Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གདོང་མའི་མན་ངག་སྲུང་ཟློག་བསད་གསུམ་གྱི་གདམས་པ་རྡོ་རྗེའི་གོ་མཚོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གདོང་མའི་མན་ངག་སྲུང་ཟློག་བསད་གསུམ་གྱི་གདམས་པ་རྡོ་རྗེའི་གོ་མཚོན།next

མཁའ་འགྲོ་སེང་གདོང་མའི་མན་ངག་སྲུང་ཟློག་བསད་གསུམ་གྱི་གདམས་པ་རྡོ་རྗེའི་གོ་མཚོན།


CMR018_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མའི་མན་ངག་སྲུང་ཟློག་བསད་གསུམ་གྱི་གདམས་པ་རྡོ་རྗེའི་གོ་མཚོན་ཞེས་བྱ་བ་བཞུགས་སོ། །


CMR018_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཌཱ་ཀི་ཡེ། གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །ཡེ་ཤེས་ཌཱཀིའི་སྒྲུབ་ཐབས་གསལ་བཀོད་བྱ། །ཀི་རྣམས་ཀྱིས་བཀའ་གནང་བྱིན་གྱིས་རློབས། །འདིར་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་བསྙེན་པ་དང་སྲུང་ཟློག་བསད་གསུམ་གྱི་གནད་བསྡུས་མན་ངག་ཟབ་མོ་བཀའ་གཏེར་ཟུང་འཇུག་གི་ཉམས་ལེན་ཐུན་མོང་མ་ཡིན་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ། །ཨོཾ་སྭ་བྷ་བ་སོགས། རང་སེམས་ཧཱུྃ་གི་འཕྲོ་འདུ་ལས་། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །གནམ་ལྕགས་འཁོར་ལོ་རྩིབས་སྟོང་དང་། །རྒྱ་གྲམ་འཁོར་ལོ་གྲི་གུག་དང་། །ཕུར་


CMR018_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་སྟ་ཁ་ཊཾ་དང་། །རལ་གྲི་མེ་དཔུང་འབར་བའི་གུར། །བར་མཚམས་ལས་བྱེད་མཁའ་འགྲོས་གང་། །བར་ཆད་དགྲ་བགེགས་ཐལ་བར་བརླག །དེ་དབུས་གནམ་ལྕགས་སྒོ་མེད་མཁར། །གྲུ་བཞི་མེ་དཔུང་ཚྭ་ཚྭ་འཕྲོ། །དེ་ནང་གནམ་ལྕགས་མཆོད་རྟེན་དབུས། །གསེར་གྱི་རྡོ་རྗེའི་ལྟེ་བ་རུ། །ཉི་ཟླའི་ནང་དུ་འོད་ལྔའི་གུར། །དེ་དབུས་ཆོས་འབྱུང་པད་ཉི་རོ་ཡི་སྟེང་། །རང་ཉིད་ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང་། །སེང་ཞལ་དཀར་ཁྲོ་སྤྱན་གསུམ་གཡུ་རལ་སྔོ། །གྲི་ཐོད་ཁ་ཊཾ་འཛིན་ཅིང་གར་སྟབས་འགྱིང་། །རྡོར་ཁྲབ་དུར་ཁྲོད་


CMR018_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་བརྒྱད་དར་ནག་གསོལ། །ཕུང་ཁམས་སྐྱེ་མཆེད་བ་སྤུ་མཁའ་འགྲོས་གཏམས། །གནས་གསུམ་འབྲུ་གསུམ་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །དབང་ལྷས་དབང་བསྐུར་མི་བསྐྱོད་རྒྱས་གདབ་པའི། །ཐུགས་ཀར་ཉི་སྟེང་འཁོར་ལོའི་ལྟེ་བར་ཧཱུྃ། །བཅུ་བཞིའི་རྩིབས་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔རཾ༔ས༔མ༔ར༔ཡ༔ཕཊ༔ ཨནྡྷཾ་སོགས། ཤཔྟ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེང་གེའི་གདོང་ཅན་ལྷ་མོར་འདུད། །བསྟོད་པ་གང་རུང་བྱ། དེ་ནས་སྲུང་བའི་དམིགས་རིམ་ནི། །རྩིབས་ནང་དཀར་མོ་སྟོང་གིས་ནང་གཟིགས་སྲུང་། །གནས་གསུམ་འོད་ཀྱིས་འཁོར་འདས་མཐུ་བྱིན་བསྡུས། །བསྲུང་བྱ་ལ་ཐིམ་གཟི་བརྗིད་ནུས་མཐུ་རྒྱས། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔རཾ༔ས༔མ༔ར༔ཡ༔ཕཊ༔ དེ་ནས་ཟློག་པའི་དམིགས་རིམ་ནི། རྩིབས་ནང་ནག་མོ་སྟོང་གིས་ཕྱིར་གཟིགས་ཟློག །གཟུགས་སྣང་མཁའ་འགྲོ་སྒྲ་གྲག་བཅུ་བཞི་པ། །སྲིད་གསུམ་གཡོ་འགུལ་དྲེགས་པ་སྔངས་ཤིང་


