Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་གསོལ་མཆོད་བར་ཆད་ཀུན་སེལ་འདོད་དོན་ལྷུན་གྲུབ།
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པའི་གསོལ་མཆོད་བར་ཆད་ཀུན་སེལ་འདོད་དོན་ལྷུན་གྲུབ།next

རྡོ་རྗེ་ཕུར་པའི་གསོལ་མཆོད་བར་ཆད་ཀུན་སེལ་འདོད་དོན་ལྷུན་གྲུབ།


CMR017_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་གསོལ་མཆོད་བར་ཆད་ཀུན་སེལ་འདོད་དོན་ལྷུན་གྲུབ་བཞུགས་སོ།། ན་མོ་ཤྲཱི་བཛྲ་ཀུ་མཱ་ར། བར་དུ་གཅོད་པ་བདུད་འདུལ་ཞིང་། །བར་ཆད་ཐམས་ཅད་བསལ་བའི་ཕྱིར། །ཕུར་པའི་གསོལ་མཆོད་དོན་བསྡུས་ནི། །གཙང་སྦྱར་བ་ལོ་རྒྱན་ལྡན་དང་། །གསེར་སྐྱེམས་མཆོད་རྫས་ཅི་འབྱོར་བཤམས། །ཕྲིན་ལས་རང་གཞུང་བརྟེན་པ་ཡི། །ཐུན་མཚམས་དག་ཏུ་འདི་ལྟར་བྱ། །དང་པོ་གཏོར་མར་འགུགས་གཞུག་ནི།། ཧཱུྃ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །དམ་ཅན་རྒྱ་མཚོའི་བདེན་པ་ཡིས། །གཟུགས་ཅན་གཟུགས་མེད་དགྲ་བགེགས་རྣམས། །བ་ལི་གཏོར་རྫས་འདི་ལ་ཁུག་་ཨངྐུ་ཤ་ཛཿ ཛཡིག་དམར་ནག་ལས་བྱུང་བའི། །ཟངས་ལྕགས་ཙཀྲ་འབར་བ་ཡིས།་།ཤ་ཁྲག་དོན་སྙིང་དམར་ཉིལ་གཏུབས། །རྣམ་ཤེས་དབྱིངས་བསྟིམས་ཚེ་བསོད་ནམས། །རང་ཐིམ་ངོ་བོ་ཤ་ཁྲག་ལ། །རྣམ་པ་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཿཧཱུྃ་ཧ་ཧོཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས།་ཧཱུཾ། སྲིད་པའི་ཕུར་བའི་བསྒྲུབ་ཅིང་དབང་བླང་ཕྱིར། །སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ནས། །ཡེ་ཤེས་ཕུར་པའི་ལྷ་ཚོགས་སྤྱན་འདྲེན་གཤེགས། །དམ་རྫ་ས་སྨན་རཀ་གཏོར་མའི་མཆོད་པ་འབུལ། །སྐུ་


CMR017_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད། །རྩ་བ་ཡན་ལག་ཉམས་ཆག་འགལ་འཁྲུལ་བཤགས། །ཡེ་ནས་རང་དང་དབྱེར་མེད་སྒྲུབ་ལགས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི། ཞེས་འབུལ། དེ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ། །ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོ་བཅུ། །རང་བཞིན་དབྱིངས་ལས་ཤར་བའི་ཁྲོ་མོ་བཅུ། །སྤྲུལ་པ་ལས་ལ་མངག་པའི་ཁྲ་ཐབས་ཚོགས། །ཟ་གསོད་མཆེ་བ་སྟག་གི་མགོ་བོ་ཅན། །ཡེ་ཤེས་སྒོ་སྐྱོང་ཚོགས་དང་བཅས་ལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སྲུངས་སྐྱོབས་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ།། ཛབྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཆེ། །བཀའ་སྲུང་དམ་ཅན་དཀྱིལ་འཁོར་མུ་རན་སྐྱོང་། །བསྒྲལ་བའི་ལས་མཛད་ཕུར་སྲུང་བཅུ་དྲུག་དང་། །ཤྭ་ན་ས་བདག་རེ་ཏི་དབང་ཕྱུག་ཚོགས། །དགེ་བསྙེན་ཉེར་གཅིག་དམ་ཅན་སྤུན་ལྔ་དང་། །ལྡང་ལྷ་མཆེད་


