Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པའི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་ཀྱི་ཟིན་བྲིས།
   
   


 
previousཕུར་པའི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་ཀྱི་ཟིན་བྲིས།next

ཕུར་པའི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་ཀྱི་ཟིན་བྲིས།


CMR017_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པའི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་ཀྱི་ཟིན་བྲིས་བཞུགས་སོ༔


CMR017_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་རཱ་ལ་ན་མོ༔ ཕུར་པའི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་དང་ཕུར་པའི་དབལ་མདོས་ཟློག་པ་ཆེན་པོ་གཉིས༔ སོ་སོ་ཡིན་པས་རྒྱས་པར་བྱ་བ་ནི༔ སོ་སོའི་གཞུང་ལས་བྱུང་བཞིན་བཅའ་བར་བྱ༔ བསྡུས་པར་གཉིས་ཀ་སྦུག་ཐབས་ནི༔ ལྕགས་སྣོད་སླ་ང་ལྕགས་འགུའམ༔ ཀ་ཏོ་ར་སོགས་ཡོད་ན་ལེགས༔ མེད་ན་བཙོ་མ་སོགས་སུ་ནི༔ ཕུབ་རྒོད་ཐང་ལུད་རིལ་མས་བཀང་༔ སྟེང་དུ་འཇིམ་ཞལ་བྱས་པ་ལ༔ རྡུལ་ཚོན་ནམ་ནི་ཤིང་ཐུར་གྱིས༔ འཁོར་ལོ་རྩིབས་བཅུ་བྲིས་པའི་ལྟེར་གྲུ་གསུམ་བྱས་ལ་རྩིབས་དང་ནི༔ གྲུ་གསུམ་ནག་པོ་ཟླ་གམ་གསུམ༔ དམར་པོ་གྲུབ་ན་ལེགས་པ་ཡིན༔ གྲུ་གསུམ་དབུས་མར་ཧོམ་ཁུང་ངམ༔


CMR017_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བྲུས་པར་ཟན་ནམ་ཤོག་ལིང་བཅུག༔ དེ་སྟེང་གཏོར་མ་ཟུར་གསུམ་རབ༔ གྲུ་གང་ཐ་མ་མཐོ་གང་བས༔ མི་ཆུང་བ་ཡི་རྩེ་མོར་ནི༔ མེ་རི་ཁྱུང་བཙུགས་དར་གདུགས་ཕུབ༔ དེ་ནི་གཙོ་བོ་སྲས་བཞི་འོ༔ དེ་རྒྱབ་དེ་བས་སུམ་གཉིས་ཆུང་༔ ཟུར་གསུམ་བཅུ་ནི་ཁྲོ་བཅུ་དང་༔ ཡབ་ཡུམ་ཁྲ་ཐབས་བཅས་པའོ༔ དེ་རྣམས་རྩེ་ལ་མར་གྱིས་ནི༔ མེ་ལྕེ་རེ་དང་ཤ་རྒྱན་བྱ༔ དེ་རྒྱབ་དེ་བས་ཆུང་བ་ཡི༔ ཟུར་གསུམ་ཉི་ཤུ་རྩ་གཅིག་ལ༔ མར་རྒྱན་མེད་པར་རྡུང་བདུན་རེ༔ ཡང་ན་གསུམ་རེ་བཙུགས་པ་ནི༔ ཕུར་སྲུང་བཅུ་དྲུག་ཕྱོགས་བཞི་ཡི༔ དབང་ཕྱུག་མ་བདུན་རེ་རེ་གཅིག་རེ་བྱས་པའི་ཉི་ཤུ་དང་༔ ཚ་བའི་མ་མོ་བཅུ་གཉིས་ལ༔ གཅིག་རེ་གཏོར་


