Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་སྲིན་མོ་ཟ་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་མ་སྲིན་མོ་ཟ་ལམ།next

གཏོར་མ་སྲིན་མོ་ཟ་ལམ།


CMR017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཏོར་མ་སྲིན་མོ་ཟ་ལམ་ནི༔ གདོན་བགེགས་ཐམས་ཅད་གཏོར་མས་ཟློག་པ་ནི༔ གཏོར་མ་གོམ་པ་བདུན་ཅུའི་སར་ཁྱེར་ལ༔ རྔ་རྡུང་དུང་འབུད་རོལ་མོ་བསྒྲག༔ ཆ་ལང་རྡེབ༔ འོ་དོད་འབོད༔ ཞིང་ལྤགས་གདབ༔ གཡབ་དར་གཡབ་ལ་གསེར་སྐྱེམས་གཏོར་མ་བཏང་སྟེ༔ དེ་ནས་བར་འདིར་སྒོ་དབྱེ་བྱའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ༔ སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་ལས་གྲུབ་ལས་ཀྱི་མཁའ་འགྲོར་སྟོན༔ རྡོ་རྗེ་མ་མོའི་ལྟས་ངན་བྷྱོ་ཟློག་ཅིག༔ སོ་སོའི་རིགས་དང་མིང་སྲིང་ལྕམ་དྲལ་ཚུལ༔ དམ་ལ་བརྩེར་དགོངས་གནོད་པའི་ཕྱོགས་ཀུན་ཟློག༔ བྷྱོ་བྷྱོ༔ ཟློག་ཟློག་དམར་ཆེན་གཏོར་མས་ཟློག༔ སཱ་མཱ་ཡཱ༔ བྷྱོ༔ སྲིན་མོ་ཤུགས་འཆང་རྡོ་རྗེ་རིགས་་ཀྱི་ལྕམ༔ མིང་པོ་རྒྱལ་པོའི་བཀའ་སྒྱུར་རྒྱལ་ཆགས་ཟློག༔ བྷྱོ༔ སྲིན་མོ་ཤུགས་འཆང་རིན་ཆེན་རིགས་ཀྱི་ཡུམ༔ མིང་པོ་གཤིན་རྗེའི་བཀའ་སྒྱུར་ཁྲམ་ཁ་ཟློག༔ བྷྱོ༔ གར་གྱི་དབང་ཕྱུག་པདྨ་རིགས་ཀྱི་ལྕམ༔ མིང་པོ་ཀླུ་ཡི་བཀའ་བསྒྱུར་ཀླུ་བྱེད་ཟློག༔ བྷྱོ༔ གར་གྱི་དབང་ཕྱུག་ལས་ཀྱི་རིགས་ཀྱི་ལྕམ༔ མིང་པོ་གནོད་སྦྱིན་བཀའ་སྒྱུར་གནོད་སྦྱིན་


CMR017_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ བྷྱོ༔ དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ ཀོང་བཙུན་བཀའ་སྒྱུར་མི་སྙིང་བློ་འཕྲོག་ཟློག༔ བྷྱོ༔ སྔགས་སྲུང་ཨེ་ཀ་ཙ་ཏི་རལ་གཅིག་མ༔ སྐོས་རྗེའི་བཀའ་སྒྱུར་བདུད་ཀྱི་ཁྲམ་ཁ་ཟློག༔ བྷྱོ༔ ཨེ་ཀ་ཙ་ཏི་ནམ་མཁའི་གློག་མ་སྤྲིནུ༔ རེ་ལྡེ་མགོ་ཉག་བཀའ་སྒྱུར་བདུད་རྣམས་ཟློག༔ བསྒྱུར་རོ་བདུད་ཀྱི་ཆད་པ་དགྲ་ལ་སྒྱུར༔ བྷྱོ༔ དཀར་མོ་ཆེན་མོ་ཉི་ཟླའི་ཐོད་ཕྲེང་ཅན༔ གནམ་ལྷའི་བཀའ་སྒྱུར་བརྒྱལ་ནད་སྨྱོ་འབོག་ཟློག༔ བྷྱོ༔ མ་མོ་ཨེ་ཀ་ཙ་ཏི་ཐལ་མདོག་མ༔ གྲོང་ཐེལ་བཀའ་སྒྱུར་ཐེའུ་རང་ཡུལ་འབེབས་ཟློག༔ བྷྱོ༔ ཟློག་རྒྱལ་མོ་བཞི་དང་བློན་མོ་བཞི༔ སྤྲུལ་པའི་འོད་ཕྲེང་ལྟས་ངན་ཟློག༔ ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན༔ ཟངས་ཁྲབ་གསོལ་ནས་མདུང་དམར་ཐོགས༔ བ་དན་རྩེ་གསུམ་གཡབ་པའི་ཚེ༔ ལྷ་སྲིན་དབང་སྡུད་དགྲ་བགེགས་གསོད༔ བདུད་དཔུང་འཇོམས་ཤིང་སྲོག་དབུགས་གཅོད༔ མདུང་དམར་ཅན་གྱི་ལོག་འདྲེན་སྒྲོལ༔ དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག་བ་གནོད་པའི་བགེགས་ལ་ཟློག༔ བྷྱོ༔ ས་བདག་ཆེན་མོ་རལ་གཅིག་མ༔ ས་


