Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
ཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས།next

ཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས།


CMR018_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་བཛྲ་ཌཱ་ཀི་སེ་ཧ་མུ་ཁ་ཡེ། །སྔོན་ཚེ་བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མས། ཤ་ཟ་མཁའ་འགྲོ་སྡེ་བརྒྱད་འདུལ་བའི་ཕྱིར། །ཐུགས་བསྐྱེད་སྨོན་ལམ་དམོད་པ་བོར་བའི་མོད། །སེང་གེའི་གདོང་མར་གྱུར་ལ་གསོལ་བ་འདེབས། །དྲེགས་པ་དབང་བསྡུས་སྲོག་གི་སྙིང་པོ་བླངས། །རི་རབ་སོ་གཉིས་རྡུལ་མཉམ་མཁའ་འགྲོ་ཡི། །སྲོག་སྙིང་བསྡུས་ནས་ཡིག་འབྲུ་བཅུ་བཞི་པོ། །ཉིད་ཀྱི་ཐུགས་ཀར་བཀོད་དེར་གསོལ་བ་འདེབས། །ཀྱེ་ཡི་རྡོ་རྗེ་གོའུ་རིའི་ལེའུར་གྲགས། །དུས་ཀྱི་འཁོར་ལོའི་རྡོ་རྗེའི་ལུས་སྲུང་དང་། །སྒེལ་རྒྱུད་དྲག་མོ་ཐོག་གི་རྒྱུད་ཅེས་གྲགས། །རྩོད་མེད་རྒྱུད་མཆོག་མངའ་དེར་གསོལ་བ་འདེབས། །རྫུ་འཕྲུལ་སྟོབས་ཀྱིས་ཨོ་རྒྱན་གནས་སུ་བྱོན། །ཀྱེ་རྡོར་འབུམ་ཕྲག་སུམ་ཅུའི་བཅུད་བསྡུས་ནས། །མཁའ་འགྲོའི་སྒྲུབ་ཐབས་མི་ཡུལ་སྣང་མཛད་པ། །དཔལ་ལྡན་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །བདུད་འདུལ་མཁའ་འགྲོས་ཆོས་ཀྱི་སྒྲོམ་ཕུལ་ནས། །དྲག་མོའི་རྒྱུད་མཆོག་ཐུགས་སུ་ཆུད་པའི་མཐུས། །མུ་སྟེགས་ལྔ་བརྒྱ་ཐོག་གིས་བསྒྲལ་མཛད་པ། །པད་


CMR018_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་འཆི་བ་མེད་དེར་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོ་མངོན་སུམ་ཞལ་མཐོང་ནས། །སྒྲོམ་བུ་དགུ་བསྐོར་གཏེར་ཁ་གཏད་པའི་མཐུས། །མུ་སྟེགས་སྐལ་ལྡན་རྒྱལ་པོ་བསྒྲལ་མཛད་པ། །བ་རི་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །ཡེ་ཤེས་ཌཱཀྐིས་དུས་གསུམ་བྱིན་གྱིས་བརླབས། །བཻ་རོའི་སྦས་པའི་རྡོ་རྗེ་མཁའ་འགྲོ་ཡི། །སྒྲུབ་སྐོར་གཏེར་ནས་ཕྱུངས་ཏེ་སྤེལ་མཛད་པ། །དུས་གསུམ་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །ཟམ་བུ་ལུང་དང་མཁའ་འགྲོའི་གསང་ཕུག་ཏུ། །ལོ་གསུམ་བར་དུ་ཡེངས་མེད་སྒྲུབ་པའི་མཐུས། །མཛེས་གསལ་ཞལ་གཟིགས་འཇའ་ལུས་ཆོས་སྐུ་ཐོབ། །སངས་རྒྱས་མགོན་པོའི་ཞབས་ལ་གསོལ་བ་འདེབས། །དབང་གིས་རབ་སྨིན་རྒྱུད་གཞུང་གདམས་པ་རྟོགས་།བསྙེན་ཅིང་བསྒྲུབས་པས་དྲོད་རྟགས་མངོན་དུ་ཕྱུངས། །སྣོད་ལྡན་བུ་ལ་གདམས་ངག་རྗེས་སུ་བསྟན། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །གདོད་ནས་མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་གཙོ། །བརྟན་གཡོའི་བདག་པོ་དཔལ་ལྡན་ཧེ་རུ་ཀ། །ཁྲག་འཐུང་རྒྱལ་པོ་དྷརྨེ་ཤཱ་རེ་ཞེས། །རྡོ་རྗེ་སློབ་དཔོན་དེ་ལ་གསོལ་བ་


CMR018_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །རི་རབ་སུམ་ཅུ་གཉིས་དང་རྡུལ་ཕྲན་དང་། །གྲངས་མཉམ་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྲུང་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དཀར་མོའི་ཏིང་འཛིན་འབྲུ་བརྒྱད་གསང་སྔགས་ཀྱི། །སྒྲུབ་པའི་བར་ཆད་བསྲུང་བར་བྱིན་གྱིས་རློབས། །ནག་མོའི་ཏིང་འཛིན་བཅུ་ཡི་གསང་སྔགས་ཀྱིས། །ལུས་སྲོག་བར་ཆད་བཟློག་པར་བྱིན་གྱིས་རློབས། །ཨེ་ཡིག་ཏིང་འཛིན་བཅུ་ཡི་བསད་སྔགས་ཀྱིས། །རྒྱལ་བའི་བསྟན་པ་བསྲུང་བར་བྱིན་གྱིས་རློབས། །རྩ་གསུམ་འཁོར་ལོ་བཞི་ཡི་ཏིང་འཛིན་གྱིས། །སྲོག་རྩོལ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །ལྟེ་དབུས་ཌཀྐི་དམར་མོའི་ཏིང་འཛིན་གྱིས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །སྤྱི་བོའི་ཌཱཀྐི་དཀར་མོའི་ཏིང་འཛིན་གྱིས། །སེམས་ལ་བདེ་སྟོང་འཆར་བར་བྱིན་གྱིས་རློབས། །འཆི་ཚེ་མཁའ་འགྲོ་རྣམས་ཀྱིས་རབ་བསུས་ནས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་འདི་དཔལ་ཧེ་རུ་ཀ་དང་ཐ་མི་དད་པ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས། སེང་གདོང་མའི་ཟློག་པའི་ལུང་ལེགས་པར་ཐོབ་པའི་བཀའ་དྲིན་དྲན་ནས་


CMR018_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས།next