CMR017_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉེར་གཅིག་གོ༔ དེ་མཚམས་ཤ་དུམ་མཐེབ་སྐྱུ་བཞག༔ འཁོར་སྤྲུལ་པ་ཡང་སྤྲུལ་མཆོད་པའོ༔ དེ་རྒྱབ་རྩང་ནི་མེད་ཀྱང་རུང་༔ ཡོད་ན་རྩང་ཕུར་ཉེར་བརྒྱད་ནི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཡིན༔ དེ་རྒྱབ་སྒོ་རྩང་བསླང་སྟེ་བཙུགས༔ བ་སུ་ཏའམ་སྔོ་དམར་ཐག་པས་དཀྲིས༔ མདུན་དུ་རང་གི་སྙིང་ཁ་ལས༔ མི་མཐོ་བར་བཤམས་ཞབས་སུ་ནི༔ གོད་ཤུན་ནམ་ནི་ཚར་རུ་འདྲ་བ་ཡི༔ གཡང་གཞི་བཏིང་བ་རུ་ཏྲའི་པགས་པ་ཡིན༔ ཡོད་ན་ཧོམ་ཁུང་ཤོག་ལིང་བཅུག༔ ཕུར་པས་གཟིར་ལ་གཏོར་ཟློག་གི༔ མདུན་ནམ་འོག་ཏུ་བཞག་པར་བྱ༔ མེད་ན་ཟན་ལིང་བཞག་པས་འཐུས༔ གཞན་ནི་ཕུགས་གཏོར་ཚོགས་མཆོད་དང་༔ གཏོར་འབུལ་སོགས་ནི་སྤྱི་ལྟར་ལས༔ ལིང་ཆུང་བསྒྲལ་རྒྱུ་གཏོར་ཆུང་དང་༔ མཐེབ་སྐྱུ་མང་དུ་བཅའ་བར་བྱ༔ ༈ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་༔ སྔོན་འགྲོ་ལྷ་གཞུང་སྤྱི་ལྟར་རོ༔ ཕུར་པ་གཙོ་བོ་བྱེད་པ་ན༔ ཕུར་པའི་ལས་བྱང་བསྟོད་པ་དང་༔ བཀའ་སྲུང་མ་གཏོགས་ཡན་ཆད་འདོན༔ འཛབ་བསྐུལ་བཏོན་ནས་བསྙེན་པ་ནི༔ ཅུང་ཞིག་བྱའོ་བསྡུ་ན་ནི༔ ལས་བྱང་དུས་ནས་མདུན་བསྐྱེད་ནི༔ མཉམ་དུ་བསྐྱེད་ནས་སྤྱན་འདྲེན་དང་མཆོད་བསྟོད་གཅིག་གིས་ཆོག་པ་ཡིན༔ རྒྱས་པར་མདུན་བསྐྱེད་འདི་འདོན་ནོ༔ བསྡུ་ན་བདག་བསྐྱེད་གསང་སྒྲུབ་ཀྱི༔ མངོན་རྟོགས་་་་་ལས་བྱང་མི་


CMR017_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་མཆན། ཉུང་ངུ་དེ་ཡིས་ཆོག༔ ཡི་དམ་གུར་དྲག་ལ་སོགས་ནི༔ གཞན་གྱིས་ཁོག་དབུབ་ཡིན་པ་ན༔ ཡི་དམ་དེ་ཉིད་སྐད་ཅིག་ལ༔ རྡོ་རྗེ་གཞོན་ནུར་གནས་འགྱུར་ནས༔ བདག་བསྐྱེད་ནས་ནི་མདུན་བསྐྱེད་ལ༔ ཕུར་པ་བསྐྱེད་པས་ཆོག་པ་ཡི༔ ཁྱད་པར་གུར་དྲག་རཏྣ་ལུགས༔ ཕྲིན་ལས་སྒྲུབ་པའི་ལྷ་ཡིན་པས༔ རང་ཉིད་གུར་དྲག་བསྐྱེད་ཚུགས་ལ༔ མདུན་བསྐྱེད་འདི་ལྟར་བསྐྱེད་པས་ཆོག༔ གང་ལྟར་ན་ཡང་གཏོར་ཟློག་ནི༔ མདོས་གཞི་གླིང་བཞི་རི་རབ་དང་༔ གཞལ་ཡས་ཁང་དང་རུ་ཏྲ་ཡི༔ ཕོ་བྲང་ལས་ནི་གྲུབ་པར་བསྒོམས༔ གཏོར་མའི་སྟོད་ནི་ལྷ་རུ་བསྐྱེད༔ བར་ནི་མཆོད་པ་སྣ་ཚོགས་སྨད༔ དགྲ་བགེགས་ཤ་ཁྲག་དག་ཏུ་བསྒོམས༔ མདོས་སམ་ཟློག་པ་བདུད་རྩིས་བྲན༔ ཕཊ༔ སྐད་ཅིག་གིས་མདོས་གཞི་སོགས་ནས་ཡེ་ཤེས་ངང་དུ་ཕྱག་འཚལ་བསྟོད༔ སྐབས་འདིར་མདུན་བསྐྱེད་གསལ་གདབ་ཅིང་༔ བསྙེན་པ་མང་ཉུང་སྐབས་དང་བསྟུན༔ དེ་ནས་ཚོགས་ནི་བྲན་བྱས་ནི༔ ཨོཾ་ཨ་མྲྀ་སོགས་ནས། མཆོག་དང་ཐུན་མོང་དངོས་གྲུབ་དེང་འདི་སྩོལ༔ དེ་ནས་ཚོགས་ཕུད་འབུལ་་བ་ནི༔ ཧཱུཾ་དཔལ་ཆེན་སོགས་ནས༔ ཁཱ་ཧིའི་བར་བརྗོད་ལ་ཚོགས་ཕུད་དང་པོ་ཡིས༔ བླ་མ་ཡི་དམ་གཏོར་མ་གསོ༔ བདུད་རྩིས་བྲན་ལ༔ ཨོཾ་ཨཱཿཿཧཱུྃ་སོགས་ནས་མཛད་དུ་གསོལ་ཡན་ཆད་བརྗོད༔ དེ་ནས་བར་པས་


