Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་ལས་བསྐང་ཟློག་རྒྱུན་ཁྱེར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་ལས་བསྐང་ཟློག་རྒྱུན་ཁྱེར་བསྡུས་པ།next

ཕུར་པའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་ལས་བསྐང་ཟློག་རྒྱུན་ཁྱེར་བསྡུས་པ།


CMR017_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་ལས༔ བསྐང་ཟློག་རྒྱུན་ཁྱེར་བསྡུས་པ་བཞུགས་སོ།


CMR017_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དང་ལིངྒ་ལ་བཀུག་གཞུག་སྤྱི་ལྟར་བྱས་ཏེ། བླ་མ་རིག་འཛིན་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བཞེངས་ཤིང་སྤྲུལ་པའི་ཕོ་ཉ་རྣམས་ནམ་མཁའ་གང་བ་སྤྲོ་བར་གྱུར། ཛཿ དཔལ་ཆེན་ཁྲོ་རྒྱལ་རྣམས་ཀྱི་བཀའ་ཉན་ཞིང་༔ བསྟན་པའི་རུ་ཏྲ་སྒྲོལ་བར་དམ་བཅས་པའི༔ ཕུར་པའི་ལས་མཁན་སྲུང་མ་བཅུ་གཉིས་ཚོགས༔ བརྣག་པའི་ལས་ལ་མ་གཡེལ་དམ་ཅན་རྣམས༔ གསང་སྔགས་གཉན་གྱི་སྲུང་མ་མཐུ་མོ་ཆེ༔ དཔལ་གྱི་ཕོ་ཉ་ཤྭ་ན་མཆེད་བཞི་ནི༔ ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་


CMR017_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ གསེར་གྱི་འཕར་བ་མྱུར་བའི་ལྕེ་བརྒྱད་མ༔ ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ༔ གཡུ་ཡི་ཁྱི་མོ་ཟུག་པའི་སྒྲ་སྒྲོགས་མ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བྱུང་ན༔ ལས་མཁན་དམར་ནག་དགྲ་བགེགས་སྒྲོལ་ལ་ཤོག༔ ཛཿ དགྲ་བོའི་སྲོག་གཅོད་རི་ཏི་མཆེད་བཞི་ནི༔ འཇིགས་བྱེད་མཐིང་ནག་རྡོ་རྗེ་རེ་མ་ཏི༔ ཟ་བྱེད་དམར་ནག་རྡོ་རྗེ་རེ་མ་ཏཱི༔ གསོད་བྱེད་སེར་ནག་རྡོ་རྗེ་རེ་མ་ཛཿ སྲོག་གཅོད་ལྗང་ནག་རྡོ་རྗེ་རེ་མ་ཛུ༔ སྔོན་ཚེ་དཔལ་


CMR017_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བྱུང་ན༔ ལས་མཁན་དམར་ནག་མཐུ་རྩལ་མ་ཆུང་ཞིག༔ ཛཿ སྲོག་གཅོད་མ་མོ་བསྲེ་ཡི་བུ་མོ་བཞི༔ བདུད་ཀྱི་བུ་མོ་ཡ་བྱིན་མཐུ་མོ་ཆེ༔ གཟའ་ཡི་བུ་མོ་དེ་བྱིན་དྲག་རྩལ་ཅན༔ བཙན་གྱི་བུ་མོ་བསྲེ་བྱིན་རྫུ་འཕྲུལ་ཅན༔ ཀླུ་ཡི་བུ་མོ་ཕག་བྱིན་གདུག་རྩུབ་ཅན༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་མ་ཉེས་དགྲ་བྱུང་ན༔ གདུག་རྩུབ་ཅན་རྣམས་ལས་ལ་ད་རྒྱུག་ཅིག༔ ཛཿ མ་མོ་རྣམས་ཀྱི་མིང་པོ་གིང་ཆེན་བཞི༔ འཛིན་གིང་དམར་པོ་འཛིན་པའི་ལྕགས་ཀྱུ་ཐོགས༔ འཆིང་གིང་ནག་པོ་འཆིངས་བའི་ཞགས་པ་ཐོགས༔ སྒྲོལ་གིང་དཀར་པོ་ཤེལ་གྱི་སྤུ་གྲི་ཕྱར༔ ཟ་གིང་སྔོན་པོ་དུག་གི་མཆེ་བ་གཙིགས་མགྱོགས་གིང་རྒྱུག་པའི་གློག་དམར་གདུག་པའི་ཚོགས༔ ལས་བྱེད་དྲག་ཤུལ་ཅན་གྱི་དུས་ལ་བབ༔ ཁྱེད་ཀྱི་མཐུ་རྩལ་འབྱུང་བའི་དུས་ལ་བབ༔ ཕུར་པའི་སྲུང་མ་དམ་ཅན་ལས་མཁན་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིག༔ བྷྱོ༔ ཉི་


