Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིན་འབེབས། བླ་མ་རིག་འཛིན་མ།
   
   
   
   
   
   
   
   


 
previousབྱིན་འབེབས། བླ་མ་རིག་འཛིན་མ།next

བྱིན་འབེབས། བླ་མ་རིག་འཛིན་མ།


CMR017_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་འབེབས་ནི། བླ་མ་རིག་འཛིན་ལྷ་དང་མཁའ་འགྲོ་དམ་ཅན་ཐམས་ཅད་ནམ་མཁར་སྔོན་གྱི་ཐུགས་དམ་དབང་གིས་སྤྲིན་བཞིན་འཐིབ་ནས། དཀྱིལ་འཁོར་གནས་དང་རྣལ་འབྱོར་པ་རྣམས་ལ་བྱིན་ཆེན་འབེབས་ཤིང་ཐུགས་བརྩེ་བ་ཆེན་པོས་དགོངས་པར་གྱུར་པར་མོས་ལ། བཛྲ་ས་མ་ཡ་ཧོཿ ས་མ་ཡ་སཾ༔ ཧཱུྃ༔ དབུས་ཕྱོགས་འོག་མིན་ཆོས་དབྱིངས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱིས༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཕྱོགས་བཅུ་དྲེགས་པའི་གདན་སྟེང་ན༔ ཁྲོ་རྒྱལ་ཡབ་ཡུམ་ཕྲ་མེན་བཅས༔ སྲས་དང་སྤྲུལ་འཁོར་ཐམས་ཅད་ཀྱིས༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཟླ་གམ་ཨེ་ཡི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་སྲས༔ མཐུ་ཆེན་ཉི་ཤུ་རྩ་གཅིག་གིས༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ དཀྱིལ་འཁོར་སྒོ་བཞི་གྲུ་ཆད་ནས༔ མཐུ་དང་དྲག་རྩལ་བསམ་མི་ཁྱབ༔ ཕྲིན་ལས་རྣམ་བཞི་སྒོ་སྐྱོང་གིས༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ དུར་ཁྲོད་གནས་དང་ཕྱོགས་མཚམས་ནས༔ ཤྭ་ན་ས་བདག་བདག་ཉིད་མ༔ བསེ་ལྕགས་དུང་གི་སྐྱེས་ཆེན་གྱིས༔


CMR017_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ དུར་ཁྲོད་གང་དང་དབེན་གནས་ནས༔ གིང་ཆེན་བཅོ་བརྒྱད་ལང་ཀའི་ཚོགས༔ དབང་ཕྱུག་བརྟན་མའི་ཚོགས་བཅས་ཀྱིས༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་རྣམས་ལ་དབང་ཆེན་བསྐུར༔ རྟགས་དང་མཚན་མ་བཟང་པོ་སྟོན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ས་མ་ཡ་ཨཱཿ་བེ་ཤ་ཡ་ཨཱཿ་བེ་ཤ་ཡ་ཨ་ཨཱཿ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབྱིན་འབེབས། བླ་མ་རིག་འཛིན་མ།next