CMR017_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཙན་རྒོད་སྙིང་དྲུང་བཙན། །བསྲེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་ཏེ། །ཕུར་པའི་སྲུང་མར་ཞལ་བཞེས་རྣམས་ལ་བསྟོད། །མ་གཡེལ་མ་འཕང་སྒྲུབ་པའི་ལས་མཛོད་ཅིག །བརྒྱན་པའི་མཆོད་གཏོར་དམ་པ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་མྱུར་དུ་སྩོལ། །བདག་ཅག་དཔོན་སློབ་བསྟན་དང་རྗེས་འཇུག་རྣམས། །སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང་། །ནད་གདོན་བར་ཆད་ཀུན་ཞི་ཚེ་བསོད་རྒྱས། །ཁམས་གསུམ་དབང་སྡུད་དགྲ་བགེགས་ཐལ་བར་རློགས། །ཁྱད་ཕུར་ཀུན་ཟློག་བཀྲ་ཤིས་བདེ་ལེགས་སྩོལ། །ཡང་འདོད་གསོལ་ཕུད་བསྐང་ནི། ཧཱུྃ༔ སྐུ་གསུམ་དག་པའི་ཕོ་བྲང་ནས་སྐུ་གསུམ་བརྒྱུད་པ་དྲུག་ལྡན་རིག་འཛིན་བླ་མའི་ལྷ་ཚོགས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས། སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་གསོལ་ལོ་མཆོད་དོ་དམ་ཚིག་དུས་ལ་བབ་བོ། །བཅོལ་བའི་ལས་རྣམས་མཛོད་ཅིག །སུ་ལ་མི་རེ་ཁྱོད་ལ་རེའོ། །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །ཕྱི་ནང་གི་བར་ཆད་ཟློག་ཅིག །བསྟན་འཛིན་གྱི་སྐུ་ཚེ་ཕྲིན་ལས་སྤེལ་ཅིག །རྗེས་


CMR017_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་བུ་སློབ་སྐྱོངས་ཤིག །བསྟན་པ་དར་ཞིང་རྒྱས་པར་མཛོད་ཅིག །རྣལ་འབྱོར་པ་བདག་གི་འདོད་དོན་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མ་གཡེལ་ཞིག །ཅེས་ཕྲིན་ལས་བཅོལ་རོལ་མོ་འུར་བརྡུང་བྱ། དེ་ལྟར་ཕུར་སྲུང་གསོལ་ཁ་རྒྱས་པ་ཡི། །དོན་བསྡུས་རྒྱུན་ཁྱེར་ཉུས་བསྡུས་འདི་ཉིད་ནི། །པདྨ་བསྟན་འཛིན་མཆོག་གི་ཐུགས་བཞེད་ལྟར། །ཆགས་སྤྲུལ་ལྔ་པའི་གྲངས་འཛིན་སྙོམས་ལས་པ། །གསང་སྔགས་བསྟན་འཛིན་ཞེས་བྱས་བསྒྲིགས་པ་ལ། །ཉེས་འགལ་གང་མཆིས་རྩ་གསུམ་དྲུང་དུ་བཤགས། །དགེ་བས་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། བླ་མེད་བྱང་ཆུབ་གོ་འཕང་ཐོབ་གྱུར་ཅིག །བཀྲ་ཤིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྡོ་རྗེ་ཕུར་པའི་གསོལ་མཆོད་བར་ཆད་ཀུན་སེལ་འདོད་དོན་ལྷུན་གྲུབ།next