CMR018_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ། །ལས་བྱེད་མཁའ་འགྲོས་བྱེད་མ་ལྷ་སྲུང་བཀུག །མཚོན་ཆོའི་བར་བསྐྱུར་མཚོན་ཆ་གཡོན་དུ་འཁོར། །ཤ་ཁྲག་ཕྱེ་མར་སོང་བ་མཁའ་འགྲོས་གསོལ། །མཐེ་བོང་ཟངས་གྲི་མཛུབ་མོ་གདབ་པའི་བར། །དགྲ་མགོ་བྲེགས་པ་ཧོམ་ནང་ག ། །ལག་གཡས་ཉི་མ་རྩིབས་སྟོང་མེ་དཔུང་འབར། །གཡོན་པས་ཟླ་བ་རྩིབས་སྟོང་ཆུ་བོ་འབྲུབ། །བརྡབ་པས་བཙོ་བསྲེག་བཀྲུས་ཐལ་གཤིན་རྗེས་ཟོས། ཕཊ༔ཡ༔ར༔མ༔ས༔ར༔ད༔ཙ༔ར༔མ༔ས༔ཀ༔ཨ༔ དེ་ནས་བསད་པའི་དམིགས་རིམ་ནི། འོག་ཕྱོགས་བསད་ཁང་གྲུ་གསུམ་མེ་འབར་ནང་། །མཁའ་འགྲོས་དགྲ་བགེགས་བཀུག་ཅིང་མཚོན་ཆར་ཕབ། །རྣམ་ཤེས་ནག་ཐུམ་བསད་ཅིང་ལུས་སྲོག་གཏུབ། །ཡ༔མ༔རུ༔ཊ༔ཤ༔ད༔ར༔ས༔ཐ༔ར༔ཡ༔ཕཊ༔ སོད་སོད༔ དེ་ནས་མཐར་རྫོགས་རིམ་བསྒོམ་པ་ནི། རང་ལུས་རྩ་གསུམ་འཁོར་ལོ་བཞི་ལྡན་པའི། །སུམ་མདོར་ཉི་སྟེང་མཁའ་འགྲོ་ཚོན་གང་དམར། །དེ་ལས་མེ་བྱུང་སྤྱི་བོའི་དཀར་མོར་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས་དགའ་བཞི་མྱོང་། །སྣོད་བཅུད་ཧཱུྃ་ཐིམ་དེ་ཡང་མི་དམིགས་པ། །སྟོང་གསལ་ཡེ་དྭངས་ཉིད་དེ་ནམ་མཁའ་


CMR018_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །ཨེ་མ་ཧོ། ཡེ་ཤེས་ཌཱཀི་སེང་གེའི་གདོང་ཅན་གྱི། །བསྙེན་དང་སྲུང་ཟློག་བསད་གསུམ་མན་ངག་འདི། །བཀའ་གཏེར་གཞུང་དང་མན་ངག་གསུམ་པོའི་བཅུད། །དོན་གསལ་ཁྱེར་བདེ་ཆ་ལག་མ་ཚང་མེད། །ལྷ་འདྲེ་ཤིན་ཏུ་དོ་གསང་ཆེ་བ་ལ། །སྲུང་ཟློག་བསད་གསུམ་སྔགས་ཀྱི་ཁ་སྒྱུར་བཅོས། །གཞན་དུ་ཟུར་བཀོད་བཞིན་དུ་འདི་འདྲ་ལྟར། །རྒྱུན་ཁྱེར་བྱ་ཐབས་འདི་ལ་མ་ཚང་མེད། །འདིའི་དོན་ཆེན་མ་ལུས་བསྒྲུབ་པ་ལ། །འདི་ལས་ལྷག་པ་གཞན་ལས་བསྒྲུབ་རྒྱུ་མེད། །ཁྱད་པར་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གནམ་ལྕགས་རྡོ་རྗེ་ལྟ་བུ་སོག་ལེ་འདྲ། །དེ་ཕྱིར་འདི་ཡི་སྲུང་ཟློག་ཀུན་གྱི་མཆོག །ནད་གདོན་འབྱུང་པོ་བགེགས་དང་རྐྱེན་ངན་སོགས། །འཇིགས་པ་བརྒྱད་སོགས་ཉེར་འཚེ་ཀུན་ལས་གྲོལ། །ལྷ་འདྲེ་མི་གསུམ་བན་བོན་མུ་སྟེགས་སོགས། །ཕྱི་ནང་ཀུན་གྱི་བྱད་ཁ་ཐམས་ཅད་ལ། །འདི་ལས་ཟབ་པའི་མན་ངག་བྱ་བ་གཅེས། །རང་གཤེད་ལ་རང་ལ་ཟློག་པའི་མཆོག་ཡིན་ནོ། །ཚེ་སྒྲུབ་ནོར་སྒྲུབ་ཀུན་ལ་འདི་ནི་མཆོག །རྩ་གསུམ་བཅུད་ལེན་གཏུམ་མོ་འཕོ་བ་སོགས། །འདི་ཕྱི་དོན་ཆེན་འགྲུབ་པའི་ལས་མཐའ་མང་། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །རྒྱུད་དང་མན་ངག་བརྒྱ་རྩ་བསྒྱུར་བའི་ནང་། །ལྷ་འདྲེ་མི་གསུམ་མུ་སྟེགས་བན་བོན་དང་། །བྱད་ཁ་ཕུར་ཁ་མ་ལུས་ཟློག་པ་ལ། །ཟློག་པའི་ཡང་ཟློག་འདི་ལས་ཟབ་མ་རྙེད། །དེ་ཕྱིར་འདི་ཡི་སྲུང་ཟློག་