CMR017_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བ་གསོ༔ མེད་ན་ཡི་དམ་གཏོར་མ་གསོ་བྲན་བྱ༔ ཧཱུྃ་སྣང་སྲིད་སོགས་ནས་ས་མ་ཡ༔ བར་དུ་འདོན་ནས་ཡིག་བརྒྱ་བཟླ༔ དེ་ནས་བྲུབ་ཁུང་ལིངྒ་དང་༔ བྲུབ་ཁུང་བཅས་པ་ཚུར་མདུན་བཞག༔ མ་བཞག་དེ་ལ་དམིགས་ཀྱང་ཆོག༔ ཟངས་ལྕགས་ཐོད་པའི་སྣོད་དུ་ནི༔ ཟན་ལིང་ཆེ་བ་གཅིག་གམ་ཡང་ན་ནི༔ ལིང་ཆུང་བཅུ་ནི་ཁྲག་གིས་བྲན༔ ཚོགས་ཀྱི་མདུན་དུ་མཉམ་དུ་བཤམས༔ ཆང་རྒོད་དག་གིས་བྲན་བྱས་ལ༔ ཨོཾ་བཛྲ་རཀྵ་དུ་ཁཾ་ནས༔ ཧོ་ཧོའི་བར་བརྗོད་གཏོར་ཆུང་གཅིག༔ བྲན་ལ་དུག་མདའ་ནག་པོ་འདོན༔ བསྡུ་ན་ལེའུ་གཅིག་པོས་ཆོག༔ གཏོར་ཆུང་དེ་ཉིད་བཟློག་མདོས་ཀྱི༔ ཟུར་དུ་ཕུལ་ལ་དེ་ནས་ནི༔ ཕུར་པ་ལ་སོགས་ཐུན་རྫས་སོགས༔ མདུན་དུ་བཞག་ནས་བསྒྲལ་ལས་བྱ༔ ཕོ་ཉ་རྣམས་ཀྱིས་བཀུག་པ་སྟེ༔ ལྷ་དང་ཕྲིལ་བ་འདི་སྐད་དོ༔ ཧཱུྃ་དམ་ཚིག་སོགས་ནས། སྐྱེ་མཆེད་བཅུ་གཉིས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བར༔ ལས་འགྲིགས་བཞིན་དུ་རྫོགས་པར་སྦྱར༔ དེ་ནས་གཏོར་ཟློག་བདུད་རྩིས་བྲན༔ ཧཱུྃ༔ གྲུ་གསུམ་མཐིང་ནག་ཅེས་པ་ནས༔ དམ་ཉམས་དགྲ་ལ་བསྒྱུར་ཞེས་པ་ཕུར་ཟློག་ཁྲོ་རྒྱལ་སྟོབས་འདུས་འདོན༔ དབལ་མདོས་སྦྲེལ་མ་ཡིན་ན་ནི༔ ཧཱུྃ་མ་ནོར་མ་བཅོས་ཞེས་པ་ནས༔ ཕྱེ་མ་ཕྱེ་མ་བྷྱོ་བྷྱོ་ཟློག་ཟློག༔ བར་གྱི་དབལ་མདོས་ཚང་བར་འདོན༔ དེ་ནས་བཀའ་