CMR017_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་བཞི་དུར་ཁྲོད་གནས་ཀྱི་བདག༔ དཔལ་གྱི་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང་༔ དབང་ཕྱུག་ཉེར་བརྒྱད་མཐུ་དང་རྫུ་འཕྲུལ་ཅན༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་དམ་ཅན་ཚོགས༔ དགྲ་བགེགས་སྲོག་དབུགས་ལེན་པའི་ལས་མཁན་མ༔ དཔལ་ཆེན་ལས་མཁན་ཚོགས་ཀྱི་དུས་ལ་བབ༔ བདག་ནི་ཕུར་བུ་སྒྲུབ་པའི་རིག་འཛིན་ཏེ༔ ཁྱེད་རྣམས་ཕུར་པའི་སྲུང་མ་ཐུགས་དམ་ཅན༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ ཐུགས་དམ་དུས་ལ་བབ་བོ་ཕྲིན་ལས་མཛོད༔ ཅེས་འགུགས་གཞུག་བྱ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མཆེད་བཞི་དུས་ལ་བབ༔ རེ་ཏི་མཆེད་བཞི་དུས་ལ་བབ༔ སྲིན་མོ་མཆེད་བཞི་དུས་ལ་བབ༔ སྐྱེས་བུ་མཆེད་བཞི་དུས་ལ་བབ༔ དབང་མོ་ཉེར་བརྒྱད་དུས་ལ་བབ༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ ཆད་ཅིང་བསྐུལ་བ་ང་ཡིས་བྱེད༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང་། ང་ལ་སྡང་བར་བྱེད་པ་ཡི༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ ཡུད་ཙམ་གྱིས་ནི་


CMR017_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་བཞིན་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ སྔགས་རིང་བཟླས་ཏེ་བསྒྲལ་ནས་ཧོ་ཁུང་ཁེབས་བསལ། ཨོཾ་བཛྲ་རཀྵ་དུ་ཁཾ། ན་མོ། རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་རྡོ་རྗེ་གཞོན་ནུ་བདུད་འདུལ་ཕུར་པའི་ལྷ་ཚོགས་ལ་སོགས་པ་རྒྱུད་སྡེ་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་མཆེད་བཞི་ལ་སོགས་པ་བཀའ་སྲུང་གཏེར་སྲུང་རྒྱ་མཚོའི་བདེན་པ་དང་། བདེན་པ་ཆེན་པོ་དེ་དག་གི་མཐུས། སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ། ཁྱད་པར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། དོ་བསྡོ་ཞིང་འགྲས་ཚོལ་བའི་དགོས་དགྲ། བསམ་ངན་དུག་སྦྱོར་བྱེད་པའི་བྱད་མ། བར་ཆད་བྱེད་པའི་བདུད་བགེགས་དམ་སྲི། ཁྱད་པར་དུའང་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱར་གྱུར་པའི་མི་ནོར་རྟ་ཕྱུགས་


CMR017_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། བླ་ལ་ཁྱེར་བ། ཡིད་ལ་རློམ་པ། གོད་ཁ་དང་ཆོ་འཕྲུལ་གཏོང་བ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱིས་སྲོག་འཕྲོག་པར་བྱེད་པའི་ནད་འདྲེ་གཅོང་སྲི། ཟ་འདྲེ་ཤི་གཤེད། གོད་འདྲེ་གོད་སྲི། དར་སྲི་ཆུང་སྲི། སྲོག་གཅོད་དབུགས་ལེན། ཚེ་ལེན་བདུད་གཅོད། སྒབ་འདྲེ་ཕུང་འདྲེ། གནོད་ཅིང་འཚེ་བར་བྱེད་པ་གང་ཡིན་པ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་ཚགནས་ཀྱང་། རང་དབང་མེད་པར་སྐད་ཅིག་ཡུད་ཙམ་འདི་ཉིད་ལ་གཟུགས་ལིངྒ་མིང་བྱང་བུ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་འབྱུང་པོ་ཛཧཱུྃ་བཾ་ཧཱུྃ༔ ཧཱུྃ་ཧཱུྃ་ཨཱཿ་ན་ཡ་ཧཱུྃ་ཕྲཊ༔ ལན་གསུམ། ནད་པ་གཤིན་པོ་སོགས་ལ་འཁྲུལ་ཤེས་པར་བྱའོ།། ཧཱུྃ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རྣལ་འབྱོར་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་


