Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་ལས་ཚོགས་ལས་སྲི་རབས་བཅུ་གསུམ་མནན་ཐབས།
   
   
   
   


 
previousརྡོ་རྗེ་ཕུར་པའི་ལས་ཚོགས་ལས་སྲི་རབས་བཅུ་གསུམ་མནན་ཐབས།next

རྡོ་རྗེ་ཕུར་པའི་ལས་ཚོགས་ལས་སྲི་རབས་བཅུ་གསུམ་མནན་ཐབས།


CMR017_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་ལས་ཚོགས་ལས༔ སྲི་རབས་བཅུ་གསུམ་མནན་ཐབས་བཞུགས་སོ༔


CMR017_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཕུར་པ་ཕྲིན་ལས་ཀྱི་སྲི་རབས་བཅུ་གསུམ་མནན་པ་ནི༔ ལྟས་ངན་བཟློག་པའི་ཐབས་ལ༔ སེམས་ཅན་ཐུན་མོང་གི་ལས་ཀྱིས༔ སྲིད་པ་ཆགས་པའི་དུས་ན༔ རི་རབ་ཀྱི་དབུས་ན་ཤིང་ཡོངས་འདུས་ས་རྟོལ་སྐྱེས་པ་ལས༔ ཤིང་དེའི་ཡས་མན་ན༔ ཡབ་བདུད་ཐོད་པའི་ཕྲེང་བ་དང་༔ མ་བདུད་མེའི་ཁ་རླངས་ཅན་གཉིས་འཚོགས་པ་ལ༔ བུ་གཅིག་སྐྱེས་པ་དེ་ལ་མིང་བཏགས་པ༔ རྒྱལ་པོ་ཕུང་བའི་ཕུང་སྲི༔ བློན་པོ་ཕུང་བའི་ཕུང་སྲི༔ ཡུལ་མའི་ཕུང་བའི་ཕུང་སྲི༔ རྣལ་འབྱོར་དེའི་དམ་སྲི༔ དགྲ་སྲི༔ དམེ་སྲི༔ གོད་སྲི༔ སྒོར་སྲི༔ ཆུང་སྲི༔ དུར་སྲི༔ གཡབ་མོའི་སྲི་དང་བཅུ་གཅིག༔ མ་བུའི་བྱུར་ཡུགས་ཀྱི་སྲི་ནི༔ ལྟས་ངན་ཆོ་འཕྲུལ་བཏང་བ་དང་བཅུ་གསུམ་


CMR017_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མོ༔ རྒྱལ་པོ་ཕུང་བའི་ཕུང་སྲི་ནི༔ མོན་པ་ལས་བྱུང་བའི་ཐོད་པ་དང་༔ ཧོར་མོ་སྤྱི་རིང་གི་ཐོད་པ༔ བོད་རིགས་ངན་གྱི་ཐོད་པ་གང་རུང་མནན་པའི་ཆོས་འཁོར་ཆེན་མོའི་དབུས་སམ༔ ལྷ་ཁང་གི་ཐེམ་འོག་མནན༔ བློན་པོ་ཕུང་བའི་ཕུང་སྲི་ནི་སྤྲེའུ་ནེ་ཙོ་རི་བོང་ཐོད་པ་གང་རུང་བ་ནི༔ མི་མང་འཚོགས་སར་མནན༔ ཡུལ་མི་ཕུང་པའི་ཕུང་སྲི་ནི༔ མཛོ་རྟོལ་ལེ་སྦྲུལ་གང་རུང་གི་ཐོད་པ་ཡུལ་དབུས་གྲོང་ཁྱེར་ཆེན་པོའི་དབུས་སུ་མནན༔ དགྲ་སྲི་ནི༔ གཡག་དང་རྟ་ཐོད་ནང་དུ་དགྲ་བྱུང་དོགས་པའི་ལམ་དང་གང་དབུའམ་ལམ་རྒྱ་གྲམ་མམ་ལུང་གསུམ་མདོར་མནན༔ དམེ་སྲི་ནི་འཕར་སྤྱང་གཡི་ཐོད་དུ་གྲོང་ཁྱེར་དབུས་སུ་མནན༔ སྒོར་སྲི་ནི་ཕ་ཁུ་སྲི་ཅན་རིགས་དང་༔ མ་བུའི་བྱུར་ཡུགས་ཀྱི་སྲི་ནི་ཁྱི་ཐོད་རྔ་མོང་ཕག་ཐོད་ནང་དུ་སྒོ་ཐེམ་འོག་ཏུ་