CMR017_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ཁྱུང་ཟློག་འདིར་སབ༔ ལས་བྱང་ཚོགས་ལ་རོལ༔ ལྷག་མ་ལས་བྱང་ལྟར་འདོན་ནས་མདོས་ཀྱི་ཟུར་དུ་ཕུལ༔ རྩང་ནི་ཡོད་ན་བཀའ་བརྒྱད་རྩང་གྱེར་འདོན༔ མེད་ཀྱང་ཆོག༔ དེ་ལྟར་ཞག་གྲངས་དུ་བྱེད་ལ༔ ཟློག་གཞུང་ཚར་རེའི་ཆོག་པ་ཡིན༔ ཐུན་བཞིའམ་ནི་དྲུག་ལ་སོགས༔ ཐུན་མགོར་བསྙེན་པ་ཅི་ནུས་བྱེད༔ བདག་བསྐྱེད་ལྷ་རྣམས་ཐམས་ཅད་ཀྱི༔ སྔགས་སྒྲ་དི་རི་རི་སྒྲོག་པར་བསམ༔ སྟོང་ཕྲག་གམ་ནི་ཅི་རིགས་བཟླ༔ ཐུན་གྱི་མཇུག་ཏུ་འདི་ཉིད་ལན༔ ཉེར་གཅིག་གམ་ནི་བདུན་ཙམ་བརྗོད༔ ཨོཾ་བཛྲ་སོགས་ནས་ནན་བར་འདོན༔ དེ་ནས་ཐུན་མཚམས་དམར་གཏོར་ཆུང་ངུ་གཅིག་བྲན་ནས༔ སྟོང་ཚིག་མཆོད་པ་བྱས་པ་སྟེ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་ནས༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་མ་ལུས་སྩོལ༔ ཡང་ན་སྟོང་གསུམ་སྟོང་གི་འཇིག་རྟེན་འདི༔ སོགས་ནས། བགེགས་ལ་བློ་བཟློག་བསྒྲལ་དུ་གསོལ༔ ཞེས་འདོན་གཏོར་ཆུང་མདོས་ནང་འབུལ༔ ཐལ་མོ་རྡེབ་སོགས་ཐུན་མཇུག་གོ༔ དེ་ནས་ཞག་བདུན་ལ་སོགས་ལ༔ བྱས་ནས་གཏོར་སྒྲུབ་བསྙེན་སྒྲུབ་ཀྱི༔ གོ་ཡང་ཆོད་དེ་རྨི་ལམ་དུ༔ གནས་དང་རི་ལ་མེ་འབར་བ༔ ཕུར་པ་རྡོ་རྗེ་ཁཊཾ་སོགས༔ ཕྱག་མཚན་རྙེད་དང་མེ་ཏོག་ནི༔ སྔོན་པོ་འཐུ་བ་ནམ་མཁར་འཕུར༔ ཆུ་བོ་བརྒལ་བ་མཚོ་ཆེན་


