Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པའི་ཟློག་འཁོར་སྔགས་བྱང་མདོས་ཆས་གཞན་མན་ངག་ཟུར་གསལ་དུ་བྲིས་པ་ལག་ལེན་ཞིབ་བཀོད།


 
previousརྡོ་རྗེ་ཕུར་པའི་ཟློག་འཁོར་སྔགས་བྱང་མདོས་ཆས་གཞན་མན་ངག་ཟུར་གསལ་དུ་བྲིས་པ་ལག་ལེན་ཞིབ་བཀོད།no next

རྡོ་རྗེ་ཕུར་པའི་ཟློག་འཁོར་སྔགས་བྱང་མདོས་ཆས་གཞན་མན་ངག་ཟུར་གསལ་དུ་བྲིས་པ་ལག་ལེན་ཞིབ་བཀོད།


CMR017_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་ཟློག་འཁོར་སྔགས་བྱང་མདོས་ཆས་གཞན་མན་ངག་ཟུར་གསལ་དུ་བྲིས་པ་ལག་ལེན་ཞིབ་བཀོད་ལགས་སོ།


CMR017_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ཕུར་པའི་དཔལ་མདོས་ཀྱིརྣོ་སོ། གབ་པའི་འཕྱངས་དྲུག་ཅེས་པ་ནས་བྱད་མ་རྦོད་གཏོང་ཟློག་བསད་ཀྱི་ཙཀྲའི་གབ་པ་འཁོར་ལོའི་ངར་འདོགས་རྫས་ཀྱི་གབ་པ། དགྲ་བགེགས་བསད་པ་ཟོར་སྔགས་ཀྱི་གབ་པ། ཞེས་པ་རྣམས་གབ་སྦས་འཁྲུགས་སོགས་བསལ་ནས་ལག་ལེན་ལྟ་བདེ་བའི་ཕྱིར་བཀོད་པར་བྱའོ། །དང་པོ་བྲི་གཞི་ནི། དུག་ཤོག་ལ་དུག་ཁྲག་བསྲེས་པའི་སྣག་ཚ་གཙང་མས། དབུས་སུ་རྡོ་རྗེ་གཞོན་ནུ་ལ། ལྟེ་བ་ལ་ཧཱུྃ་གི་མཐར་ཡིག་མགོ་ནང་དུ་བསྟན་ལ། བྱད་ཁ་ཕུར་ཁ་རྦད་འདྲེ་རྒོད་གཏོང་མི་ཁ་བྲ་མཆུ་ལོ་ཟླ་ཞག་གི་རྩིས་རྩུབ་ཚིག་ཆེ་བ་ཉམ་ང་བ་ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག །


CMR017_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བཞི་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཕྱི་རིམ་མུ་ཁྱུད་ལ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཧཱུྃ་ཨཱཿ མ་རཀྵ། ཡཀྵེ། ཀཱ་ལ་རཱུ་པ། སྙིང་རྩ་ལ་ཡཾ་ཡཾ།་སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུ་ཆུ། ཙིཏྟ་ལ་ཏུང་ཏུང་། སྙིང་ཁྲག་ཤད་ཛ། ཐུ་རི་ལི་ལི། སྙིང་ཙེག་ཙེག །འུར་འུར། ཤིག་ཤིག །གྷལ་གྷལ། མྱག་མྱག །སོད་སོད།་རྡ་ཏི་མ་མ་ཀརྨ། བྷི་ཀྲྀ་ཀ་ར་ཡ། མ་ར་སེ་ན༔ པྲ་མར་ཏ་ན་ཡེ་ཧཱུྃ་ཕཊ༔ ཅེས་བྲི། ཕྱི་རིམ་མེ་རི་གཡས་བསྐོར་བྱ། སྲས་བཞི་སོགས་ལའང་དེ་ལྟར་བྲི་བར་བྱ། རྩིབས་སྔགས་ལ། བཛྲ། རཏྣ། པདྨ།