CMR017_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་ནས་ཀྱང་༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཕུར་སྲུང་བཅུ་དྲུག་ཞལ་དུ་བསྟ༔ དབང་མོ་ཉེར་བརྒྱད་ཞལ་དུ་བསྟབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བྷིནྡྷ་ཡ་བྷིནྡྷ་ཡ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི༔ འབྱུང་བ་ལྔ་ལ་ཁཱ་ཧི༔ ཁམས་ཆེན་བཅོ་བརྒྱད་ལ་ཁཱ་ཧི༔ སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི་ཁཱ་ཧི༔ ཞེས་བསྟབས་ནས་ཐུགས་དམ་བསྐང་ཞིང་བཟློག་པའི་ཕྲིན་ལས་བཅོལ་ཏེ་ཧཱུྃ༔ སྣང་སྲིད་ཕུར་བུས་གདབ་པའི་ཕྱིར༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཁམས་གསུམ་འཁོར་བ་རྒྱས་འདེབས་ཕྱིར༔ འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་༔ མི་དགེ་བཅུ་པོ་ཚར་གཅོད་ཕྱིར༔ ཁྲོ་རྒྱལ་ཕ་བཅུའི་ཐུགས་དམ་བསྐང་༔ དགེ་བཅུ་ཕར་ཕྱིན་དྲུག་སྤྱོད་ཕྱིར༔ ཁྲོ་མོ་བཅུ་ཡི་ཐུགས་དམ་བསྐང་༔ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར༔ ཁྲ་ཐབས་ཉི་ཤུའི་ཐུགས་དམ་བསྐང་༔ གདུག་པའི་དགྲ་བགེགས་ཚར་གཅོད་ཕྱིར༔ སྲས་མཆོག་ཉེར་བརྒྱད་ཐུགས་དམ་བསྐང་༔ ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར༔ སྒོ་བ་བཞི་ཡི་ཐུགས་དམ་བསྐང་༔


CMR017_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དགྲ་བགེགས་ཚར་གཅོད་ཕྱིར༔ ཕུར་སྲུང་བཅུ་གཉིས་ཐུགས་དམ་བསྐང་༔ ལས་རྣམས་མྱུར་དུ་བསྒྲུབ་པའི་ཕྱིར༔ བསྲེ་ལྕགས་དུང་གི་སྐྱེས་བུའི་ཐུགས་དམ་བསྐང་༔ མཐུ་རྩལ་དམག་དཔུང་བསྐྱེད་པའི་ཕྱིར༔ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐང་༔ ཁྲག་ནད་རིམས་ནད་བཟློག་པའི་ཕྱིར༔ དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་༔ ཕྱི་ནང་འཁྲུག་རྩོད་བཟློག་པའི་ཕྱིར༔ དགེ་བསྙེན་ཉེར་གཅིག་ཐུགས་དམ་བསྐང་༔ དལ་ཡམས་རྐྱེན་ཁ་བཟློག་པའི་ཕྱིར༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ མི་ནད་ཕྱུགས་ནད་བཟློག་པའི་ཕྱིར༔ མ་མོ་བཅུ་གཉིས་ཐུགས་དམ་བསྐང་༔ ཟབ་གཏེར་བསྟན་པ་བསྲུང་བའི་ཕྱིར༔ ལྡང་ལྷ་མཆེད་གསུམ་ཐུགས་དམ་བསྐང་༔ དགྲ་ལ་ཆོ་འཕྲུལ་འབེབས་པའི་ཕྱིར༔ དྲེགས་པ་ལྔ་བསྡུས་ཐུགས་དམ་བསྐང་༔ སྣང་སྲིད་གསལ་བར་སྟོན་པའི་ཕྱིར༔ སྙིང་དྲུང་བཙན་པོའི་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ མཐུ་རྩལ་ཅན་རྣམས་དགོངས་སུ་གསོལ༔ དེ་ལྟར་བསྐྱངས་བསྐངས་གསོལ་གསོལ་ནས༔ ད་


CMR017_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག༔ མས་ཀྱི་སྲི་རུ་ལངས་བ་ཟློག༔ ཉེ་བའི་བྱོལ་གཏོ་ལངས་བ་ཟློག༔ ཟོད་གཏོང་རྦད་འདྲེ་དགྲ་ལ་ཟློག༔ ཕུར་ཁ་གཏད་ཁྲམ་དགྲ་ལ་ཟློག༔ ཁྲག་ཟོར་ནད་ཟོར་དགྲ་ལ་ཟློག༔ ཕ་ཚན་རྒྱབ་འདྲེ་དགྲ་ལ་ཟློག༔ དར་ཚན་སྟོང་འདྲེ་དགྲ་ལ་ཟློག༔ གཤིན་རྗེའི་འཁོར་ལོ་དགྲ་ལ་ཟློག༔ མ་མོའི་དལ་ཡམས་དགྲ་ལ་ཟློག༔ བདུད་ཀྱི་ཁྲམ་ཁ་དགྲ་ལ་ཟློག༔ བཙན་གྱི་རྐྱལ་ཁ་དགྲ་ལ་ཟློག༔ ས་བདག་གདུག་བྱེད་དགྲ་ལ་ཟློག༔ རྒྱལ་པོའི་སྨྱོ་འདྲེ་དགྲ་ལ་ཟློག༔ གཟའ་ཡི་ཀིང་ཀང་དགྲ་ལ་ཟློག༔ མུ་སྟེགས་ངན་སྔགས་དགྲ་ལ་ཟློག༔ ཐེའུ་རང་སྲི་རྐུན་དགྲ་ལ་ཟློག༔ ནད་ཁ་རིམས་ཁ་དགྲ་ལ་ཟློག༔ ལོ་ཀག་ཟླ་ཀག་དགྲ་ལ་ཟློག༔ མོ་ངན་རྨི་ལྟས་ངན་པ་དགྲ་ལ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ གློ་བུར་དགུ་བཅུ་རྩ་གཅིག་དགྲ་ལ་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་དགྲ་ལ་ཟློག༔ གཡས་ནས་ཕོ་བརྒྱས་མེདའ་འཕེན་དགྲ་ལ་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་དགྲ་ལ་


