Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་སྲུང་གི་གསོལ་མཆོད།
   
   
   
   
   
   
   
   
   
   


 
previousཕུར་སྲུང་གི་གསོལ་མཆོད།next

ཕུར་སྲུང་གི་གསོལ་མཆོད།


CMR017_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་སྲུང་གི་གསོལ་མཆོད་ནི། ཕུར་སྲུང་དམ་ཅན་བཅུ་གཉིས་ལ་གཏོར་མ་འབུལ་བར་འདོད་ན། བསང་སྦྱང་། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་ཕུར་སྲུང་དམ་ཅན་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམས་ལ། རྐང་གླིང་དང་དང་བཤུགས་པས་དྲངས་པའི་རོལ་མོའི་སྒྲ་དང་བཅས་པས། བྷྱོ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས། །སྤྱན་སྔར་ཕུར་པའི་སྲུང་མར་ཞལ་བཞེས་པའི། །ཤཱ་ན་བདག་ཉིད་ས་བདག་བསྲེ་མོ་བཞི། །གྱད་ཆེན་གིང་བཞི་་མ་སྲིང་འབར་མ་སོགས། །དཔལ་གྱི་ཕོ་ཉ་གྲངས་མེད་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཛས་སྤྱན་དྲངས། ཨོཾ་བཛྲ་པུལླེ་ནས་ཤརྡ་པྲ་ཏིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཉེར་སྤྱོད་སྨན་ཕུད་རཀྟ་བཅས་པས་་མཆོད་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤཱི་ཧཱུཾ་ཀརྨ་ཀ་རཱ་ཡ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་


CMR017_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལ། ཕུར་སྲུང་དམ་ཅན་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། དཔལ་ཆེན་ཁྲག་འཐུང་ཀཱི་ལ་ཡའི། །བཀའ་ཉན་སྲུང་མ་དམ་ཚིག་ཅན། །ཤྭ་ན་བདག་ཉིད་ས་བདག་མ། །གིང་ཆེན་མ་སྲིང་ཕོ་ཉར་བཅས། །རྔམས་བརྗིད་དུར་ཁྲོད་རྒྱན་ཆ་ཅན། །ཐོགས་མེད་དྲག་རྩལ་ཕྲིན་ལས་བདག །གྲངས་མེད་འཁོར་དང་བཅས་ལ་བསྟོད། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཅེས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུར་སྲུང་གི་གསོལ་མཆོད།next