CMR017_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མནན༔ ཆུང་སྲི་ནི་བྱི་ལ་སྲེ་མོང་ཐོད་པ་ལམ་གྱི་འོག་ཏུ་མནན༔ དུར་སྲི་ནི་ཞ་གྲུམ་བྱི་བའི་ཐོད་པ་གང་རུང་དུ་དུར་ཞབས་སུ་མནན༔ རྣལ་འབྱོར་པ་ཡི་སྲི་ནི་ཁྱི་ར་ཕག་དང་རབས་ཆད་ཐོད་པ་གང་རུང་མཆོད་རྟེན་བྱིན་རླབས་ཅན་གྱི་འོག་ཏུ་མནན༔ ཚ་ཁང་ཆེན་པོའི་ཞབས་སུ་མནན༔ གོད་སྲི་ནི་ར་ལུགས་སྤྲེའུའི་ཐོད་པར་ར་བའི་དབུས་སུ་མནན༔ མི་ཁ་གཡབ་མོའི་སྲི་ནི་འཕར་བ་རྔ་མོང་རྟ་ཐོད་བུད་མེད་འཕང་རའི་དབུས་སུ་མནན༔ བསེ་རགགཏོང་བའི་སྲི་ནི་འཕར་བའི་ཐོད་པ་ཉི་མ་མི་འཆར་བའི་སར་མནན༔ ད་ནི་སྲི་འགུགས་པའི་ལས་ལ་གང་བྱེད་ཀྱང་དང་པོ་ལིདྨ་བྲི་བ་ནི༔ མི་གཟུགས་ཡན་ལག་ལྕགས་སྒྲོག་ཏུ་བཅུག་པ༔ མགོ་ནི་ཕག་སྦྲུལ་བྱ་ཡི་ངོ་བོ་ལས་གྲུབ་པ༔ ཡན་ལག་བཞིའི་ཚིགས་བཞི་ཛ་ཧཱུཾ་བཾ་ཧོའབྲུ་བཞི་བཀོད་པ་སྤྱི་ལྟར་བྱའོ༔ སྙིང་ཁར་ནི་ཏཱི་ཛབྲིས་པའི་མཐར༔ སྔགས་མགོ་ནང་བསྟན་འདི་བྲིའོ༔ ཨོཾ་སརྦ་ཛ་ཏཱི་ནི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཤན་ཏཱི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ཧཱུྃ་ཧཱུྃ་ཧཱུྃ་ཛཿཛཛཧཱུྃ༔ ཞེས་བྲིས༔ ལིང་གའི་སྤྱི་གཙུག་ནས་ཡིག་མགོ་ནང་བསྟན་ལ་འདི་བྲིའོ༔ དར་སྲི༔ འཆི་སྲི༔ དུར་སྲི༔ རྒན་སྲི༔ གཞོན་སྲི༔ དར་མའི་སྲི༔ ལོ་སྲི༔ ཟླ་སྲི༔ ཞག་དུས་ཀྱི་སྲི༔ ཁ་སྨྲས་ཀྱི་སྲི༔ འགོང་སྲི༔ དབུལ་སྲི༔ ཟ་མའི་སྲི༔ དགྲ་སྲི༔ མཚོན་སྲི༔ གོད་སྲི༔ ཕུང་སྲི༔ ཐམས་ཅད་ཧཱུཾ་བྷ་ཡ་ནན༔ སྲིའི་སྣ་འདྲེན་སྲི་བདག་སྲིའི་རིགས་སུ་གྱུར་པ་འདྲེ་གདོན་གནོད་བྱེད་ཐམས་ཅད་ཁུག་ཅིག་ཛཛཿ ཞེས་བསྐོར་ལ་བྲིའོ༔ ལིང་ག་དེ་ཉིད་གན་