CMR017_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ། ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། རིགས་འགྲེས་སུ་བྲི། རྩིབས་དང་ལྟེ་བ་ནི་ལྷ་སོ་སོའི་རང་མདོག །མུ་ཁྱུད་སེར་པོ། རྩིབས་མཆན་དམར་པོ། མེ་རི་སྣ་ཚོགས་མདོག་བྱའོ། །ཁྲོ་བཅུ་ལ། ཧཱུྃ་ཀཱ་ར་ལ་དབུས་སུ་ཧཱུྃ་གི་མཐར། སྟེང་ཚངས་པ་ལྷ་ཡི་བྱད་ཕུར་རྦོད་གཏོང་ལོ་ཟླ་ཞག་གི་སྐག་རིགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཟློག །དེ་ལྟར་ཤར་དྲི་ཟ། ཤར་ལྷོ་མེ་ལྷ། ལྷོར་གཤིན་རྗེ༔ ལྷོ་ནུབ་སྲིན་པོ། ནུབ་ཆུ་ལྷ། ནུབ་བྱང་རླུང་ལྷ། བྱང་གནོད་སྦྱིན། བྱང་ཤར་དབང་ལྡན། འོག་ཕྱོགས་ས་བདག་གི་བྱད་ཕུར་དྲོད་གཏོང་ལོ་ཟླ་ཞག་གི་སྐག་རིགས་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །དེ་ལྟར་རིགས་འགྲེ། རྩིབས་རྣམས་སོ་སོར་ལྷ་སོ་སོའི་སྔགས། ཧཱུྃ་ཀཱ་ར་ལ། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུཾ་གརྫ་གརྫོ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། སོགས།་དེ་ལྟར་ཁྲོ་བོ་བཅུ་ལ་བྲི། དེ་ལྟར་བྲིས་པའི་ཙཀྲ་བཅོ་ལྔ་པོ་མེ་ལོང་ངོས་ལ་ཁྲུས་བྱ། མེ་རླུང་ལ་གཡུགས་ལ། བོང་ང་། ཐང་ཕྲོམ། གྲི་ཁྲག །གུ་གུལ། ཐལ་ཆེན་བྱུག །རང་རང་ཙཀྲའི་སྔགས་རྣམས་བརྒྱའམ་སྟོང་རེའི་སྔགས་ལ། ཡེ་དྷརྨཱས་རབ་གནས་བྱའོ། །བདག་རང་ལོ་ཆུང་ངུའི་དུས་སུ་རྡོ་རྗེ་བྲག་པ་མཇལ་དུས་ཕུར་པའི་མདོས་ཆེན་བཅའ་བའི་སྐབས་དང་ཐུག་པས། ལག་ལེན་བཤམ་བཀོད་སོགས་ཀྱི་ཕྱག་ལེན་ཞིབ་པར་བལྟས་པ་


CMR017_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལ། པར་ལ་བཏབ་ནས་མཚོན་སོགས་གོང་ལྟར་བྱས་ནས་ཙཀཱི་ལྟར་འཛུགས་ཏེ། འབུལ་དུས་གཏོར་ཟློག་དང་མཉམ་དུ་མེ་ལ་སྲེག་པར་འདུག་སྟེ། རང་རེས་རྒྱུན་དུ་བཅའ་དུས་མི་འཁྱོང་ཞིང་ཙཀཱི་ལྟར་བྱས་ན་སྟབས་བདེ་་བ་ལགས་སོ། །མདའ་ཟོར་སོགས་ཀྱི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཨ་དྷི་ཏིཥྛ་མུག་མུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊ་མདའ་ཟོར་གྱི་སྔགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མུ་གུ་ཏ་ལ། མུ་གུ་ཏ་ལ། པྲ་ཏ་ལ། པྲ་ཏ་ལ། བྷི་ཤྭ་ཧཱུྃ་པ་ར་ཙ་ཧཱུྃ་ཕཊ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། གཞུ་ལ་དཀྲི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨ་ན་ཛཿ སརྦ་ཏ་ཐཱ་ཧཱུྃ་ཕཊ། རཀཱ་རཀ་དགྲ་བགེགས་པ་ཤང་ཀུ་རུ་མཱ་ར་ཡ་ཕཊ། དེ་ལྟར་དུག་ཁྲག་གིས་བྲིས་ལ་མདའ་ཟོར་དྲུག་གོང་གསལ་ལྟར་དཀྲི། །ཀཿཐོག་སྔགས་པ་རྣམས་ཀྱིས་ནི་སྤུ་གྲིའི་སྔགས་བྲི་ནས་དཀྲི་བ་མཐོང་ཡང་རྡོར་བྲག་ཕྱག་ལེན་ཡིན་པས་གོང་ལྟར་ལེགས། ༈ དེ་ནས་མདོས་ཆས་སོགས་དང་ཤིང་བཀྲའི་ཟིན་བྲིས་ནི། དང་པོ་ཤིང་རབ་མདའ་ཚད། འབྲིང་ཁྲུ་གང་སོར་བཞི། ཐ་མ་ལ་རྐང་གང་བས་ཐུང་ཐབས་མེད་པའི་ཤིང་གི་གཞི་དངོས་སུམ་ཅུ་སོ་བདུན་ཁྲམ་ཤིང་བྲིས་པ་བཞི་དང་ཞེ་གཅིག་ལ་ཁྲི་བ་ནི། དང་པོ་སོ་