CMR017_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཐེལ་ནག་པོའི་བཀའ་སྒྱུར་ས་སྲི་ཟློག༔ བྷྱོ༔ གནམ་ལྷ་ཤེས་ལྷ་རེ་མན་ཞེས་བྱ་བ༔ གཟའ་བདུད་བཀའ་སྒྱུར་གཟའ་ཡི་དལ་ཁ་ཟློག༔ བྷྱོ༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ ཡམ་ཤུད་བཀའ་སྒྱུར་བཙན་གྱི་སྐྱ་བབ་ཟློག༔ བྷྱོ༔ མ་ཆེན་འཇིགས་པ་ཁྲག་གི་རལ་པ་ཅན༔ ཀླུ་སྲིན་ཕོ་མོའི་བཀའ་སྒྱུར་ཀླུ་ནད་ཟློག༔ བྷྱོ༔ དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི༔ མགོན་པོའི་བཀའ་སྒྱུར་ནམ་གྲུའི་ཆོ་འཕྲུལ་ཟློག༔ བྷྱོ༔ དཔལ་ལྡན་ལྷ་མོ་ལས་ཀྱི་དབང་མོ་ཆེ༔ སྣང་སྲིད་མ་མོའི་ཁྲམ་ཁ་དགྲ་ལ་ཟློག༔ བྷྱོ༔ དམར་ཆེན་གཏོར་མ་འདི་ཡིས་དགྲ་བགེགས་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ རྦད་འདྲེ་རྒོད་གཏོང་བྱད་ཁ་ཕུར་ཁ་ཟློག༔ བྷྱོ༔ གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔ ལྷ་ཆེན་དྲག་པོའི་གདུག་རྩུབ་ཟློག༔ ལྷ་ཆད་གནམ་ནས་བབ་པ་ཟློག༔ ལྷ་མ་ཡིན་གྱི་གདུག་རྩུབ་ཟློག༔ སྐེམ་བྱེད་ལྕགས་ཀྱུས་ཟིན་པ་ཟློག༔ དྲང་སྲོང་རྣམས་ཀྱི་དམོད་པ་ཟློག༔ མ་མོའི་ཐུན་སྔགས་དམག་ཚོགས་ཟློག༔ ཕྲ་མེན་མ་ཡི་ཉེ་འབྱེད་ཟློག༔ ས་བདག་ཀླུ་ཡི་གདུག་བྱད་ཟློག༔ ཕོ་ཉའི་རྦོད་གཏོང་འབྱུང་བ་ཟློག༔ ཕུར་