CMR017_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱལ་དུ་བྲུབ་ཁུང་༔ ཡང་ན་ལྕགས་སྣོད་ནང་དུ༔ ཕྱག་ལེན་སྤྱི་ལྟར་གཞུག༔ ཐུན་རྫས་སྣ་ཚོགས་དང་མནན་པའི་ལས་ཉེར་མཁོའི་ཐོད་པ་བཤམ༔ དངོས་གཞི་ལས༔ སྲུང་ཟློག་བསད་གསུམ་མནན་པའི་ལས་དང་བཞིའོ༔ དེ་ལ་དང་པོ་ནི༔ ཡི་དམ་གུ་དྲག་རྟ་མགྲིན་གཤིན་རྗེ་ཕུར་པ་སོགས་ཀྱི་ལས་བྱང་ཆོ་ག་རྒྱས་པར་བྱས་པས་ཚོགས་ཀྱི་ཕྲིན་ལས་གོང་དུ་འདི་བྱའོ༔ དང་པོ་བསྲུང་བ་ནི༔ སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བྱ༔ སྭ་བྷ་ཝས་སྦྱངས༔ བདག་དང་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་གནས་སུ་གྱད་དང་སེང་གེ་བཞི་བཞིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན་ཕྱག་རྒྱས་བདག་དང་ཡོན་བདག་འཁོར་དང་བཅས་པ་ལ་བསྲུང་བ་དང་༔ བསྐྱབ་པ་དང་༔ སྦ་བ་དང་༔ བྱིན་གྱིས་རླབས་པར་མཛད་ནས༔ གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིའི་བཅུད་ཀྱིས་བཀང་བ་འཛིན་པས་བདུད་རྩི་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་བདག་དང་བསྲུང་


CMR017_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ་ཐིམ་ནས༔ བར་ཆད་མི་མཐུན་པ་ཐམས་ཅད་ཞི་ནས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པ་དང་༔ དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སྐུ་ལ་མི་ཆེན་པོས་མཚན་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བརྒྱན་པ༔ གསུང་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ༔ ཐུགས་ཤེས་བྱ་མ་ལུས་པ་མངོན་སུམ་དུ་མཁྱེན་པ༔ དེའི་གཡས་སུ་ཤཱ་རིའི་བུ༔ གཡོན་དུ་མོ་འགལ་གྱི་བུ༔ མདུན་དུ་ཀུན་དགའ་བོ༔ རྒྱབ་ཏུ་འཕགས་པ་རབ་འབྱོར་ལ་སོགས་པའི་འཁོར་ཉན་ཐོས་ཆེན་པོ་མཆོག་བརྒྱད༔ རང་རྒྱལ་བ་ཆེན་པོ་བཅུ་གཉིས༔ སྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས༔ གཟུངས་ཆེན་པོ་སྡེ་ལྔའི་ལྷ་ཚོགས་འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲ་སྤངས་སེ་འོད་ཐིབས་སེ་བཞུགས་པ༔ སྟེང་གི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི༔ བར་གྱི་ཆ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས༔ འོག་གི་ཆ་ལ་བཀའ་སྲུང་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅི་མདུན་གྱི་ནམ་མཁའི་བརྟེན་ལ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་༔ བདུད་སྡེ་དཔུང་བཅས་


CMR017_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བཅོམ་ལྡན་འདིར་ནི་བྱོན་པ་ལེགས༔ བདག་ཅག་བསོད་ནམས་སྐལ་པར་ལྡན༔ བདག་གི་མཆོད་ཡོན་བཞེས་སླད་དུ༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ པདྨ་ཀཱ་མ་ལྱཱ་སིཾ༔ ཏདྱ་ཐཱ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་གསུམ་ཅི་ནུས་བཟླས༔ བཅོམ་ལྡན་འདས་བདག་ཅག་འཁོར་དང་བཅས་པ་ལ་བསྲུང་བ་དང་༔ བསྐྱབ་པ་དང་༔ སྦ་བ་དང་བྱིན་གྱིས་རླབས་པ་དམ་པ་མཛད་དུ་གསོལ༔ སྲི་ངན་པ་ཐམས་ཅད་ལས་ཐར་བར་མཛད་དུ་གསོལ༔ བསྟན་པའི་བདག་པོ་དེ་དག་གསལ་བའི་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་གསུམ་གྱི་ལྟེ་བའི་དབུས་སུ་ཡི་དམ་གང་རུང་བསྒོམ་ལ་བདག་བསྐྱེད་བཟླས་པའི་སྔགས་ཀྱིས་མགོ་དྲངས་ནས༔ དུ་རུ་དུ་རུ་ཙཀྲ༔ བཛྲ་ཡ་བཛྲ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ མཱ་ར་ཡ་མཱ་ར་ཡ་ཙཀྲ༔ བྷིན་དུ་མ་ལེ་ཨེ་ནན༔ ཛྭ་ལ་ཛྭ་ལ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ཙཀྲ༔ སརྦ་ཤ་ག་ནི་ཨ་ཝ་ར་ཎ་ཙཀྲ༔ བྷ་ལ་ཡ་བྷ་ལ་ཡཙཀྲ༔ ན་ག་ཤ་ཡ་ན་