CMR017_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པོ་ལ། ནོར་བུ་ཉི་ཟླ་སྐར་གསུམ། དར་དཔྱངས། ཐོད་པ་སྐམ་རློན་བྲི་བ་འདྲ། དེ་འོག་རྡོ་རྗེ་ཕུར་པ། བྷནྡྷ། ཁྱུང་འབྲུག་སེང་གསུམ། མཚམས་རྣམས་སུ་བཅད་ས་རི་མོ་གང་ཤོང་། བར་དུ་ཁྲམ་རིས་རེ། བཞི་ལ་རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་ཕུར་པ་རེ། བྱ་རིགས་རྣམས་བྲི་བ་དེ་ལྔ་ནི། རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་བཞི་ཚང་བ་ཡིན་དེ་ལྔ་གཏོར་གདོང་དབུས་སུ་འཛུགས། །ཤར་དུ་རྡོ་རྗེ་ཕུར་བུ་ལྕགས་ཀྱུ། སྟག་གཟིག་དོམ་གསུམ། ཤར་ལྷོར་མེ་དཔུང་སྟ་མོ་ཕུར་བུ། ཕག་དང་ཁྱི་གུ། ལྷོར་བེ་ཅོན་བྷནྡ།་ཤ་གནའ་དགོ་གསུམ། ལྷོ་ནུབ་ཏུ་ཞགས་པ། སྤུ་གྲི་གཡའ་ལུག་ར་གསུམ། ནུབ་ཏུ་རྡོར་དབྱུག །རྒྱ་གྲམ་ཕུར་བུ། ཆུ་གནས། ནུབ་བྱང་དུ་རྡོ་རྗེ། མདུང་། འཁོར་ལོ། ཕུར་བུ། མི་གཟུགས། བྱང་དུ་རལ་གྲི་ཞགས་པ། ཕུར་བུ། དབང་པོ་རྣམ་ལྔ། བྱང་ཤར་དུ་རྡོ་རྗེ། ཞགས་པ། ཕུར་བུ་ཁྲབ་རྨོག །སྟེང་དུ་རྡོ་རྗེ་ལྕགས་ཀྱུ། གཡས་གཡོན་དུ་མདའ་གཞུ། འཇའ་འོད། ཆར་སྤྲིན། འོག་ཏུ་སྟ་རེ། ཞགས་པ་ཕུར་བུ། རྟ་རྐྱང་། དྲེའུ་སོགས་བྲི་བ་སྟེ། ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཟ་གསོད་