CMR017_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཤགས༔ གླང་གཡག་ཞོན་དང་ཞལ་མཇལ་དང་ལུང་སྟོན་མར་མེ་འཛིན་པ་དང་༔ གཏོར་མ་དབྱར་མི་རུལ་དང་དགུན་མི་འཁེང་༔ ནང་མཆོད་ཡོན་ཆབ་འཁྲུགས་སོགས་ལྷ་རྟགས་དང་༔ མཁར་བརྩེགས་ས་བཙན་བཟུང་བ་དང་༔ གོ་ཁྲབ་ལ་སོགས་རེ་བ་དང་༔ རིམ་པ་ལ་སོགས་བསྲུང་རྟགས་ཡིན༔ དམག་དང་རྦབ་དང་སེར་བ་ཟློག༔ ཕུར་པ་དང་ནི་ཟོར་བཅག་པ་༔ དཔའ་སེམས་སྐྱེ་བ་བཟློག་རྟགས་ཡིན༔ སེམས་ཅན་བཀྱིགས་བརྡུང་བསད་པ་དང་༔ ཁ་བསྡམ་པ་དང་ངུ་བ་དང་༔ ཕྱག་འཚལ་སྲོག་སྙིང་འབུལ་བ་ནི༔ ཐུལ་རྟགས་ཡིན་ཏེ་དེ་རྣམས་འབྱུང་༔ ཡང་ན་དགུ་གཏོར་དང་ནི་ཐེབས་ཡོད་བློན། ཉིན་རྫོགས་བྱས་ན་ཆོག་པ་སྟེ༔ གལ་ནི་ཆེ་ན་མདུན་བསྐྱེད་དང་༔ བསྒྲལ་ལས་བསྟབ་པ་གཅིག་བྱས་ཏེ༔ མཐེབ་སྐྱུས་གསོ་བྲན་བདུད་རྩི་བྲན༔ ཟློག་གཞུང་དངོས་ནི་ཚར་གསུམ་སོགས༔ བདུན་དང་དགུ་སོགས་ཅི་ཐོན་འདོན༔ དེ་ནས་ཟོར་ནི་འཕེན་པ་ན༔ མདའ་ལ་འུག་སྒྲོ་སོགས་ནི་གཞུང་ལྟར་དགོས༔ མེད་ན་མདའ་དྲུག་གཞུ་དང་བཅས༔ ཀོང་ཟོར་ཐོད་ཟོར་ཟོར་མན་ནི༔ རུ་ཏྲའི་སྙིང་ཟོར་དང་བཅས་དགུ་དང་ནི༔ རས་སམ་བལ་གྱིས་ཟོར་རྣམས་བཀབ་ལ་བཞག༔ གཞུ་ཡི་མཆོག་གཉིས་ཆང་ཟུང་དང་༔ གསུམ་ལ་རས་སམ་དར་བཏགས་སོ༔ གཏོར་རྫོང་རྒྱུ་ཡི་གཏོར་ཆུང་ནི༔ སུམ་ཅུ་དང་ནི་དཀར་


CMR017_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གཅིག༔ ཆད་མདོ་བརྟན་སྐྱོང་གདོང་ལྷ་གསུམ༔ གཞན་ཡང་ཆོས་སྐྱོང་གཏོར་འབུལ་རྒྱུ༔ གཏོར་མ་བཅས་ལ་འབུལ་ཉིན་ནི༔ གཏོར་ཟློག་སྔ་ཚེ་ཚར་གཅིག་འདོན༔ ཚར་ནས་ཟོར་ལམ་ལ་སོགས་ནི༔ བཀའ་བརྒྱུད་ལ་སོགས་གཞུང་ནས་འདིར་བླངས་སོ༔ གསུངས་པས་སྒོ་དབྱེ་སྒོ་རྩང་ཤབ༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་སྒོ་མ་ནི༔ སོགས་ནས་པྲ་ཝེ་ཤ་ཡ་ཕཊ༔ བར་དུ་འདོན་ནས་གསེར་སྐྱེམས་གཅིག༔ མཆོད་དེ་ཕུར་པ་རང་གཞུང་ངམ༔ གང་རུང་གཅིག་སྦྱར་གསེར་སྐྱེམས་མཆོད༔ དེ་ནས་མདོས་ཞལ་ཕྱིར་བསྒྱུར་ལ༔ གཏོར་ཆུང་སུམ་ཅུས་བསྐོར་ལ་བཤམས༔ རེ་རེ་ནས་བཟུང་ཕུར་པ་ཡིས༔ བསྟོད་པ་ཟུར་འགེབས་གཙོ་བོ་ཡབ་ཡུམ་གཉིས༔ ཁྲོ་བོ་སྤྱི་དང་ཁྲོ་བཅུ་དང་༔ སྲས་མཆོག་ཕུར་སྲུང་བཅུ་དྲུག་གི༔ བསྟོད་པའི་མཇུག་ཏུ་ཕྱག་འཚལ་བསྟོད༔ དམ་རྫས་བརྒྱན་གྱིས་གཏོར་མ་འདི་བཞེས་ལ་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མའི་རྫོང་བ་བྱས་ནས༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་ནས༔ མ་ཏི་ཏྲ་མ་ཏི་བར་འདོན༔ ལྷ་་ཚོགས་ཐམས་ཅད་ནམ་མཁའ་ལ༔ བཏེག་ནས་བཞུགས་བསམ་ཐུགས་རྗེ་ཡིས༔ འོད་ཟེར་ཉི་མ་ཤར་བ་ལྟར༔ བདག་དང་ཡོན་བདག་ལ་ཕོག་ནས༔ བར་ཆད་བསལ་དང་དངོས་གྲུབ་ཐོབ་པར་བསྒོམ༔ གཏོར་