CMR017_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཤ་ཡ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ བྷུ་རུ་བྷུ་རུ་ཙཀྲ༔ བྷ་མ་བྷ་མ་ཙཀྲ༔ ས་མནྟ་ཀ་ར་ཙཀྲ༔ ཏི་ག་ན་ཙཀྲ་ཧཱུཾ་ཕཊ༔ སྦྱར་ལ་བརྒྱ་སྟོང་བཟླའོ༔ སྔགས་བརྒྱ་རེ་ཙམ་སོང་བའི་རྗེས་སུ༔ ཐལ་མོ་བརྡབ་ཅིང་ཚིག་འདི་དམོད་པའོ༔ བོདག་ཅག་འཁོར་དང་བཅས་པ་ལ་ཆོས་མཛད་པ་དང་དཀར་པོའི་ཕྱོགས་མཐའ་ཡས་པ་ལ་གནོད་པའི་དགྲ་བགེགས་འབྱུང་པོ་མི་དང་མི་མ་ཡིན་པའི་ཕྱོགས་ངན་པ་དང་གདུག་པ་ཅན་ཐམས་ཅད་འཇོམས་པར་གྱུར་ཅིག༔ བཟློག་པར་གྱུར་ཅིག༔ བསྒྱུར་བར་གྱུར་ཅིག༔ བསྲུང་བར་གྱུར་ཅིག༔ ཐུབ་པར་གྱུར་ཅིག༔ ཅེས་བཟློག་པ་ཚར་གསུམ་རེ་དང་ཐལ་མོ་བརྡབ་བོ༔ དེ་ནས་རང་ཉིད་ལྷའི་ང་རྒྱལ་ལམ༔ དཔལ་རྡོ་རྗེ་གཞོན་བུ་གསལ་བའི་མདུན་དུ་ལིངྒ་དང་༔ ཐུན་རྫས་ཕྱག་མཚན་སྣ་ཚོགས་མནན་པའི་ལས་ལ་མཁོ་བའི་ཐོད་པ་སོ་སོར་གང་དགོས་ཕུང་རེའམ། ༔ རེ་ནག་ཡས་རྫས་སྣ་ཚོགས་དེ་དག་ཞིང་ལྤགས་གཡང་གཞི་གང་རུང་གི་སྟེང་དུ་བཞག༔ སྔགས་ཆས་གོནནས་འདི་སྐད་དོ༔ ཧཱུྃ་རཾ་ཕཊ་རཾ་ཨེ་རཾ༔ བྲུབ་ཁུང་འདི་ཉིད་གཤིན་རྗེ་ལས་ཀྱི་བཙོན་ཁང་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ་བང་རིམ་དགུ་དང་ལྡན་པ་ཁ་དོག་ནག་ཅིང་མཐིལ་ཡངས་པ་ཤིན་ཏུ་འཇིགས་ཤིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཏྲི༔ཡོངས་སུ་


