Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་རྗེས་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་རྗེས་ཆོགnext

རྡོ་རྗེ་ཕུར་པའི་རྗེས་ཆོག


CMR017_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་རྗེས་ཆོག་བཞུགས་སོ། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཤབྟ་པྲ་ཏིཙྪ་ཨཱཿཧཱུྃ༔ ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་གཅིག་བསྡུས་དྲག་པོའི་སྐུར་བཞེངས་པ། །འགྱུར་མེད་སྲ་བརྟན་བསྒྲེས་རྒུད་བྲལ་བའི་སྐུ། །བདུད་འདུལ་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཡེ་ནས་བདག་དང་དབྱེར་མེད་དོན་གཅིག་ཀྱང་། །མ་རིག་འཁྲུལ་པས་འཁོར་བར་འཁྱམས་པའི་ཚེ། །མི་དགེ་ཉམས་ཆག་འགལ་འཁྲུལ་ཅི་བསགས་པ། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཡེ་ཤེས་པ་རྣམས་རང་རང་གནས་སུ་གཤེགས། །འཇིག་རྟེན་སྲུང་མ་སོ་སོའི་གནས་སུ་བཞུད། །མཆོད་བསྟོད་སྤྱན་འདྲེན་དུས་སུ་སླར་ཡང་བྱོན། །བཛྲ་མུཿ ཨོཾ་བཛྲ་སཏཱ་སོགས། ཨ་ཨཱཿཨི་ཨཱིསོགས། ཀ་ཁ་ག་གྷ་ང་སོགས། ཡེ་དྷརྨ་སོགས་ཚར་གསུམ་རེ་བརྗོད། མདུན་བསྐྱེད་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་རང་བཞིན་གནས་སུ་གཤེགས། དམ་ཚིག་པ་རྣམས་བདག་ལ་ཐིམ། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་དང་འཁོར་རྣམས་བདག་ལ་ཐིམ། བདག་ཧཱུྃ་ལ་


CMR017_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ༔ ཧཱུྃ་གྱེན་རྫོགས་སུ་ཡལ་ནས་སྟོང་ཉིད་ཆོས་སྐུར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སྟོང་པའི་ངང་ལས་བདག་ཉིད་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་རྒྱན་མེད་པ་སྣང་སྟོང་སྒྱུ་མ་ལྟ་བུར་གྱུར། རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་པར་གྱུར། ཧཱུཾ་ཧཱུཾ་བཛྲ་ཀ་ཝཱ་ཙི་ཧཱུྃ༔ དེ་ཡང་མཚོན་ཆ་ལྔ་ཡི་གུར་དང་མེ་དཔུང་གི་ཀློང་ན་བཞུགས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་གྱུར། ཨོཾ་བཛྲ་ཙཀྲ་ཏཱིཀ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ སྨོན་ལམ་བྱ་བ་ནི། འདི་ལྟར་བསྙེན་སྒྲུབ་མཆོད་བསྟོད་བྱས་པ་སོགས། །དུས་གསུམ་བསགས་པའི་དགེ་བ་ཅི་ཡོད་མཐུས། །ཚེ་འདིར་ཚེ་རིང་ནད་མེད་དཔལ་འབྱོར་འཕེལ། །བསྐྱེད་རྫོགས་སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །ནམ་ཞིག་འཕོས་ཚེ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨ་མཆོག་ལ་བརྫུས་སྐྱེས་ནས།། །གསང་བདག་མཐུ་ཆེན་ཐོབ་དང་མི་འབྲལ་ཞིང་། །ལུས་རྟེན་དེ་ལ་ས་བཅུ་མངོན་གྱུར་ནས། །སྤྲུལ་པས་ཕྱོགས་བཅུར་འགྲོ་བ་འདྲེན་པར་ཤོག་།བཀྲ་ཤིས་ནི། ཧཱུྃ། ཕྱོགས་དུས་རྒྱལ་བ་ཀུན་འདུས་རྡོ་རྗེ་འཆང་། །སྐྱེ་ཤི་བསྒྲེས་རྒུད་བྲལ་བ་རྡོ་རྗེའི་སྐུ། །རིག་འཛིན་པདྨ་འབྱུང་གནས་བཀྲ་ཤིས་