CMR017_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་གོམ་པ་བདུན་གྱི་སར་དཔག་ལ༔ རཀྟས་བྲན་ཏེ་གཞུང་ནས་ནི༔ ཟ་ལམ་འདོན་ནི་གསུངས་པ་ལྟརཿ༔ སྲིན་མོ་ཟ་ལམ་མ་འདི་འདོར༔ ༈ དེ་ནས་འབུལ་ལུགས་བསྡུས་པ་གཏོར་སྐྱོང་ལུགས༔ འབྲིང་པོ་མདོས་ལུགས་རྒྱུས་པ་ཟོར་ཐབས་ལུགས༔ ཟོར་ཐབས་ལ་ཡང་ཟོར་དང་གཏོར་རྒྱབ་གཉིས༔ དང་པོ་སྨད་ཆ་ཟོར་ལས་འདོན་བྱས་ནས༔ ཕྱོགས་ནི་གཙང་སར་འབུལ་རྒྱུ་བསྐུར༔ དེ་ཚེ་བཟློག་སྔགས་འདོན་ཞིང་རྔ་བརྡུང་ངོ་༔ ཚུར་སླེབ་རྟ་བྲོ་འདོན་པ་གཏོར་སྐྱོང་ལུགས་གཅིག་འཇམ༔ དེ་ཡང་གོམ་པ་བདུན་ཅུ་བས༔ མི་ཉེ་སར་སྐྱེལ་ཉེ་ན་ནི༔ འཁོར་ལ་གནོད་པས་གནད་ཆེན་ཡིན༔ གཉིས་པ་ཕྱོགས་ནི་གཙང་སར་ནི༔ སྔོན་དུ་དཀར་བགེགས་ཁྱེར་བ་དང་༔ དེ་ནས་ཆོས་སྐྱོང་གཏོར་མ་རྣམས༔ དེ་ནས་མདོས་དང་དེར་ནག་ཁྱེར༔ ཐང་བཞག་གསེར་སྐྱེམས་དཀར་གཏོར་ཕུལ༔ དེ་ནས་ཟོར་འཕེན་ཟོར་ལིང་བསྲེགས༔ ཐལ་བ་དམར་གཏོར་ཚོ་ལ་བཏབ༔ ཆད་མདོ་བརྟན་སྐྱོང་ལྡང་ལྷ་དང་༔ ཆོས་སྐྱོང་གང་ཡོད་ཚོ་ལ་གཏོར་མ་ཕུལ༔ དེ་ནས་མདོས་བཀྱག་ཐུན་གཏོར་གྱི༔ བཟློག་ཐུང་འདོན་ལ་ཐང་ལ་བཞག༔ ཅུང་ཤབ་ཕར་ལ་རྩེ་བསྟན་ལ༔ གཏོར་ཟློག་ཕུལ་ལ་གཏོར་མ་རྣམས༔ དངོས་གྲུབ་ཚུལ་བླངས་རྟ་བྲོ་བྱ༔ དེ་ནི་མདོས་ཀྱི་ཕུལ་ལུགས་སོ༔ ཟོར་ཐབས་ལ་ནི་གཞན་འདྲ་བས༔ ཟོར་གྱི་རྗེས་ནས་ཟློག་པ་