CMR017_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ལས་ལིངྒ་འདི་གནོད་བྱེད་ཕུང་སྲི་ལ་སོགས་སྲི་ལས་གྱུར་པའི་འདྲེ་གདོན་བགེགས་རིགས་མངོན་སུམ་དུ་གསལ་བར་གྱུར༔ དེ་ནས་ཕུང་སྲི་དང་འདྲེ་གདོན་སོགས་ལ་བཀའ་བསྒོ་བ་ནི༔ ཛཿ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ ཚེ་རབས་སྔ་མའི་ལན་ཆགས་ཀྱིས༔ དུས་འདི་ཉིད་དུ་སྲི་རྣམས་བྱུང་༔ རྣལ་འབྱོར་ང་ཡི་གཤེད་མ་བྱུང་༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་གྱི༔ གསང་བའི་གནས་འདིར་མ་འདུག་ཅིག༔ དམ་ཚིག་ལ་གནས་གཞན་དུ་སོང་༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སྲི་རྣམས་ཀྱིས་སློབ་དཔོན་ལ་བྲད་ནས་ཕྱག་འཚལ་བར་བསམ༔ ༔ ཧཱུྃ༔ སེམས་ཅན་སངས་རྒྱས་ཀུན་གྱི་གཙོ༔ བདེ་གཤེགས་འདུ་འབྲལ་མེད་པའི་ཐུགས༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་ལ༔ ལུས་ངག་ཡིད་གསུམ་ཕྱག་བགྱིའོ༔ སློབ་དཔོན་ཁྱེད་ཀྱི་བཀའ་ལས་ནི༔ མི་འདའ་མི་གནོད་ས་མ་ཡ༔ ཞེས་འདྲེ་ཅན་སྲི་ཡི་རིགས་དམ་ཚིག་ཅན་རྣམས་བྱམས་བསྟན་མ་ཤར་བར་དུ་མཐའི་རྒྱ་མཚོའི་ཕ་རོལ་དུ་སོང་བར་བསམས་ལ༔ དེ་ནས་བཀའ་དང་དམ་ལ་མི་གནས་པའི་གནོད་བྱེད་ཕུང་སྲི་ལས་ངན་ཐམས་ཅད་ལིངྒ་ལ་བསྟིམ་པར་བྱའོ༔ རངཉིད་ལྷའི་ང་རྒྱལ་གྱིས་ལག་པ་ལྕགས་ཀྱུས་ཕྱག་རྒྱ་བྱས་ལ༔ ན་མོ་རྗེ་བཙུན་རྩ་བ་སོགས། བདེན་སྟོབས་


CMR017_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་མཐར༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་མི་དང་མི་མ་ཡིན་པའི་གདོན་བགེགས་འདྲེ་སྲིན་ཕུང་སྲི་བྱེད་པའི་སྣ་འདྲེན་ནད་སྲི༔ འཆི་སྲི༔ ཆུང་སྲི༔ གདོན་སྲི༔ གོད་སྲི༔ རྟ་སྲི༔ རྒན་སྲི༔ གཞོན་སྲི༔ དར་མའི་སྲི༔ ལོ་སྲི༔ ཟླ་སྲི༔ ཞག་དུས་ཀྱི་སྲི༔ ཁ་སྨྲས་ཀྱི་སྲི༔ ཟ་མའི་སྲི༔ ཡང་ན་སྲི་སོ་སོའི་རྣམ་པའི་མིང་གཟུགས་ལ་བདེན་པ་བདར༔ ལིངྒའི་སྔགས་མཇུག་ཏུ་རྒྱལ་པོ་ཕུང་བའི་སྲི༔ བློན་པོ་ཕུང་བའི་སྲི༔ ཞེས་སོགས་སྲི་ཅན་སོ་སོར་གང་རྣམ་པར་བྲི༔ རྒྱལ་པོ་ཕུང་བའི་སློབ་དཔོན་ཕུང་བའི༔ གདོན་བགེགས་འབྱུང་པོ་འདྲེ་སྲིན་ཕུང་སྲིའི་རིགས་སུ་གྱུར་པ་གང་ཡིན་དེ་དག་ཐམས་ཅད་སྐད་ཅིག་རང་དབང་མེད་པར་སྲིད་རྩེ་ནས་ན་རག་ཡན་ཆད་སྲིད་གསུམ་གང་ན་གནས་ཀྱང་ལིངྒ་འདི་ཉིད་ལ་ཨ་ཀར་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འགུགས་གཞུག་བྱའོ༔ ཕུང་སྲིའི་སྟོབས་དང་རྫུ་འཕྲུལ་འཕྲོག་པ་ནི༔ ཛཿ གནོད་པར་བྱེད་པའི་ཕུང་སྲི་ནི༔ ཚེ་རབས་སྔ་མའི་ལན་ཆགས་ཀྱིས༔ སངས་རྒྱས་བསྟན་པ་འདི་ཡིས་བཤིགས༔ དཀོན་མཆོག་དབུ་འཕང་འདི་ཡིས་སྨད༔ བདག་ཅག་འཁོར་དང་གནོད་པའི་དགྲ་བགེགས་དང་