CMR018_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་ཟུང་། །གཞན་ལ་མ་སྤེལ་སྙིང་གི་དཀྱིལ་དུ་སྒྲོས། །མང་དུ་སྤེལ་ན་མཁའ་འགྲོས་བཀའ་ཆད་འོང་། །དེ་ཕྱིར་འདི་བསྙེན་གདམས་པ་འཚོ་ཤེས་གྱིས། །འདི་ཉིད་ཉམས་སུ་ལེན་པ་བཅའ་ནན་རྣམས། །བར་ཆད་བདུད་བགེགས་བྱད་ཀས་མི་ཚུགས་ཤིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ནས། །ནམ་ཞིག་ཚེ་འཕོས་ནུབ་ཕྱོགས་བདེ་བ་ཅན། །གནས་གསུམ་ཌཱཀྐིའི་ཚོགས་ཀྱིས་བསུ་བར་ཤོག །དེ་སྐད་སྨྲས་པ་རཱ་ག་ཨ་སྱས་ཡིས། །རང་གི་ཐུགས་དམ་དོན་དུ་བྲིས། གསང་རྒྱ་ཐོན། སྦས་རྒྱ། སྤེལ་བའི་གནས་མེད་དོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


CMR018_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་སྒྲུབ་ཐབས་བཞུག་སོ། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ། །ཨོཾ་སྭ་བྷཱ་ཝ༴ །རང་སེམས་ཧཱུྃ་གི་འཕྲོ་འདུ་ལས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །གནས་ལྕགས་འཁོར་ལོ་རྩིབས་སྟོང་དང་། །རྒྱ་གྲམ་མཁའ་འགྲོ་གྲི་གུག་དང་། །ཕུར་པ་དགྲ་སྟ་ཁ་ཊཾ་དང་། །རལ་གྲི་མེ་དཔུང་འབར་བའི་གུར། །བར་མཚམས་ལས་བྱེད་མཁའ་འགྲོས་གང་། །བར་ཆད་དགྲ་བགེགས་ཐལ་བར་བརླག །དེ་དབུས་གནམ་ལྕགས་སྒོ་མེད་མཁར། །གྲུ་བཞི་མེ་༣ དཔུང་ཚྭ་ཚྭ་འཕྲོ། །དེ་ནང་གནམ་ལྕགས་མཆོད་རྟེན་དབུས། །གསེར་གྱི་རྡོ་རྗེའི་ལྟེ་བ་རུ། །ཉི་ཟླའི་ནང་དུ་འོད་ལྔའི་གུར། །དེ་དབུས་ཆོས་འབྱུང་པད་ཉི་རོ་ཡི་སྟེང་། །རང་ཉིད་ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང་། །སེང་ཞལ་དཀར་ཁྲོ་སྤྱན་གསུམ་གཡུ་རལ་སྔོ། །གྲི་ཐོད་ཁ་ཊཾ་བསྣམས་ཤིང་གར་སྟབས་འགྱིང་། །རྡོར་ཁྲག་དུར་ཁྲོད་ཆས་བརྒྱད་དར་ནག་གསོལ། །ཕུང་ཁམས་སྐྱེ་མཆེད་བ་སྤུ་མཁའ་འགྲོས་གཏམས། །གནས་གསུམ་འབྲུ་གསུམ་ཧཱུཾ་ལས་འོད་འཕྲོས་པས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །


CMR018_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར། །དབང་ལྷས་དབང་བསྐུར་མི་བསྐྱོད་རྒྱས་གདབ་པའི། །ཐུགས་ཀར་ཉི་སྟེང་འཁོར་ལོའི་ལྟེ་བར་ཧཱུཾ། །བཅུ་བཞིའི་རྩིབས་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔རཾ༔ས༔མ༔ར༔ཡ༔ཕཊ༔ ཨརྒྷཾ་སོགས། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། སོགས་བསྟོད་པ་གང་རུང་བྱ། རྩིབས་ནང་དཀར་མོ་སྟོང་གིས་ནང་གཟིགས་སྲུང་། །གནས་གསུམ་འོད་ཀྱིས་འཁོར་འདས་མཐུ་བྱིན་བསྡུས། །བསྲུང་བྱ་ལ་ཐིམ་གཟི་བརྗིད་ནུས་མཐུ་རྒྱས། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ཕཊ༔ རྩིབས་ནང་ནག་མོ་ཚོསྟོང་གིས་ཕྱིར་གཟིགས་ཟློག །གཟུགས་སྣང་མཁའ་འགྲོ་སྒྲ་གྲག་བཅུ་བཞི་པ། །སྲིདགསུམ་གཡོ་འགུལ་དྲེགས་པ་སྔངས་ཤིང་བརྒྱལ། །ལས་བྱེད་མཁའ་འགྲོས་བྱད་མ་ལྷ་སྲུང་བཀུག །མཚོན་ཆའི་བར་བསྒྱུར་མཚོན་ཆ་གཡོན་དུ་འཁོར། །ཤ་ཁྲག་ཕྱེ་མར་སོང་བ་མཁའ་འགྲོས་གསོལ། །མཐེ་བོང་ཟངས་གྲི་མཛུབ་མོ་གཏན་པའི་བར། །དགྲ་མགོ་བྲེགས་པ་ཧོམ་ནང་གཤིན་རྗེས་མིད། །ལག་གཡས་ཉི་མ་རྩིབས་སྟོང་མེ་དཔུང་འབར། །གཡོན་པས་ཟླ་བ་རྩིབས་སྟོང་ཆུ་བོ་འབྲུབ། །བརྡབ་པས་བཅིར་བསྲེགས་བཀྲུས་ཐལ་


CMR018_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེས་ཟོས། །སྔགས་བཅུ་བཞི་སོགས། འོག་ཕྱོགས་བསད་ཁང་གྲུ་གསུམ་མེ་འབར་ནང་། །མཁའ་འགྲོས་དགྲ་བགེགས་བཀུག་ཅིང་མཚོན་ཆར་ཕབ། རྣམ་ཤེས་ནག་ཐུམ་བསད་ཅིང་ལུས་སྲོག་གཏུབ། །ཡ༔མ༔རུ༔ཊ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔སོདསོད༔ རང་ལུས་རྩ་གསུམ་འཁོར་ལོ་བཞི་ལྡན་པའི། །སུམ་མདོར་ཉི་སྟེང་མཁའ་ཤུ་འགྲོ་སོར་གང་དམར། །དེ་ལས་མེ་བྱུང་སྤྱི་བོའི་དཀར་མོར་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས་དགའ་བཞི་མྱོང་། །སྣོད་བཅུད་ཧཱུྃ་ཐིམ་དེ་ཡང་མི་དམིགས་པ། །སྟོང་གསལ་དེ་དྭངས་ཉིད་དེ་ནམ་མཁའ་འདྲ། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པ་འདིའི་གཞུང་ལུགས་མན་ངག་ཡུན་རིང་དུ་གོམས་པར་བྱས་པ་ཀརྨ་ཨ་རཱ་གས་སྦྱར་ཞིང་རང་གིས་ཀྱང་ཉམས་སུ་མྱོང་བར་བྱས་སོ། །ཨྠྀི། ཧྲིཧཱུྃ་བྷྱོ་ཟློག་ཕཊཡརམས༔ར༔དཤདཙརམསཀཨ༔ ཡ་མ་རུ་ཊ་ཤ་ད་ར་ས་མ་ར་ཡ་ཕཊསོད་སོད༔ ཨེ་ཀ་དུ་ན་རཀྟ། མ་ཧཱ་དུ་ན་རཀྟ། ཙ་དུར་སྙིང་ན་རཀྟ། ར་ཙ་དུ་ན་རིཀ། སུ་ཏྲི་དུ་ན་རཀྟ། མ་ར་དུ་ན་རཀྟ། ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །ར་ཙ་དུ་ན་ཟློག །སུ་ཏྲེ་དུ་ན་ཟློག །


CMR018_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་དུ་ན་ཟློག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཁའ་འགྲོ་སེང་གདོང་མའི་མན་ངག་སྲུང་ཟློག་བསད་གསུམ་གྱི་གདམས་པ་རྡོ་རྗེའི་གོ་མཚོན།next