CMR017_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཚང་བ་ཡིན་ནོ། །དེ་མཐར་བཅུ་གསུམ་པོ་ལ་གོང་ལྟར་ནོར་བུ་ཉི་ཟླ། དར་དཔྱངས། ཐོད་པ་སྐམ་རློན་ཡན་བྲི་བ་གོང་དང་མཚུངས། ཤྭ་ན་མ་བཞི་ལ་མི་རོ་བཞི། བདག་ཉིད་མ་བཞི་ལ་སྙིང་བཞི། བསྲེ་མོ་བཞི་ལ་ཞག་འོ་མ་ཁྲག་མར་ཁུའི་མཚོ་བཞི་བྲི། དེ་འོག་ཤར་དུ་ཧ་ལོ་རིས་དང་བཙུན་གཟུགས། ཤར་ལྷོར་སྟག་སོ་རིས་དང་སྔགས་པའི་གཟུགས། ལྷོར་ཁྲམ་རིས་དང་བོན་པོའི་གཟུགས། ལྷོ་ནུབ་ཏུ་འཇའ་ཚོན་རིས་དང་མཁར་ཐབས་གཟུགས། ནུབ་ཏུ་ཉ་མིག་རིས་དང་དམག་དཔོན་མདུང་ཐོགས། ནུབ་བྱང་དུ་སེན་ཐབས་སྟག་སྤྱོད་རིས་དང་སྐྱེས་པ་འཁོར་གསུམ་ཅན། བྱང་དུ་ཟླ་ཚེས་རིས་དང་བྱིས་པའི་གཟུགས། བྱང་ཤར་དུ་རྩིས་གཞི་རིས་དང་བག་མ་རྒྱན་ཅན། སྟེང་དུ་སྟག་གཟིག་རིས་དང་སྤྲིན་རིས། འོག་ཏུ་ཉ་མིག་རིས་དང་ཆུ་མིག་རིས་བྲི་བ་ནི་དཔེའུ་རིས་ལྟར་མ་ནོར་བར་བཀོད། གཞན་ཕོ་ཐོང་མོ་ཐོང་བུ་ཐོང་གསུམ། ཁྲམ་ཤིང་དཀར་སེར་དམར་ལྗང་བཞི། མདའ་འཕང་རྒྱང་བུ་རྣམས་རབ་བཅུ་གསུམ། འབྲིང་བརྒྱད། ཐ་མ་བཞི་གང་འཛོམ་བྱའོ། །ཤིང་རིས་རྣམས་ཀྱི་མཐར། དབུས་ཀྱི་ཤིང་རིས་ལ། རྡོ་རྗེ་གཞོན་ནུ་


CMR017_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ལ་མདོས་འདི་འབུལ་ལོ། །སོགས་དང་། མཐའི་ལྕགས་རིའི་ཤིང་རིས་བཅུ་གསུམ་པོ་ལ་ཤར་ནས་བཟུང་སྟེ། ལྷའི་ཚོགས་ལ་མདོས་འབུལ་ལོ། །དྲི་ཟའི་ཁྲམ་ཁ་དགྲ་ལ་ཟློག །ཅེས་བྲི། །ཤིང་རིས་མཐར་མ་ཤོང་ན་ཕྱི་རུ་བྲིས་པས་ཆོག་པར་གདའ། ༈ མདོས་འོག་བྲུབ་ཁུང་དེ་ཡང་སྨད་ལས་དུག་ཕུར་དང་དགྲ་བགེགས་བསད་པ་ཧོམ་ནང་ལིངྒ་གབ་པ། བསད་རྫས་ཐུན་གྱི་གབ་པ་སོགས་ལ་ཡོད་པ་ལྟར། མི་བསད་ས། གཡུལ་འགྱེད་ས། སེར་རྒོད་ཀྱིས་ལོ་བརྡུངས་པའི་ས་དེ་རྣམས་ཕུང་ཤུལ་ས་ཡིན་པས། དེ་ལ་དུར་ཁྲོད་ཀྱི་ས་ནག །རེ་ལྕགས། བོང་བུའི་ཆུ་དང་སྦྱར་ལ། བྲུབ་ཁུང་གྱེན་ཐད་དུ་མཐོ་རེ་ཡོད་པ་ཕྱི་རུ་རོ་སོལ། ནང་དུ་དུག་ཁྲག་གིས་བྱུག །རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ཐ་མར་རྩང་གིས་བསྐོར། ནང་དུ་ལིང་བསད་འཁོར་དུ་ཐུམ་ལ། གན་རྐྱལ་དུ་བཞག་གོ །རོ་རས་དུག་ཤོག་སོགས་ལ་ཙཀྲ་རྩིབས་དགུ། མུ་ཁྱུད་ཅན། ལྟེ་བ་ཆེ་བ་བྱས་ལ། མཐའི་མུ་ཁྱུད་ནང་དུ་སྤུ་གྲིའི་སྔགས༔ རྩིབས་ནང་དུ་བསྟན་པ་ལ་ཀཱི་ལ་ཡ་འབྲུ་དགུ་བྲི། ལིངྒ་ནི་དུག་ཤོག་ལ། དུག་ཁྲག་ནི་ཁྱི་དཀར་ཐིག་མེད་པའི་ཁྲག་ལ་དུག་སྣ་བཏབ་པ། མ་རྙེད་ན་ཁྱི་གང་རུང་ཁྲག་ལ་