CMR017_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་སྲི་ལས་ངན་འདྲེ༔ སྐད་ཅིག་ཙམ་དུ་འདུལ་བའི་ཕྱིར༔ ད་ལྟ་ཉིད་དུ་འདིར་ཁུག་ཅིག༔ ནོར་གྱིས་དོགས་ནས་མིང་རུས་བྲིས༔ བརླགས་ཀྱིས་དོགས་ནས་ལིང་གར་བཅུག༔ ཟགས་ཀྱིས་དོགས་ནས་ཐོད་པར་བཅུག༔ སྲི་ཡི་གནོད་པ་རྡུལ་དུ་རློགས༔ སྔགས་འདི་ཅི་འགྲུབ་བཟླས་སོ༔ ༀ་དུ་རུ་དུ་རུ་ཙཀྲ༔ སོགས༔ ཅེས་བརྒྱའམ་སྟོང་སོགས་དོ་གལ་དང་བསྟུན་ནས་བཟླས་སོ༔ ཤིན་ཏུ་གལ་ཆེ་ན་རང་རྒྱལ་བའི་རྨི་ལྟས་སྲི་དང་མཐུན་པའི་རྟགས་མ་བྱུང་བར་དུ་བཟླས་སོ༔ སྔགས་འདི་ཡུངས་ཀར་ནག་གམ་ཀེ་ཤང་ཟངས་ལྕགས་རྡོ་ཕྱེ་སོགས་ཐུན་རྫས་སྣ་ཚོགས་བཏབ་ནས་སྔགས་བརྒྱ་རྩ་རེ་དང་ལིང་ག་ལ་བྲབ་བོ༔ དེ་བཞིན་ཕྱག་མཚན་རྣམས་ཀྱང་ལིང་ག་ལ་བྲབ་བོ༔ སྔགས་འདིས་ཕྱེ་མར་ལ་རིལ་བུ་བྱས་ལ་བརྒྱ་རྩ་ལ་སོགས་བཏབ་ནས་བྱིས་པའི་ཁ་ལ་བྱིན་ན་སྲི་ལས་ཐར་བར་འགྱུར་རོ༔ གུ་གུལ་དཀར་ནག་ལ་བཏབ་ནས་བདུག་གོ༔ ཡུངས་ཀར་ལ་བསྔགས་ནས་མི་ཕྱུགས་ནད་པ་ལ་བྲབ་ན་ཤི་ཁ་བྱེ་བའི་སྲི་ལས་ཐར༔ ཆུ་གཙང་ལ་བསྔགས་ནས་ཁང་ཁྱིམ་ཞིང་ལ་སོགས་ལ་འཐོར་ན་བཀྲ་མི་ཤིས་པའི་སྲི་ལས་ཐར༔ ཐམས་ཅད་ལ་ཡང་མཚོན་སྣ་ལྔའི་སྐུད་པ་ལ་མདུད་པས་སྔགས་བརྒྱ་རྩ་བརྒྱད་བཏབ་ནས་མགུལ་དུ་བཏགས་པས་བྱད་ཁ་ཕུར་ཁའི་སྲི་ངན་པ་ལས་གྱུར་པའི་གནོད་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ༔ དེ་ནས་སྔགས་པ་རྣམས་ཀྱིས་གཡབ་དར་ཕྱོགས་བཅུ་


CMR017_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གཡབ་པས་བདག་དང་ཡོན་བདག་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ་ཞུགས་པའི་ནད་གདོན་སྲིའི་གནོད་པ་ཐམས་ཅད་ལིང་ག་ལ་སིབ་སིབ་ཐིམ་པར་བསམ་ཞིང་༔ ཛཿ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ སྲི་ལས་སྣ་འདྲེན་ཆེ་བ་མེད༔ ན་བའི་གཟེར་དང་ཚ་བའི་དབལ་དུ་ཆེ༔ གསོན་གྱི་བདུད་དང་གཤིན་གྱི་གཤེད་པོ་ཆེ༔ ཆེ་སྲི་ཆུང་སྲི་དགྲ་སྲི་མཚོན་སྲི་ཆེ༔ རྒྱལ་སྲི་བློན་སྲི་གཞོན་སྲི་རྗེ་ཁུལ་སྲི༔ མ་སྲི་བུ་སྲི་བུ་མོའི་སྲི༔ ཡོད་སྲི་མེད་སྲི་དབུལ་འཕོང་སྲི༔ ཡུལ་སྲི་དུར་སྲི་གོད་སྲི་སོགས༔ སྲི་རྣམས་ཐམས་ཅད་ཐར་བར་མཛོད༔ བཟློག་པར་གྱུར་ཅིག༔ བསྒྱུར་བར་གྱུར་ཅིག༔ བསྲུང་བར་གྱུར་ཅིག༔ ཅེས་ཚར་གསུམ་ལྔ་བདུན་སོགས་བརྗོད༔ དེ་ལྟར་ལས་གྲུབ་ནས་ཧཾ་ཁུང་གྲུ་གསུམ་ནང་དུ་ཤིང་ཚེར་མ་ཅན་དུག་ཤིང་སྣ་ཚོགས་ཀྱིས་མེ་སྦར་ལིངྒ་སྲེག༔ ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ འདྲེ་གདོན་སྲི་ཅན་རྫུ་འཕྲུལ་ཅན༔ ལོག་འདྲེན་གདུག་པའི་ལྟས་ངན་རྣམས༔ ཐམས་ཅད་རྡུལ་དུ་བརླགས་པའི་ཕྱིར༔ དཔལ་ཆེན་འབར་བའི་ཞལ་དུ་བསྟབ༔ མ་མོ་མཁའ་འགྲོའི་ཞལ་དུ་བསྟབ༔ ཆོས་སྐྱོང་སྲུང་མའི་ཞལ་དུ་བསྟབ༔ ཕུང་སྲི་ལས་ངན་ཐམས་ཅད་ཨག་ཡེ་ཛྭ་ལ་རཾ་རཾ་ཧཱུཾ་ཧཱུཾ་ཕཊ་ཕཊ༔ ཨོཾ་སུམྦྷ་ནི་