CMR017_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བསྐོར་གཏོར་ཆུང་ཆུང་ཡོད་པ༔ ཉེར་གཅིག་དེ་ནི་དུག་མདའ་ནག་པོ་ཡི༔ མཇུག་གི་དབང་ཕྱུག་སྤྱི་ལ་གཅིག༔ བདུན་རེར་རེ་རེ་བྱས་པ་བཞི༔ དེ་ནས་བསྟོད་པའི་མཇུག་གི་ནི༔ ཕུར་པའི་སྲུང་མ་བཅུ་དྲུག་ལ༔ གཅིག་བཞི་བཅུ་དྲུག་ཉེར་གཅིག་སྟེ༔ སོ་སོའི་བསྟོད་བསྐུལ་བྱས་ནས་ནི༔ རེ་རེ་བཞིན་ཏུ་འཕང་བ་སྟེ༔ སྤུ་གྲིའི་སྔགས་ནི་ཁོ་ནས་འཕང་༔ དེ་ནས་གཏོར་འབུལ་རྣམས་བྱའོ༔ དེ་ནས་མདོས་ནི་བཀྱགས་བྱས་ལ་ཟློག་ཐུང་འདོན་ནས་ཕར་ལ་བརྫོག༔ ཡང་ན་གཏོར་སྒྲུབ་བྱས་པ་ན༔ ནད་པ་གདོན་ཆེན་ལ་བྱ་སྟེ༔ ཟོར་མི་འཕེན་པར་དཀར་གཏོར་དང་༔ གསེར་སྐྱེམས་ཕུལ་ལ་རང་ཉིད་ནི༔ ཕྱོགས་ནི་གཙང་སར་ཁ་གྱུས་ལ༔ མདུན་དུ་ནད་པ་ཉལ་བཅུག་སྲུང་འཁོར་བཀྲོལ༔ ནད་པའི་རྣམ་ཤེས་ཚེ་བསོད་དང་༔ ཐིག་ལེ་དཀར་པོ་ཡར་ལ་ནི༔ ནམ་མཁར་ཡི་དམ་ཐུགས་ཀར་བསྟིམས༔ ལུས་ནི་ཧོམ་ཁུང་དུ་གྱུར་པའི༔ ནང་དུ་གདོན་དང་བགེགས་རྣམས་བསྒོམ༔ གཏོར་མ་མེ་དཔུང་གྱུར་པས་བརྒྱབ༔ གཞོབ་ཐུལ་དུ་ནི་སོང་བར་བསྒོམས༔ ཆད་མདོ་ལ་སོགས་གཏོར་འབུལ་གྱི༔ ཐམས་ཅད་རིམ་པ་བཞིན་ཏུ་བརྒྱབ༔ ལྷ་ནི་དྲགས་དྲགས་རྗེས་ནས་འདོན༔ དེ་ནས་གོང་ལྟར་གཏོར་ཆུང་ཉེར་གཅིག་བརྒྱབ༔ དེ་ནས་ཁྲོ་བཅུའི་མཚམས་གཅོད་དེ༔ འདོན་ཅིང་གཏོར་མ་བཅུ་པོ་


CMR017_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱབ༔ དེ་ནས་གཙོ་བོའི་བསྟོད་བསྐུལ་འདོན༔ གཙོ་བོའི་གཏོར་མ་ནད་པ་ཡི༔ སྟེང་དུ་རྩེ་ཕར་བསྟན་ལ་ཕུལ༔ དེ་ནས་རྣམ་ཤེས་ཐིག་ལེ་མར་བསྟིམས་སྲུང་འཁོར་བྷེ༔ ནད་རིམས་ཚད་པ་གཉན་ལ་མི་རུང་ངོ་༔ གདོན་གཟའ་མ་མོ་ཀླུ་དང་གདོལ་པ་ལ༔ མི་རུང་ནད་ནི་རླུང་ནད་ལ༔ སྲོག་རླུང་གཅོང་ནད་གདོན་རྒྱལ་འགོང་༔ ཐེའུ་རང་འདྲེ་མོ་ཕུང་སྲི་དང་༔ ཤི་སྒབ་གཅོད་ལ་ཟབ་པ་ཡིན༔ གལ་ཏེ་ཟོར་འཕེན་གསེར་སྐྱེམས་ནི༔ ཕྱོགས་དེར་གཏོར་ཞིང་ཟོར་ལམ་ཕྱེ༔ ཟོར་ལམ་འགྲིགས་ཆོག་བཞིན་དུ་ནི༔ ཧཱུྃ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ སོགས་ནས་ཚིན་མཱ་ར་ཡ་ཕཊ༔ གཞུང་བཞིན་གྱེར་ནས་རི་བོང་གི༔ མགོ་དེ་དུམ་བུ་མང་དུ་གཏུབས༔ ཤོག་ལིང་ཡོད་ན་གཏོར་ཟློག་གི༔ མེ་རུ་སྦྱར་ལ་སྲེག་པར་ཁྱེར༔ ཐལ་བ་དམར་གཏོར་ཀུན་ལ་གཏོར༔ མགོ་དུམ་གཅིག་ནི་གཏོར་ཟློག་ནང་དུ་ཕུལ༔ དུམ་གཅིག་དུམ་བུ་མང་བྱས་ལ༔ དམར་གཏོར་ཀུན་གྱི་ནང་དུ་ཕུལ། དུམ་གཅིག་ས་ལ་དོང་བྲུ་སྦས༔ སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲི༔ དེ་ནས་གཏོར་ཟློག་བཀྱགས་བྱས་ལ༔ གཏོར་ཟློག་ཐུན་གཏོར་དེ་འདོན་ནས༔ གཏོར་མའི་རྩེ་ནི་ཕར་བསྟན་བསྐྱེལ༔ གོང་གི་རྒྱ་གྲམ་བྲིས་པའི་སྟེང་༔ གཏོར་སྣོད་ཐམས་ཅད་སྒྲུབ་ལ་བཞག༔ སྟེང་དུ་དར་ནག་དྲིལ་ལ་བཙུགས༔ གནོད་བྱེད་སྒབ་འདྲེ་དམ་སྲི་སོགས་


