Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིན་འབེབས་བགེགས་འདུལ་ཞིང་གཤེགས་པ།
   
   
   
   
   
   
   
   
   


 
previousབྱིན་འབེབས་བགེགས་འདུལ་ཞིང་གཤེགས་པ།next

བྱིན་འབེབས་བགེགས་འདུལ་ཞིང་གཤེགས་པ།


CMR017_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ དུས་གསུམ་བདེ་གཤེགས་དབྱིངས་སྤྲུལ་ལྟར༔ དེང་གི་གནས་མཆོག་དམ་པ་འདིར༔ བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབ༔ མ་གཡེལ་མ་འཕངས་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཕྲིན་ལས་ཚོགས༔ མ་གཡེལ་མ་གཡེལ་མ་མོའི་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔ ཨོ་རྒྱན་ཐོར་ཚུགས་ཅན་གྱི་ཡུལ༔ རིགས་ནི་ཟ་ཧོར་རྒྱལ་པོའི་རིགས༔ དགེ་སློང་མིང་ནི་ཤཱཀྱ་འོད༔ སློབ་དཔོན་པྲ་ཆེན་ཧསྟི་རྩལ༔ སྲིད་པའི་ཕུར་བུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཅིང་གཤེགས་སུ་གསོལ༔ སྲིད་པའི་ཕུར་བུར་བྱིན་ཕོབ་ཅིག༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཅིང་གཤེགས་སུ་གསོལ༔ སྲིད་པའི་ཕུར་བུར་བྱིན་གྱིས་རློབས༔ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་ན༔ དུར་ཁྲོད་མིང་ནི་དགའ་བའི་


CMR017_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ༔ སློབ་དཔོན་པདྨ་ཐོད་ཕྲེང་རྩལ༔ མཁའ་འགྲོའི་མིང་ནི་ཞི་བ་འཚོ༔ མ་མོ་གསེར་གྱི་རྣ་ཆ་ཅན༔ ཕྱག་ན་མི་རྐང་གླིང་བུ་བསྣམས༔ སྒྲ་བསྒྱུར་མང་པོ་དི་རི་རི༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་རེ་རྒྱན་དང་ལྡན༔ གསུར་ཆེན་དུད་པ་དྲི་རེ་ཞིམ༔ བམ་ཆེན་ཁོག་སྟོད་བཅད་འཕྲོར་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ སྲིད་པའི་ཕུར་བུར་བྱིན་ཕོབ་ཅིག༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་མ་ག་དྷ༔ དུར་ཁྲོད་མིང་ནི་བསིལ་བའི་ཚལ༔ སློབ་དཔོན་དྷ་ན་སཾ་སྐྲྀ་ཏ༔ སློབ་དཔོན་དྷ་ན་ཨུ་པ་ཡ༔ སློབ་དཔོན་བློ་ལྡན་མཆོག་སྲེད་རྩལ༔ ནམ་མཁའི་དབྱིངས་ནས་སྒྲུབ་པའི་ཚེ༔ གཟའ་དང་རྒྱུ་སྐར་བཏུལ་བ་བཞིན༔ ལྷ་གདོན་བཏུལ་ཞིང་གཤེགས་སུ་གསོལ༔ རྒྱ་མཚོའི་གླིང་ནས་སྒྲུབ་པའི་ཚེ༔ ས་བདག་ཀླུ་གཉན་བཏུལ་བ་བཞིན༔ དམ་སྲི་འདུལ་ཞིང་གཤེགས་སུ་གསོལ༔ བར་སྣང་ཁམས་ནས་སྒྲུབ་པའི་ཚེ༔ ལྷ་སྲིན་སྡེ་བརྒྱད་བཏུལ་བ་བཞིན༔ དགྲ་


CMR017_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་འདུལ་ཞིང་གཤེགས་སུ་གསོལ༔ སྲིད་པའི་ཕུར་བུ་བདག་སྒྲུབ་ཀྱིས༔ སྲིད་པའི་ཕུར་བུར་བྱིན་ཕོབ་ཅིག༔ རྒྱ་མཚོ་གླིང་གི་མཁའ་འགྲོ་བཞི༔ བལ་མོ་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ སྲིད་པའི་ཕུར་བུར་བྱིན་ཕོབ་ཅིག༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་ཡངས་པ་ཅན༔ དུར་ཁྲོད་མིང་ནི་སོ་ས་གླིང་༔ སློབ་དཔོན་ཉི་མ་འོད་ཟེར་གྲགས༔ མཁའ་འགྲོའི་མིང་ནི་བདུད་འདུལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྲིད་་པའི་ཕུར་བུར་བྱིན་ཕོབ་ཅིག༔ ནམ་མཁའི་དབྱིངས་ནས་སྐུ་སྐྱོད་མ༔ རྡོ་རྗེ་རིག་འཛིན་བྱིན་ཕོབ་ཅིག༔ བར་སྣང་ཁམས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕྲ་མེན་བྱིན་ཕོབ་ཅིག༔ བརྒྱ་མཚོའི་གླིང་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་མ་མོས་བྱིན་ཕོབ་ཅིག༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་མཁའ་འགྲོས་བྱིན་ཕོབ་ཅིག༔ གངས་ཀར་བརྩེགས་པའི་གཞལ་ཡས་ནས༔ རྡོ་རྗེ་གིང་ཆེན་གཤེགས་སུ་གསོལ༔ རྨོངས་པའི་མུན་པ་སེལ་མཛད་པ༔ ཉི་མ་འོད་ཟེར་གཤེགས་སུ་གསོལ༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་


CMR017_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ༔ བདུད་དང་མུ་སྟེགས་ཚར་གཅོད་པའི༔ འཕགས་པ་སེང་གེ་སྒྲ་སྒྲོག་བྱོན༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ བོད་ཡུལ་དབུས་སུ་བྱོན་པའི་ཚེ༔ གསང་མཚན་རྡོ་རྗེ་གྲོ་བོ་ལོད༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ སྲིད་པའི་ཕུར་བུ་བདག་སྒྲུབ་ཀྱིས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཅི་བསམ་དངོས་གྲུབ་ཆོས་ལྡན་སྩོལ༔ འདོད་པའི་དོན་རྣམས་ཆར་ལྟར་ཕོབ༔ ཨོཾ་ཨཱཿཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ༔ ཧྲིམ་ཧ་རི་ནི་ས༔ ར་ཅི་ཧྲི་ཡ༔ ཨེ་ཨཱཿ་ར་ལི་ཧྲིང་ཧྲིང་༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབྱིན་འབེབས་བགེགས་འདུལ་ཞིང་གཤེགས་པ།next