CMR017_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ གྲངས་མང་བརྗོད་ལ་མེ་ཡིས་བསྲེགས༔ ཡང་ན་ལིངྒ་མ་སྲེག་ཀྱང་རུང་༔ དེ་ནས་ཐལ་སོལ་དང་ཡས་རྫས་སྣ་ཚོགས་དང་བཅས༔ ཡང་གནོད་བྱེད་སྲི་སོ་སོའི་ཐོད་པར་བཅུག་ནས་རེ་ནག་གིས་དྲིལ་སྔོ་དམར་སྐུད་པས་རྒྱ་གྲམ་དུ་བཅིངས་ནས་སོ་སོའི་གནས་སུ་དོང་གྲུ་གསུམ་བྲུས་ལ་མནན་པའི་ལས་བྱའོ༔ དེ་སྟེང་ས་ཁོད་རིམ་པ་གཅིག་མནན་པའི་སྟེང་༔ གྲོ་གའམ་རོ་གཡམ་ངོས་སོ་ལ་རྡོ་རྗེ་རྒྱ་གྲམ་རི་རབ་གླིང་བཞི་བྲི༔ མྱལ་ཡུལ་ཙམ་དུ་་ཐུར་མནན་སྟེང་༔ རླུང་གི་རྡོ་རྗེ་རྒྱ་གྲམ་འབྱུང་བ་རིམ་བརྩེགས༔ དེ་སྟེང་རི་རབ་གླིང་བཞིས་མནན་པར་བསམ༔ བྱམས་པ་མ་བྱོན་བར་དུ་མ་ལྡང་ཞིག༔ དེ་ནས་ལོངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས༔ དེ་བར་མནན་འོག་འདི་ནས་མ་འཕར་ཅིག༔ ཅེས་བརྗོད་ས་རིམ་པ་དགུ་ལ་རྒྱ་གྲམ་ར༔ དེ་སྟེང་མེ་ཁྲོལ༔ དེ་ཡི་སྟེང་ཆུ་ཡང་བླུགས༔ ས་ཡིས་སྐབས་ལ་བཅགས་རྡུང་མི་མངོན་པར་བྱའོ༔ གཏོར་བྲོ་གང་ཤེས་བརྡུང་༔ རྗེས་དམིགས་མེད་བཞག༔ ཡང་ལོགས་ལ་སྒྲུབ་གཏོར་སྐྱོང་༔ སྲུང་འཁོར་བསྒོམ༔ ཚེ་འགུགས་བྱ༔ བཀྲ་ཤིས་བསྔོ་བ་སྨོན་ལམ་རྗེས་ཆོག་རྣམས་གཞུང་ལྟར་བྱའོ༔ ༧ ཞེས་ཨ་རཱ་གས་བྲིས་པ་དགེ་བས་འགྲོ་ཀུན་སྲི་ལས་ཐར་བར་གྱུར་ཅིག༔ དགེའོ༔ དགེའོ༔ དགེའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR017_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕུར་པའི་ལས་ཚོགས་ལས་སྲི་རབས་བཅུ་གསུམ་མནན་ཐབས།next