Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གདོང་མའི་མངོན་རྟོགས་ཀྱི་ཆོ་ག་རྡོ་རྗེའི་གོ་མཚོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གདོང་མའི་མངོན་རྟོགས་ཀྱི་ཆོ་ག་རྡོ་རྗེའི་གོ་མཚོན།next

མཁའ་འགྲོ་སེང་གདོང་མའི་མངོན་རྟོགས་ཀྱི་ཆོ་ག་རྡོ་རྗེའི་གོ་མཚོན།


CMR018_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མའི་མངོན་རྟོགས་ཀྱི་ཆོ་ག་རྡོ་རྗེའི་གོ་མཚོན་ཞེས་བྱ་བ་བཞུགས་སོ། །


CMR018_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་ཀྱི་རིམ་པའི་སྟན་བདེ་བ་ལ་འཁོད་པས། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སོགས། སྐྱབས་འགྲོ་དང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ཚད་མེད་བཞི་བསྒོམས། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ། ཆོས་ཀུན་རང་བཞིན་རྣམ་དག་སྟོང་པར་གྱུར། །དེ་ཡི་ངང་ལས་གནམ་ལྕགས་ཆོས་འབྱུང་སྟེ། །གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ། །ཕྱི་རོལ་འོད་ཟེར་བསྐལ་པའི་མེ་ལྟར་འབར། །དེ་དབུས་པཾ་ལས་སྣ་ཚོགས་པདྨའི་སྟེང་། །རཾ་ལས་ཉི་མའི་དཀྱིལ་འཁོར་རྒྱུ་ཡིག་ལས། །དགྲ་བགེགས་ཕོ་མོ་བསྣོལ་བའི་སྙིང་ཁར་


CMR018_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཧཱུྃ་ལས་རྡོ་རྗེ་གྲི་གུག་ཡུ་བ་ལས། །ཧཱུྃ་ཡིག་མཐིང་ནག་འབར་བས་རབ་མཚན་པ། །དེ་ལས་འོད་ཟེར་དམར་ནག་ཕྱོགས་བཅུར་འཕྲོས། །འཇིག་རྟེན་ཁམས་ཀྱི་དགྲ་བགེགས་ཐམས་ཅད་བསྒྲལ། །ཚུར་འདུས་གྲི་གུག་ཧཱུྃ་བཅས་ཡོངས་གྱུར་པས། །བདག་ཉིད་ཡེ་ཤེས་མཁའ་འགྲོ་སེང་གདོང་མ། །སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་ཅིང་། །འོད་ཟེར་དམར་ནག་དཔག་ཏུ་མེད་པ་འཕྲོས། །བཟོད་པར་དཀའ་བའི་གཟི་བརྗིད་དང་ལྡན་པ། །ཞལ་གཅིག་ཕྱག་གཉིས་སྐུ་ཡི་མགྲིན་པ་ཡན། །སེང་གེའི་ཞལ་ནི་ཟླ་བ་ལྟ་བུར་དཀར། །རྔམ་ཞིང་ཁྲོས་


CMR018_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲག་ཅིང་དཔའ་བའི་ཉམས། །མེ་སྟག་ལྟར་དམར་སྤྱན་གསུམ་ཕྱོགས་བཅུར་བསྒྲད། །མཆེ་གཙིགས་ཞལ་གདངས་ལྗགས་དམར་གློག་ལྟར་འཁྱུགས། །རལ་པ་སྔོ་སྐྱ་གཟེངས་ཤིང་གྱེན་ཐུར་བསྐྱོད། །མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་ཅན། །རློན་པ་ལྔ་བཅུའི་དོ་ཤལ་འཕྲག་པར་འཕྱང་། །ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་བསྣམས། །དཀར་འཛིན་རྒྱས་པའི་གྲུ་མོ་གཡོན་ཕྱོགས་སུ། །རྡོ་རྗེ་ནག་པོས་མཚན་པའི་ཁ་ཊཾ་ག །བརྟེན་ཅིང་ཞབས་གཡས་བསྐུམ་པའི་མཐེ་བོང་ནི། །གཡོན་པ་ཅུང་ཟད་བརྐྱངས་བའི་བརླ་ལ་གཏད། གར་གྱི་རོལ་པ་སྦོམ་ཐུང་གསུས་ཁྱིམ་འཕྱང་། །བ་སྤུ་མཐའ་དག་མཚོན་ཆའི་རང་བཞིན་ལ། །སྐུ་ལ་མེ་ཡི་ཚྭ་ཚྭ་རྣམ་པར་འཕྲོ། །བདག་མེད་སེང་གེའི་ང་རོ་འབྲུག་ལྟར་སྒྲོག །རུས་པའི་རྒྱན་ཆ་ལྔ་ལ་སོགས་པ་ཡི། །ཁྲོ་མོའི་ཆ་ལུགས་དཔག་ཏུ་མེད་པས་སྤྲས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །དེ་ཡི་དཔྲལ་བར་ཨོཾ་དཀར་མགྲིན་པར་ཨཱ། །དམར་པོ་ཐུགས་ཀར་ཧཱུྃ་ཡིག་ནག་པོས་མཚན། །དེ་ལས་འོད་འཕྲོས་མཁའ་སྤྱོད་ཞིང་ཁམས་ནས། །སེང་