CMR017_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །བཅོམ་ལྡན་རྡོ་རྗེ་འཆང་དབང་གསང་བའི་བདག །ནམ་མཁའ་ཇི་སྲིད་བསྒྲེས་མེད་གཞོན་ནུའི་སྐུ། །ཡི་དམ་རྡོ་རྗེ་གཞོན་ནུའི་བཀྲ་ཤིས་གང་། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །ཨུཏྤལ་བསྣམས་པ་རྒྱལ་བ་ཀུན་གྱི་ཡུམ། །འཇིགས་པ་ཀུན་ལས་སྒྲོལ་མཛད་བཅོམ་ལྡན་མ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཀྲ་ཤིས་གང་། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །སངས་རྒྱས་རིགས་བཞི་ཁྲོ་བོའི་སྐུར་སྟོན་པ། །ཡེ་ཤེས་བཞི་དངོས་ཕྲིན་ལས་བཞི་ཡི་བདག །སྲས་མཆོག་རིགས་བཞིའི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །རྒྱལ་བ་ཀུན་གྱི་སྟོབས་བཅུའི་རང་གཟུགས་ནི། །ཡེ་ཤེས་ཁྲོ་བཅུའི་ཕྱོགས་བཅུའི་འདོན་ཚོགས་འདུལ། །ཁྲོ་བོ་བཅུ་ཡི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག ། སངས་རྒྱས་ཀུན་གྱིས་སྤྱད་པའི་ཕར་ཕྱིན་བཅུ། །ཁྲོ་མོའི་སྐུར་སྣང་ཡེ་ཤེས་ཁྲོ་མོ་བཅུ། །ཤེས་རབ་ཡུམ་བཅུའི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་


CMR017_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཤོག །ཁྲོ་བཅུའི་སྤྲུལ་པ་དགྲ་བགེགས་ཟ་བྱེད་བཅུ། །ཁྲོ་མོ་བཅུ་སྤྲུལ་དགྲ་བགེགས་གསོད་བྱེད་བཅུ། །ཁྲ་ཐབས་ཉི་ཤུའི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །རྒྱལ་བ་སྲས་བཅས་ཀུན་གྱི་བསྒོམས་པ་ཡི། །སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་ཏེ། །སྒོ་སྲུང་བཞི་ཡི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །འཇིག་རྟེན་དྲེགས་པའི་གཙོ་བོ་གིང་ཆེན་བཞི། །གདོང་ལྷ་མཆེད་གསུམ་དྲེགས་པ་ལྔ་བསྡུས་སོགས། །ཆོས་སྐྱོང་ཕོ་རྒྱུད་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །རི་ཏེ་མཆེད་བཞི་ཤྭ་ན་མུ་ཁ་བཞི། །འཛམ་གླིང་ནོར་གྱི་བདག་མོ་བསྲེ་མོ་བཞི། །།མ་རྒྱུད་མཁའ་འགྲོའི་ཟབཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །ཕུར་ནི་ཆོས་ཉིད་སྟོང་པ་དབྱིངས་ཀྱི་ངང་། །པ་ནི་རྟེན་འབྲེལ་བསླུ་མེད་ཡེ་ཤེས་ལྔ། །ཟུང་འཇུག་འབྲས་བུའི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །བཛྲ་ཀཱི་ལི་ཀཱི་ལི་ལ་ཡ་སརྦ་མངྒ་ལཾ་སརྦ་སིདྡྷི་ཨ་ལ་ལ་ཧོ། ཞེས་པ་གཏེར་གཞུང་ན་མི་


CMR017_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བས་རྗེས་ཆོག་གཅིག་བྲིས་ཞེས་སྔགས་ཆུང་བསོད་ནམས་བསྟན་འཛིན་ཞེས་པས་བསྐུལ་ངོར་རཱ་ག་ཨ་སྱས་བྲིས། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕུར་པའི་རྗེས་ཆོགnext