ སྡེ་རྒྱད་ལྷ་ཀླུ་གཞི་བདག་རྣམས༔ ཀོང་ཟོར་མཚོན་ཆའི་ཟེར་འཕྲོས་པས༔ ལུས་སེམས་དེ་ནི་བརླག་པར་མཆིས༔ ཟོར་ལམ་ཕྱེས་ལ་སྐུ་བཟུར་ཅིག༔ བརྣག་པའི་དགྲ་བགེགས་མ་གཏོགས་པ༔ སེམས་ཅན་ཀུན་ལ་ཟེར་མི་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་བསྐྱེད༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ ཉམས་པའི་དམ་ཉམས་དགྲ་བགེགས་འདི༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཨོཾ་བཛྲ་ཙན་སརྦ་དུཥྚ་ཨེ་ཛ་བྷྱོ་ཧཱུྃ༔ ཞེས་འཕང་ངོ་༔ ཡོད་ན་ཕུར་པ༔ རྡོ་ཟོར༔ མཚེ་ཡུངས༔ ཁྲག་ཟོར་རྣམས་སོ་སོར་འཕངས༔ མེད་ན་གང་རུང་ཞིག་གིས་ཆོག༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ༔ ང་ནི་ཁམས་གསུམ་སྙིང་རྗེའི་བདག༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མ་མོ་ཀུན་གྱི་ཡབ༔ ང་ལས་ཆེ་བཙན་སུ་ཡང་མེད༔ བཀའ་སྡོད་ཕོ་ཉ་ཡོངས་རྫོགས་རྣམས༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ དམག་སྣ་དགྲ་བོའི་ཡུལ་དུ་དྲོངས༔ དམ་ཅན་དམག་དཔུང་ཉི་ལི་ལི༔ མཚོན་རྩེ་ཕུར་རྩེ་རངས་སེ་རང་༔ གཏོར་ཟོར་རྫོབ་ཏུ་ཉི་ལི་ལི༔ མཚེ་


CMR017_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་མདའ་ལྟར་ཤ་ར་ར༔ དུག་ཐུན་ཁྲག་རླངས་ཆི་ལི་ལི༔ སྲུང་མ་རྔམས་སྟབས་ཁྱུགས་སེ་ཁྱུག༔ གིང་རྣམས་བཤུག་པ་དི་རི་དི་རི༔ མ་མོའི་ཧབ་སྒྲ་ལྷབས་སེ་ལྷབ༔ ཐམས་ཅད་རུ་མཚོན་ལྷུབས་སེ་ལྷུབ༔ དགྲ་བགེག་སྙིང་ལ་ཕུར་རྡོ་མཆེ་ཡུངས་དུག་ཁྲག་ཟོར་རྒྱོབ༔ ཉམས་པའི་ལྔ་ཕུང་རྡུལ་དུ་རློགས༔ སྤུ་གྲིའི་སྔགས་ཤམ་དུ༔ ཧཱུྃ་ཧཱུྃ་སྤ་ར་བིགྷན་ཚིནྡྷ་ཚིན་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ གྷོཥྛ་བྷཾཏྟ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དགྲ་བགེག་གནོད་བྱེད་དམ་སྲི་ཧུར་ཐུམ་ཛམཱ་ར་ཡ་རྦད་རྦད༔ བྷྱོ་བྷྱོ༔ ཞེས་འཕང་ངོ་༔ དེ་ནས་ཟློག་མདོས་འདབས་ཀྱི་གཏོར་ཆུང་ཉེར་གཅིག༔ རྒྱས་པར་སོ་སོའི་བསྐུལ་འདོན་ཞིང་འཕངས༔ བསྡུ་ན་སྤུ་གྲིའི་སྔགས་འདོན་ཞིང་འཕང་ངོ་༔ དེ་ནས་ཟོར་ཆེན་ཐོགས་ལ༔ ཀྱེ༔ ཟོར་མེད་ངེས་པའི་རྣལ་འབྱོར་པ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ འགྲོ་དོན་བྱང་ཆུབ་སྒྲུབ་པ་ལ༔ དམ་ཉམས་དགྲ་་བགེགས་བདུད་ཀྱིས་བརྙས༔ འདི་ཡི་དཔང་དང་གྲོགས་མཛོད་ཅིག༔ རྒྱལ་བ་ཐུགས་དམ་མ་གཡེལ་ཞིག༔ དམ་ཅན་མཐུ་རྩལ་མ་ཆུང་ཞིག༔ སངས་རྒྱས་བསྟན་པ་བཤིག་པ་


CMR017_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དཀོན་མཆོག་དབུ་འཕང་སྨད་པ་དང་༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ འཁུ་ཞིང་སྡང་བའི་དགྲ་དང་དང་བགེགས༔ བསྒྲལ་བའི་ཞིང་བཅུ་འདི་དག་ཀུན༔ དུས་འདིར་བརླག་པར་མ་བསྒྲལ་ན༔ རྒྱལ་བ་ཐུགས་རྗེ་མ་ཆུང་ངམ༔ དམ་ཅན་ནུས་མཐུ་མ་ཆུང་ངམ༔ རྣལ་འབྱོར་ཡི་ཡང་མི་ཆད་དམ༔ གནད་ནས་བསྐུལ་ལོ་ཐུགས་དམ་ཅན༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ སྐུ་གསུམ་དག་པའི་ཕོ་བྲང་ནས༔ སྐུ་གསུམ་བཀའ་བརྒྱུད་བླ་མ༔ རྒྱལ་བ་དགོངས་པ་བརྒྱུད་པ༔ རིག་འཛིན་བརྡའི་བརྒྱུད་པ༔ གང་ཟག་སྙན་ཁུང་བརྒྱུད་པ༔ གཏེར་ཆོས་སྨོན་ལམ་བརྒྱུད་པ༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པ༔ ཐམས་ཅད་ཐུགས་དམ་གནད་ནས་བསྐུལ་ལོ༔ དམ་ཉམས་དགྲ་བགེགས་སྒྲོལ་གི༔ པོའི་ཕྲིན་ལས་མཛོད་ཅིག༔ ཧཱུྃ༔ བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་བཞི་ཁྲོ་བཅུ་ཡབ་ཡུམ༔ ཟ་གསོད་ཕྲ་མེན་སྲུང་མ་བཅུ་གཉིས༔ ཕྱག་བརྙན་དང་བཅས་པ༔ ཕུར་པའི་ལྷ་ཚོགས་བདུན་ཅུ་རྩ་བརྒྱད་རྣམས་ཀྱང་༔ ཐུགས་དམ་གནད་ནས་བསྐུལ་ལོ༔ དམ་ཉམས་དགྲ་བགེགས་སྒྲོལ་


CMR017_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད་ཅིག༔ སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི༔ ཕྱི་ཡི་ལྷ་མ་སྲིན་སྡེ་བརྒྱད༔ ནང་གི་ལྷ་མ་སྲིན་སྡེ་བརྒྱད༔ གསང་བའི་ལྷ་མ་སྲིན་སྡེ་བརྒྱད༔ སྦས་པའི་ལྷ་མ་སྲིན་སྡེ་བརྒྱད༔ ཡང་གསང་གི་ལྷ་མ་སྲིན་སྡེ་བརྒྱད༔ ལས་མྱུར་མགྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད༔ དྲག་པོ་སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད༔ བསྟན་པ་སྲུང་བའི་ལྷ་སྲིན་སྡེ་བརྒྱད༔ བཏགས་ཤིང་ཆགས་པའི་ལྷ་སྲིན་སྡེ་བརྒྱད༔ དྲག་པོ་སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད༔ བསྟན་པ་སྲུང་བའི་ལྷ་སྲིན་སྡེ་བརྒྱད༔ བཏགས་ཤིང་ཆགས་པའི་ལྷ་སྲིན་སྡེ་བརྒྱད༔ གནོད་སྦྱིན་བྱེ་བྲག་གི་ལྷ་སྲིན་སྡེ་བརྒྱད༔ བླ་མ་བརྒྱད་པའི་སྲུང་མ༔ སློབ་དཔོན་བརྒྱུད་ཀྱི་སྲུང་མ༔ ཕ་མྱེས་བརྒྱུད་ཀྱི་སྲུང་མ༔ དབེན་གནས་གསར་རྙིང་གི་སྲུང་མ༔ ཉ་སྟོང་དུས་དྲུག་གི་སྲུང་མ༔ རིན་ཆེན་གཏེར་གྱི་སྲུང་མ༔ བརྟེན་བསྒྲུབས་མཆོད་ནས་ཆགས་པ༔ རང་བཞིན་ཤུགས་ཀྱིས་ཆགས་པ༔ སྐྱེ་བ་སྔོན་ནས་འབྲེལ་བའི་དམ་ཅན་གྱི་ཚོགས་ཐམས་ཅད༔ ཐུགས་དམ་གནད་ནས་བསྐུལ་ལོ༔ ་དམ་ཚིག་དུས་ལ་བབ་བོ༔ དམ་ཉམས་དགྲ་བགེགས་སྒྲོལ་ཅིག༔ བཅོལ་བའི་ཕྲིན་ལས་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུང་ཞིག༔ སྙན་པའི་སྒྲ་སྒྲོགས་ཤིག༔ སུ་ལ་མི་


CMR017_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཁྱོད་ལ་རེའོ༔ སུ་ལ་མི་ལྟོས་ཁྱོད་ལ་ལྟོས་སོ༔ རྒྱལ་མཚན་དུ་ཁྱེད་འཛུགས་སོ༔ དཔའ་དར་དུ་ཁྱེད་ཕྱིར་རོ༔ སྡང་བའི་དགྲ་ཐུལ་ཞིག༔ གནོད་པའི་བགེགས་ཆོམས་ཤིག༔ རྣལ་འབྱོར་པ་དམ་ལྡན་བདག་གི་ཡུལ་དུ་འཁོར་སྲུངས་ཤིག༔ བྱེས་སུ་རྐྱེན་ཟློག་ཅིག༔ བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག༔ སྤོ་ལ་དར་ཕྱོར་ཅིག༔ ཁྲོམ་དུ་དུང་བུས་ཤིག༔ མི་ནོར་ཕྱུགས་གསུམ་སྲུངས་ཤིག༔ ཆག་ཆེ་ཉམ་ང་ཟློག་ཅིག༔ ཆོད་གཏོང་རྦད་འདྲེ་ཟློག་ཅིག༔ རྨི་ལམ་རྟགས་དང་མཚན་མ་ངན་པ་ཟློག་ཅིག༔ རྣལ་འབྱོར་བདག་གི་འདོད་དོན་རེ་བ་ཡིད་བཞིན་དུ་སྒྲུབས་ཤིག༔ ༈ གཞན་ཡང་སངས་རྒྱས་ཀྱི་བསྟན་པ་བཤིག་པ༔ དཀོན་མཆོག་གི་དབུ་འཕང་སྨད་པ༔ རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ༔ མཆེད་དང་ལྕམ་དྲལ་གྱི་སྤྱི་དག༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ སྔ་དགྲ་དར་བ༔ ད་དགྲ་བསྡོ་བ༔ ཕྱི་དགྲ་སེམས་པ༔ གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བསྟན་པ་བཤིག་པའི་དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་རློགས་ཤིག༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པས་ནི་ཁ་ཡིས་མ་ལེན་ནོ༔ ལག་


CMR017_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མ་ཉེས་སོ༔ དམ་ཉམས་པའི་དགྲ་བགེགས་འདི་རྣམས་ཀྱིས༔ ཆོས་མཛད་ཡོངས་ཀྱི་སྐུ་ལ་བསྡོས་སོ༔ རིགས་ལ་བསྙགས་སོ༔ བསྟན་པ་བཤིག་་གོ༔ དམ་ཉམས་གནོད་བྱེད་དགྲ་བགེགས་འདི༔ ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ་ཞིག༔ འཇིགས་པའི་མུན་ནག་གིས་མདུན་ནས་སུས་ཤིག༔ ཚེ་སྲོག་བསོད་ནམས་ཀྱི་ཀླུང་རྟ་སྦུབ་ཅིག༔ ཁ་རུ་ལག་ཆུག་ཅིག༔ ཁོང་ནས་སྙིང་ཕྱུང་ཞིག༔ སྲོག་རྩ་དམར་པོ་ཆོད་ཅིག༔ ལྟག་ནས་བདུད་ཆོད་ཅིག༔ གདོང་ནས་འོད་འཕྲོག་ཅིག༔ གནམ་གྱི་འཇུ་་ཐག་སྟེང་ནས་ཆོད་ཅིག༔ ས་ཡི་རྟེན་ཕུར་འོག་ནས་ཕྱུང་ཞིག༔ དཀོན་པའི་ཚེ་སྲོག་གཉིས་དང་ཕྲོལ་ཞིག༔ ཚེའི་འདུ་བྱེད་སྟུངས་ཤིག༔ ཡར་གྱི་སྲོག་སྒོ་ཕྱེས་ཤིག༔ མར་གྱི་དབུགས་སྒོ་ཕྱེས་ཤིག༔ སྟོད་ནས་ཚ་བ་མེ་ལྟར་འབར་དུ་ཆུག་ཅིག༔ སྨད་ནས་གྲང་བ་ཆུ་ལྟར་ཁོལ་དུ་ཆུག་ཅིག༔ ཚ་གྲང་རླུང་གསུམ་འཐབ་ཏུ་ཆུག་ཅིག༔ རླུང་མཁྲིས་བད་ཀན་འཁྲུགས་སུ་ཆུག་ཅིག༔ ཕོ་ལྷོག་དང་གཟེར་ནད་ཐོང་ཞིག༔ བལ་ནད་དང་གླང་ཐབས་ཐོང་ཞིག༔ མཛེ་ཤུ་དང་ཕོ་མིག་ཐོང་ཞིག༔ འབྲུམ་ནད་དང་ཀླད་གཟེར་ཐོང་


CMR017_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག༔ གག་ལྷོག་དང་འབྲས་གསུམ་ཐོང་ཞིག༔ འདུ་བ་རྣམ་བཞི་ཁོང་ནས་སློངས་ཤིག༔ དུག་གསུམ་གྱི་ཨར་ལ་གཏོད་ཅིག༔ མདའ་གྲི་དང་མདུང་གྲིས་སོད་ཅིག༔ འཐིབས་གྲི་དང་ལྕེབས་གྲིས་སོད་ཅིག༔ རྟ་གྲི་དང་རྦབ་གྲིས་སོད་ཅིག༔ སྨྱོ་འབོག་དང་བརྒྱལ་ནད་ཐོང་ཞིག༔ འོ་དོད་གནམ་དུ་འབོད་དུ་ཆུག་ཅིག༔ ལག་གཉིས་བྲང་ལ་རྒྱབ་ཏུ་ཆུག་ཅིག༔ སྨྲེ་སྔགས་ཆོ་ངེ་འདེབས་སུ་ཆུག་ཅིག༔ ལུས་ལ་མཚོན་གྱི་བསྐལ་པ་ཕོབ་ཅིག༔ མི་རུང་སྣ་དགུ་འཛོམ་དུ་ཆུག་ཅིག༔ ཁ་ཡི་སོ་རྣམས་སིལ་བུར་ཐོང་ཞིག༔ མིག་འབྲས་གཉིས་ཐང་ལ་ལྷུང་དུ་ཆུག་ཅིག༔ སྙིང་ཁྲག་དྲོན་མོ་ཐང་ལ་ཕོས་ཤིག༔ ཀླད་ཁྲག་དྲོན་མོ་ཞོ་ལྟར་བཞོས་ཤིག༔ འཁོར་ཤིག་ཚང་བྲུས་ཤིག༔ སྒོ་ཡི་ནོར་དང་ཕྲོལ་ཞིག༔ མཆན་གྱི་བུ་དང་ཕྲོལ་ཞིག༔ ཡུལ་གྱི་ཁང་ཁྱིམ་ཞིག་ཅིག༔ ཞིང་གི་སྐྱེ་རྒྱུད་ཆོད་ཅིག༔ ཡར་གྱི་ཕོ་རྒྱུད་རྩད་ནས་ཆོད་ཅིག༔ མར་གྱི་མོ་རྒྱུད་མངལ་ནས་སྐེམ་ཞིག༔ མིག་ལ་གཟའི་བསོར་རྡོ་གྱིས་ཤིག༔ སོ་ལ་ཐེའུ་རང་གིས་ཤཱ་རྡེལ་གྱིས་ཤིག༔ སྙིང་ལ་ཆོས་སྐྱོང་གིས་རྔམས་ཟས་གྱིས་ཤིག༔ གློ་མཆིན་ལ་བདུད་ཀྱིས་ཇུར་མིད་གྱིས་ཤིག༔ རྒྱུ་


CMR017_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་བཙན་གྱིས་ཞགས་པ་གྱིས་ཤིག༔ མཁལ་མ་ལ་འདྲེས་སྲང་རྡོ་གྱིས་ཤིག༔ པགས་པ་ལ་གིང་གིས་གཡང་གཞི་གྱིས་ཤིག༔ རུས་པ་ལ་སྡེ་དཔོན་གྱིས་ཁྲམ་མཁར་གྱིས་ཤིག༔ རྐང་པ་ལ་གཤིན་རྗེའི་དབྱུག་པ་གྱིས་ཤིག༔ ཐོད་པ་ལ་བདུད་པོའི་ཁ་ཕོར་གྱིས་ཤིག༔ རྩད་ནས་ཆོད་ལ་དྲུངས་ནས་ཕྱུང་ཞིག༔ ལྟས་ངན་དང་ཆོ་འཕྲུལ་ཐོང་ཞིག༔ མི་ཁ་དང་སྟབས་སྣོལ་ཐོང་ཞིག༔ ལོ་དང་ཟླ་བར་མ་བཞག༔ ཞག་དང་ཟ་མར་མ་བཞག༔ རྟགས་དང་མཚན་མ་ད་ལྟ་ཕྱུང་ཞིག༔ ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས༔ ཚེ་ཕྱི་མ་ལ་དུས་མ་འདེབས༔ སྐྱེ་ཤི་གཉིས་ལ་ཁུང་མ་འབྱིན༔ ལས་ཀྱི་དབང་བཙན་ཞེ་སྙད་མ་འདོགས་པར༔ མྱུར་དུ་རྟགས་དང་མཚན་མ་སྟོན་ཅིག༔ ཁྱེད་ལ་གཏང་རག་གཉན་པོ་གཏང་ངོ་༔ རྣལ་འབྱོར་པ་བདག་གིས་བཅོལ་བའི་ཕྲིན་ལས་གཉན་པོ་མཛོད་ཅིག༔ སྤུ་གྲིའི་སྔགས་བཟླས་ཏེ་ཟོར་ཆེན་འཕངས༔ བཞེས་བཀྱག༔ དར་ནག་བརྡབ༔ ཤིང་ཏུ་གཉན་པས་གར་ཆེ་དུས་ལན་རེ་ཙམ་ལས་མི་རུང་༔ ཡིད་བཞིན་དུ་སྒྲུབས་ཤིག༔ ཡན་གྱིས་ཆོག་གོ༔ དེ་ནས་རལ་གྲི་ཐོགས་ལ༔ རང་ཉིད་ཁྲོ་བོ་བཅུའི་མི་གཡོ་མགོན་པོའི་ང་རྒྱལ་དུ་འཕོས་ཏེ༔ རལ་གྲི་སོ་ལ་ཛཿབྲིས་སམ་