CMR017_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དུག་རྫས་བཏབ་པའི་ལིངྒ་སྐྱེ་མཆེད་དོད་པ། ཁ་ལང་ལང་། མིག་ལ་ལོང་ལོང་། རྣ་བར་འོན་འོན། རྐང་པར་ཞི་ཞ་དང་བི་ཧོཿ ལག་པར་ཆག་ཆག་དང་ཞེ་ན་་དང་ཛཧཱུྃ། བླ་ལ་བླ་དྭགས་མ་ཤེས་ན་ཚ་བྲི། དཔྲལ་བར་རུས་མ་ཤེས་ན། ག་བྷ་བྲི། སྙིང་ཁར་འཁོར་ལོ་རྩིབས་བརྒྱད་ལ་ལྟེ་བར་རྨི་ཏྲ་ཛཙཡི་མཐར་དགྲ་བགེགས་གང་ལ་གཟིར་བའི་མིང་དང་ལུས་ངག་ཡིད་གསུམ་ཁུག་ཅིག་ཛཛདང་། རྩིབས་རྩེ་ནང་དུ་བསྟན་པ་བརྒྱད་པ་ལ་སྤུ་གྲིའི་སྔགས་མགོ་ནང་དུ་བསྟན་པ་བྲི། མཐའ་མར་ཛཁྲོ་གྱིས་བསྐོར་བ་ནི་ལིངྒ་ཧོ་གྱི་ཞལ་གདམས་སྤྱི། དེ་ལྟར་ལིངྒ་དེ་ལ་ལིང་ཁྲུས་གཞུང་ལྟར། མནོལ་འབེབས་ནི་ལིངྒ་དྲིལ་ལ། དགྲ་ལ་མི་ཐེབས་མི་སྲིད་པའི་གནད་རང་འཐག་ཏུ་ཆོས་སྐོར་ལན་གསུམ་བསྐོར་གཞན་ལ་འབྱམས་མི་སྲིད་པའི་གནད་ནི་གཡག་ཤིའི་བུག་པར་ལན་གསུམ་བསྐོར། རང་ལ་མི་ལྡོག་པའི་གནད་ནི་རང་གི་བརླ་གཡས་ལ་ལན་གསུམ་བསྐོར། རང་གི་འཁོར་ཀྵལ་མི་ལྡོག་པའི་གནད་ནི་མ་ཐེམ་ལ་ལན་གསུམ་བསྐོར། ནོར་ལ་མི་ལྡོག་པའི་གནད་ནི་ཁྱི་གུའི་སྦོ་ནས་ལན་གསུམ་དྲང་། དེ་ཚེ་སརྦ་ཟིད་ཀ་ཤི། སརྦ་རྦད་ཀ་ཤི། ཅེས་བརྗོད།