CMR017_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབལ་ཁ་འཕེན་པ་ཟློག༔ ཡུངས་བྲོར་མདའ་ལྟར་འཕེན་པ་ཟློག༔ མུ་སྟེགས་བོན་པོའི་བྱད་ཟོར་ཟློག༔ བནྡེའི་ཧོ་སྤར་ངན་པ་ཟློག༔ ཞང་ཞུང་བོན་པོའི་ཇོ་དམར་ཟློག༔ སུམ་པའི་གླང་ཐབས་ལིང་ཀྱང་ཟློག༔ མེ་ཉག་ལྟག་པའི་བག་ལེ་ཟློག༔ ཁྱུང་པོའི་བཙན་དང་ངན་པའི་ཐན༔ ཀླད་ལ་ཐང་ཤ་འགྱེད་པ་ཟློག༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག༔ མས་ཀྱི་སྲི་རུ་ལངས་བ་ཟློག༔ ལྟག་པའི་བདུད་དུ་བབ་པ་ཟློག༔ ཕོ་སྲི་མོ་སྲི་ཆུང་སྲི་ཟློག༔ དམ་སྲི་ཕུང་སྲི་དབུལ་སྲི་ཟློག༔ ཕ་མེས་དུར་སྲི་བཙན་སྲི་ཟློག༔ བདུད་ཀྱི་ཞགས་པའི་ལྟས་ངན་ཟློག༔ ཕྱག་ཉེས་ལོ་ཀག་གྱིམ་ཤང་ཟློག༔ ལོ་ཀག་ཟླ་ཀག་ཞག་ཀག་ཟློག༔ ས་ལ་དུས་རྩིས་འདེབས་པ་ཟློག༔ གནམ་ལ་གྲངས་རྩིས་འདེབས་པ་ཟློག༔ གཟའ་སྐར་ལོ་ཀག་ཟླ་ཀག་ཟློག༔ དུས་ཚོད་རྩིས་ལ་འདེབས་པ་ཟློག༔ གཤེད་བཞི་རྦོད་གཏོང་ཐམས་ཅད་ཟློག༔ གནམ་ནས་དལ་ཁ་འབབ་པ་ཟློག༔ ས་ལ་ཡམས་ཁ་བྱུང་བ་ཟློག༔ ཐོག་དང་སེར་བ་འབེབས་པ་ཟློག༔ བྱ་ཉེས་མནའ་གྲིབ་ངན་པ་ཟློག༔ ཡུལ་མི་ཁྱིམ་མཚེས་དམོད་མོ་ཟློག༔ གཡས་ནས་ཕོ་བརྒྱས་མདའ་


CMR017_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བདར་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ མདུན་ནས་རྩང་བཞིན་སྡོད་པ་ཟློག༔ རྒྱབ་ནས་ཁྱི་བཞིན་འབྲང་བ་ཟློག་མོ་ངན་ལ་སོགས་སོག་སྡིག་ཟློག༔ ངོ་ལ་གདོང་ཐུག་བྱེད་པ་ཟློག༔ ལྐོག་ནི་འབུ་བཞིན་གཡེང་བ་ཟློག༔ ལུས་ལ་ན་ཚ་གཏོང་བ་ཟློག༔ སེམས་ལ་སྡུག་བསྔལ་གཏོང་བ་ཟློག༔ ཚེ་ལ་བར་ཆད་བྱེད་པ་ཟློག༔ ཁ་རྗེ་ཟ་ཁ་འགགས་པ་ཟློག༔ མོ་ངན་སོག་དམར་བཏང་བ་ཟློག༔ རྨིས་ལྟས་མཚན་མ་ངན་པ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ གློ་བུར་དགུ་བཅུ་རྩ་གཅིག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ ཕ་ཚན་ནང་གི་རྒྱབ་འདྲེ་ཟློག༔ དར་ཚན་ནང་གི་སྟོང་འདྲེ་ཟློག༔ མ་བུའི་བྱུར་འདྲེ་ཐམས་ཅད་ཟློག༔ ཡས་ཀྱི་ཕུང་འདྲེ་རྒོད་གཏོང་ཟློག༔ བྱུར་གྱི་སྣ་འདྲེ་ངན་པ་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག༔ ཧཱུྃ་བྷྱོ༔ སྡང་དགྲ་གནོད་བྱེད་མ་ལུས་ཀུན༔ དཔལ་ཆེན་འཁོར་དང་བཅས་པ་ཡི༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ནི༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཚལ་པ་ཚལ་པ༔ དུམ་


CMR017_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དུམ་བུ༔ རྡུལ་ཕྲན་རྡུལ་ཕྲན༔ དགྲ་བགེགས་འབྱུང་པོ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ ས་མ་ཡ་བྷྱོ་བྷྱོ༔ ཞེས་གཏོར་ཟོར་དགྲ་ཕྱོགས་སུ་འཕང་༔ མཐུ་འདྲེན་བྱེད་པའམ༔ རྦད་འདྲེའི་ཆག་སྒོ་ཤིན་ཏུ་ཆེ་ན་བྱའོ༔ གང་རུང་རུང་བྱས་ན་རང་ལ་ལྡོག༔ རྗེས་ཀྱི་བྱ་བ་ནི་སྒྲུབ་ཆེན་གྱི་ལས་འགྲིགས་བཅོ་བརྒྱད་ཀྱིས་ཁ་བཀང་ངོ་༔ བར་ཆད་ཀུན་སེལ་གཏོར་ཟློག་དྲག་པོ་འདི༔ ཀུན་དང་ཐུན་མོང་མ་ཡིན་རྒྱུད་ལས་བཀོལ་ནས་པདྨ་བདག་གིས་བཀོད༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གདན་དྲངས་པའོ༔ སརྦ་མངྒ་ལཾ་


previousགཏོར་མ་སྲིན་མོ་ཟ་ལམ།next