CMR017_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ མཱ་ར་ཡ་ནན་བར་དུ་འདོན༔ དེ་ནས་སློབ་དཔོན་རྗེས་ནས་བསྡད༔ ཕྱི་མིག་མི་ལྟ་བར་ནི་འོང་༔ ཡེ་ཤེས་བྱ་ཁྱུང་རབ་ཏུ་ནི༔ ཁྲོས་པས་རྗེས་ནི་བཅད་པར་བསམ༔ ཨོཾ་བཛྲ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བརྗོད་ནང་དུ་འོང་བར་བྱ༔ རྒྱས་པར་གྲུབ་ན་དགའ་སྟོན་གྱི༔ ཚོགས་འཁོར་གཞུང་ངམ་གང་རུང་བྱ༔ ཚེ་འགུགས་བཀྲ་ཤིས་རྒྱས་པར་བྱ༔ སྲུང་འཁོར་བསྒོམས་་ཤིང་རྗེས་ཆོག་ནི༔ བསྔོ་བ་སྨོན་ལམ་སྤྱི་ལྟར་བྱ༔ བླ་མས་བསྒྲིགས་པའི་རྗེས་ཆོག་ལྟར༔ བྱ་ཞིང་སྟོང་ཉིད་ཉམས་ལེན་འདི༔ ཐུན་གཅིག་སྐྱོངས་ཤིག་མངྒ་ལཾ༔ འདི་ནི་ཕུར་ཟློག་ཁྲོ་རྒྱལ་སྟོབས་འདུས་ཏེ། ཕུར་པའི་དབལ་མདོས་ཟོར་ཐབས་བཅའ་བའི་ལུགས༔ ཡིན་ན་དེ་གཉིས་ཁ་རྐྱང་བྱེད་པ་ལ༔ གཞུང་འདི་གཅིག་པོ་སྒྱུར་བ་མ་གཏོགས་འདྲ༔ དབལ་མདོས་མདོས་ཐབས་བཅའ་ན་ཡང་༔ བཅའ་ཚོགས་གཞུང་གི་ཡིག་ཆུང་ལྟར༔ འདོན་ལུགས་སོགས་ནི་འདི་དང་འདྲ༔ འདི་ནི་འདོན་ཆེ་ས་ཕུར་སོགས༔ གཏེར་ཁ་གཞན་ནས་མ་བསྲེས་པ༔ རཏྣ་རང་གཞུང་སླད་མེད་ཡིན༔ བཀའ་བརྒྱད་ནང་ནས་སབ་དགོས་པས༔ གཞུང་ནས་ཁ་འཕང་བྱས་པ་ཡང་༔ བཙུད་དེ་བལྟས་ཆོག་ཁྱེར་བདེ་བ༔ བླ་མའི་གསུངས་དང་བསྒྲིགས་ཆོག་ལྟར༔ མ་ནོར་ཅི་བཞིན་ཁོ་བོའི་བྲིས༔ ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་


CMR017_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས༔ དགེ་བས་འགྲོ་ཀུན་རྡོ་རྗེ་གཞོན་ནུ་ཡི༔ གོ་འཕང་ཐོབ་པའི་ཕྱིར་དུ་བསྔོ༔ སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ དོན་མེད་ལག་ཏུ་མ་ཤོར་ཅིག༔ ཁོ་བོ་སྔགས་ནག་རཱ་གས་བསྒྲིགས༔ ཡི་གེ་པ་ནི་རིག་འཛིན་དབང་ཕྱུག་གོ༔ ས་མཱ་ཡ༔ རཀྵ་རཀྵ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུར་པའི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་ཀྱི་ཟིན་བྲིས།next