CMR017_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱངས་དྲུག་ལས་བསད་རྫ་ས་གབ་པ་ལ། ཕྱེ་གསུམ། འབྲུ་གསུམ། སྣ་གསུམ་གྱི་རྫས་ལ། ལྷ་སྔགས་ཤམ་དུ་གཟིར་བྱེད་འབྲུ་གཉིས། འཕྲོག་བྱེད་འབྲུ་བཞི།་གཅོད་བྱེད་འབྲུ་བཞི་ཡི་སྔགས་ཀྱིས་གདེང་གསུམ། གསལ་གསུམ། འཚེངས་གསུམ་དང་ལྡན་པས་རྣལ་འབྱོར་པས་ཨ་མུ་ཀའི་སྙིང་གར་བརྡེག་པར་བྱ་ཞེས་པ་སྟེ། ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ་ནི་ཕྱེ་གསུམ།་ཡུངས་ཀར་ཀེ་ཚེ་ཤང་ཚེ་འབྲུ་གསུམ། དུག་སྣ་ཁྲག་སྣ་ས་སྣ་ནི་སྣ་གསུམ་གྱི་ཐུན་ལ། ཀཱི་ལ་སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་ཏྲིག་ནན། དགྲ་བགེགས་ཨེ་ཧུར་ཤྲཱི་ཛཿ དགྲ་བགེགས་མཱ་ར་ཡ་ཟད། སྔགས་ཀྱི་ངར་བླུད་པར་བྱའོ། །གདེང་གསུམ་ནི། ཡི་དམ་ལྷ་ཡི་བསྐྱེད་རིམ་གྱི་གདེང་། རྫོགས་རིམ་སེམས་ཀྱི་ལྟ་བའི་གདེང་། དྲག་པོ་སྔགས་ཀྱི་རྣོ་སོའི་གདེང་ངོ་། །གསལ་བ་གསུམ་ནི། བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བ། ཕུར་པ་སྲས་སུ་གསལ་བ། ལིངྒ་དགྲ་བགེགས་སུ་གསལ་བའོ།་།འཚེངས་གསུམ་པ་ནི། ཁོའི་ཚེ་བསོད་རང་གིས་ཐོབ་པས་བདག་འཚེངས། ཁོའི་དུག་ལྔའི་སྡིག་སྒྲིབ་དག་པས་ཁོ་འཚེངས། ཁོའི་ཤ་ཁྲག་ཚོགས་སུ་རོལ་པས་སྲུང་མ་འཚེངས་ཞེས་ཟེར། དེ་


CMR017_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱི་ཧོམ་ཁུང་ལིངྒ་ཐུན་རྫས་ཕལ་ཆེར་ནི་རང་དོན་མ་གཏོགས་གཞན་དོན་གྲོང་ཆོག་སོགས་ལ་ལྕགས་ཧོམ་དུ་སྤྱི་ལིང་བྲིས་པས་ཀྱང་ཆོག །སྔོན་གྱི་སྔགས་རྒན་རྣམས་དང་། བདག་རང་གིས་ཀྱང་དབུས་གཙང་ཁམས་གསུམ་ཁྱད་པར་གདན་ས་ཆེན་པོ་རི་བོ་ཆེ། །བཀྲ་ཤིས་ཟུར་མང་ལ་སོགས་པ་ནས། ཕྱག་ལེན་ཕལ་ཆེར་བསླབ་པ་དང་། མན་ངག་སྙན་དུ་བརྒྱུད་པ་རྣམས་རང་གི་བརྒྱུད་འཛིན་བུ་སློབ་རྣམས་ལ་ཕན་ཕྱིར་ཟིན་བྲིས་ཚན་གཉིས་མདོས་འཕྱངས་དང་ཚན་གསུམ་པོ་འདི་ནི། ཨ་རཱ་གས་སྦྱར་བ་ཉེས་འགལ་མཆིས་ན་རྡོ་རྗེ་ཕུར་པའི་ཆོས་སྲུང་དམ་ཅན་དང་བཅས་པ་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་གངྒཱའི་རྒྱུན་ལྟར་རིང་བར་གྱུར་ཅིག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྐང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྡོ་རྗེ་ཕུར་པའི་ཟློག་འཁོར་སྔགས་བྱང་མདོས་ཆས་གཞན་མན་ངག་ཟུར་གསལ་དུ་བྲིས་པ་ལག་ལེན་ཞིབ་བཀོད།no next