CMR017_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ༔ ཧཱུྃ༔ ང་ནི་མི་གཡོ་མགོན་པོ་སྟེ༔ ཡེ་ཤེས་གློག་གི་རལ་གྲི་འདིས༔ སྐྱེ་ཤི་འཁོར་བ་རྒྱུན་བཅད་ནས༔ བླ་མེད་གནས་སུ་བསྒྲལ་བར་བྱ༔ ཏིག་ཏིག་ཚིན་ཚིན༔ མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་རི་བོང་མགོ་དེ་དུམ་བུ་གསུམ་དུ་གཏུབས༔ ཤོག་ལིང་ཡོད་ན་བསྲེགས་ལ་ཐལ་བ་དམར་གཏོར་ཀུན་ལ་གཏོར༔ མགོ་དུམ་བུ་གཅིག་གཏོར་ཟློག་ནང་དུ་འབུལ༔ དུམ་བུ་གཅིག་དུམ་བུ་མང་དུ་བྱས་ལ་དམར་གཏོར་ཀུན་གྱི་ནང་དུ་ཕུལ༔ དུམ་བུ་གཅིག་ས་ལ་དོང་བྲུས་པར་སྦས་ལ་སྟེང་དུ་ས་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན༔ རྗེས་ལ་དེའི་སྟེང་དུ་གཏོར་སྣོད་སྦུབ་ལ་རྟ་བྲོ་བྱའོ༔ རི་བོང་མགོ་དངོས་སམ་ཟན་ནམ་འཇིམ་པ་ལ་བཅའ་བས་ཆོག་གོ༔ དེ་ནས་གཏོར་ཟློག་བཀྱག་ནས༔ ཟློག་ཐུང་ཐུན་གཏོར་དེ་འདོན་ནས༔ གཏོར་མ་རྣམས་རྩེ་ཕར་བསྟན་ལ་བསྒྱེལ་ལོ༔ དེ་ནས་གཏོར་སྣོད་ཐམས་ཅད་སྤྲུབ་པའི་སྟེང་དུ༔ དར་ནག་སྦྲེལ་ལ་བཙུགས༔ གནོད་བྱེད་དམ་སྲི་སྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་རོལ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་བཅས༔ ཕྱག་བརྙན་ཁྲ་ཐབས་སྒོ་མ་དང་༔ སྤྲུལ་པ་ཡང་སྤྲུལ་དཔག་མེད་བསྐོར༔ གཏུམ་ཆེན་དུས་མཐའི་


CMR017_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྟར་འབར༔ ཡེ་ཤེས་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ རྡོ་རྗེའི་གཤོག་པ་ཕྱོགས་བཅུར་གདེངས༔ ཧཱུྃ་གི་འབྲུག་སྒྲ་དི་རི་དི་རི༔ ཕཊ་ཀྱི་རྐན་སྒྲ་ཆེམས་སེ་ཆེམ༔ ཁྲོ་བོའི་གར་སྟབས་ཤིགས་སེ་ཤིག༔ རྡོ་རྗེའི་འགྲོས་སྟབས་ལམས་སེ་ལམ༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔ དགྲ་ནི་དུམ་བུར་གཏུབས་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བདུད་བགེགས་ཕྱེ་མར་འཐགས་པའི་བྲོ༔ གཡས་གཡོན་ཐབས་ཤེས་སྲི་ལ་བརྡུང་༔ དམ་སྲི་ཐལ་བར་བརླག་པའི་བྲོ༔ བདུད་སྡེ་དཔུང་དང་དྲེགས་པའི་ཚོགས༔ གཞོབ་རྒོད་རྡོག་པས་བརྫིས་པ་བཞིན༔ ཐལ་བ་རྡུལ་དུ་བརླག་པར་བྱ༔ བསྐལ་པའི་མཐའ་རུ་ནྟཾ་བྷ་ཡ༔ ཨོཾ་སུཾ་བྷ་ནི་སོགས་ཧཱུྃ་བཞི་སྔགས་ཀྱི་མཐར། ཨོཾ་ལཾ་ཧཱུཾ་ལཾ་སྟེ་བྷ་ཡ་རཀྟ་མཱ་ར་ཡ་ནཱན༔ དེ་ནས་སློབ་དཔོན་རྗེས་ལ་བསྡད་ཅིང་ཕྱི་མིག་མི་ལྟ་བར་འོང་༔ ཡེ་ཤེས་ཀྱི་བྱ་ཁྱུང་རབ་ཏུ་ཁྲོས་པས་རྗེས་བཅད་པར་གྱུར་པར་བསྒོམ། ཨོཾ་ཁྲོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་ནང་དུ་འོང་༔ རྒྱས་པར་གྱུར་ན་དགའ་སྟོན་གྱི་ཚོགས་འཁོར་རང་གཞུང་ངམ༔ གཞན་གང་


CMR017_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ལྟར་ཚེ་འགུགས་དང་བཀྲ་ཤིས་བརྗོད༔ སྲུང་འཁོར་སྒོམ༔ རྗེས་ཆོག་བསྔོ་བ་སྨོན་ལམ་སོགས་སྤྱི་ལྟ་བྱ་ཞིང་༔ སྟོང་ཉིད་ཀྱི་ཉམས་ལེན་ཐུན་གཅིག་སྐྱོང་༔ ཞེས་བྱ་བ་འདི་ནི་ཕུར་ཟློག་ཁྲོ་རྒྱལ་སྟོབས་འདུས་དང་ཕུར་པའི་དབལ་ཟློག་ཟོར་ཐབས་སུ་བཅའ་བའི་ལུགས་ཡིན་ལ༔ དེ་གཉིས་གང་བྱེད་ཀྱང་གཞུང་གཅིག་པོ་དེ་བསྒྱུར་བ་མ་གཏོགས་འདྲ༔ དབལ་མདོས་མདོས་ཐབས་སུ་བཅའ་ནའང་བཅའ་ཚོགས་གཞུང་འདིའི་ཡིག་ཆུང་ལྟར་སོ་སོར་ཡིན་ཀྱང་འདོན་ལུགས་འདྲ༔ འདི་ལ་འདོན་ཆ་ས་ཕུར་སོགས་དང་༔ གཏེར་ཁ་གཞན་མ་བསྲེས་པར༔ རཏྣའི་རང་གཞུང་བསླད་མེད་ཡིན་པར༔ བཀའ་བརྒྱད་ནས་སབ་དགོས་གཞུང་ན་ཁ་འཕང་བ་ཡང་བཙུད་དེ༔ བལྟས་ཆོག་ཁྱེར་བདེ་བ་ནག་པོ་འགྲོ་ཤེས་སུ་བཀོད་པ་ཡིན་ལ༔ འདི་ཡི་བསྒྲལ་ཆོག་སོགས་གབ་འཁྲུགས་ཆེ་བས་བསྒྲིག་གལ་ཆེ་བར་སྣང་ཡང་༔ བསྒྲིགས་མ་ཁོམ་པར་ལུས༔ ཡོས་ལོ་སྣོན་ཟླ་བའི་ནང་དུ་ཤོར་ལུང་སྔགས་ཆུང་གསར་བུ་པུའི་མིང་ཅན་གྱིས་ཕུར་པ་དོན་དུ་གཉེར་བས༔ ཐག་རིང་ནས་ལན་གཉིས་བྱུང་ཞིང་ནན་གྱིས་བསྐུལ་བ་ལ་བརྟེན་ནས་བསྒྲིག་པ་ལ༔ འགལ་འཁྲུལ་ཉེས་པ་གང་མཆིས་བཤགས་ཤིང་༔ དགེ་བས་འགྲོ་ཀུན་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པའི་ཕྱིར་དུ་བསྔོའོ༔ ཞེས་སྙིགས་དུས་ཀྱི་རིག་སྔགས་འཆང་བའི་རྣལ་འབྱོར་པ་༧ རཱ་ག་ཨ་སྱས་སོ༔ སརྦ་མངྒ་ལཾ། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ལས་ཁྱུང་ཟློག་དང་གཏོར་ཟློག་དང་དབལ་མདོས་སོ་སོར་སྦྲག་མའི་སྒོ་དབྱེ་དང་སྨད་ཆ་ཟོར་ལས་རྣམས།next