CMR017_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ མི་ནག་སྐྱེ་བོའི་ཡ་ཁ་དགྲ་ལ་ཟློག༔ བྲན་གཡོག་ངན་པའི་དམོད་རྩུབ་དགྲ་ལ་ཟློག༔ དགྲ་ལ་བྷྱོ་བཟློག་བསྒྲལ་དུ་གསོལ༔ དགྲ་བགེགས་བྷྱོ་བཟློག་རྡུལ་དུ་རློབས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་ཆད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་སྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ དེ་ནས་གཏོར་མ་བཏེག་ལ། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ༔ ང་ནི་ཁམས་གསུམ་སྙིང་རྗེའི་བདག༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མ་མོ་ཀུན་གྱི་ཡབ༔ ང་ལས་ཆེ་བཙན་སུ་ཡང་མེད༔ བཀའ་སྡོད་ཕོ་ཉ་ཡོངས་རྫོགས་རྣམས༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ དམག་སྣ་དགྲ་བོའི་ཡུལ་དུ་དྲོངས༔ དམ་ཅན་དམག་དཔུང་ཉི་ལི་ལི༔ མཚོན་རྩེ་ཕུར་རྩེ་རངས་སེ་རང་གཏོར་ཟོར་རྦབ་ཏུ་ཉི་ལི་ལི༔ མཚེ་ཡུངས་མདའ་ལྟར་ཤ་ར་ར༔ དུག་ཐུན་ཁྲག་རླངས་ཆི་ལི་ལི༔ སྲུང་མ་རྔམ་སྟབས་ཁྱུགས་སེ་ཁྱུག༔ གིང་རྣམས་བཤུགས་པ་ལྡི་རི་རི༔ མ་


CMR017_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཧབ་སྒྲ་ལྷབས་སེ་ལྷབ༔ ཐམས་ཅད་རུ་མཚོན་ལྷུབས་སེ་ལྷུབ༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ ཉམས་པའི་དགྲ་བགེགས་རྡུལ་དུ་རློགས༔ ཡང་གསང་སྤྱིའི་སྔགས་ཤམ་དུ། ཧཱུྃ་ཧཱུྃ་པ་ར་བི་དན་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧྥཧྥ་གྷཾཏྟ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་གནོད་བྱེད་ཧུར་ཐུམ་ཛ་མཱ་ར་ཡ་རྦད་རྦད༔ བྷྱོ་བྷྱོ༔ ཞེས་འཕངས་བས་དགྲ་ཡུལ་དུ་བྱ་རྒོད་ཐེད་ལ་རུབ་པ་ལྟར་ཕུང་ཤུལ་རྗེས་མེད་དུ་སོང་བར་བསམ་མོ། །གསང་སྒྲུབ་དང་བསྐང་ཟློག་རྒྱུན་ཁྱེར་བསྡུས་པ་འདི་ནི་བདག་རང་གིས་ཕུར་པ་ལ་འབྲེལ་པ་གཅིག་བཞག་ན་རྟེན་འབྲེལ་ཆེ་བའི་གསུང་དབྱངས་གཅིག་མཐོང་བས། བདག་རང་གི་ཐུགས་དམ་འབྲེལ་པ་ཅུང་ཟད་བྱ་ཕྱིར་གཏེར་གཞུང་ནས་བསྡུས་ཏེ་བསྒྲིགས་པ་ཡིན་ཏེ། མན་ངག་གསང་བར་བྱའོ། །ཞེས་སྔགས་འཆང་རཱ་ག་ཨ་སྱས་བྲིས་པ་སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུར་པའི་གསང་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་ལས་བསྐང་ཟློག་རྒྱུན་ཁྱེར་བསྡུས་པ།next