CMR018_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ཊཱཀྐི་རྒྱལ་བ་སྲས་བཅས་ཀྱིས། །བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །བཛྲ་ས་མ་ཡ་ཛཿ ཨོཾ་བཛྲ་ཨརྒྱུ་པཱདྱཾ་པུཎྜེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱ་པྲ་ཤདྡཏཱིཙྪ་སྭཱ་ཧཱ། རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་དངོས། །བརྟན་དང་གཡོ་བའི་ཁྱབ་བདག་བདེ་ཆེན་སྐུ། །ནམ་མཁའི་མདོག་ཅན་ཌཀྐི་བྱོ་བའི་གཙོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་འདུད། །ཛཿཧཱུྃ་བཾ་ཧོཿདམ་ཡེ་དབྱེར་མེད་ཅིང་། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར་། །སྙིང་གར་པདྨ་འདབ་མ་བཅུ་བཞིའི་སྟེང་། །ཉི་མའི་དཀྱིལ་འཁོར་དབུས་སུ་ཧཱུྃ་མཐིང་ནག །མཐའ་མར་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔རཾ༔ས༔མ༔ར༔ཡ༔ཕཊ༔ ཡི་གེ་བཅུ་བཞི་མཐིང་ག་འོད་ལྔ་འཕྲོས། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན་འགྲུབ་ཅིང་། །ཁྱད་པར་རང་ལ་གནོད་པའི་དགྲ་བགེགས་རྣམས། །རྨོངས་རེངས་བཅིངས་ཤིང་བསད་བཅད་བསྲེགས་པ་དང་། །གཟིར་མནན་ལ་སོགས་ཕྲིན་ལས་འགྲུབ་པར་གྱུར། །ཞེས་གོང་གི་སྔགས་ཅི་ཙམ་ནུས་པ་བཟླས། ཨ༔ཀ༔


CMR018_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ས༔མ༔ར༔ཙ༔ཤ༔ད༔རཾ༔ས༔མ༔ར༔ཡ༔ཕཊ༔ བསྙེན་ཚད་ཁྲི་ཚོ་གསུམ་མོ། །དེ་ནས་ཉི་མ་ནུབ་རིའི་རྩེར་འགྲོ་བའི་ཚེ། ཁ་ནུབ་ཏུ་ཕྱོགས་པས། རང་ཉིད་སེང་གདོང་མར་གསལ་ཐུགས་ཀ་ནས། །སྔགས་ཀྱི་འོད་ཟེར་ཚ་ལ་རྩུབ་པ་ཡིས། །གནོད་བྱེད་ཐམས་ཅད་རང་དབང་མེད་པར་བཀུག །ཆོས་འབྱུང་ཕྱི་ཡི་གྲྭ་ཟུར་རྩེ་མོར་བཞག །བསྲུང་བྱའི་ཚོགས་རྣམས་ཆོས་འབྱུང་ནང་དུ་བཅུག །ཆོས་འབྱུང་ཕྱི་ནས་མེ་ལྕེ་དྲག་ཏུ་འབར། །གནོད་བྱེད་གཞོབ་ཏུ་བསྲེགས་ཤིང་རྣམ་པར་གཏོར། །གོང་གི་སྔགས་དང་། ཕཊ༔ཡ༔ར༔༔ས༔ར༔ད༔ཤ༔ཙ༔ར༔མ༔ས༔ཀ༔ ཨ ཞེས་ཕྲེང་བ་འདྲེན་ན་ཕྱི་བསྒྱུར་ལ་བགྲང་། ཉི་མ་ནུབ་མ་ཐག་ཏུ་རྒྱས་པར་སྤྲོ་ན། ན་མོ་བླ་མ་སངས་རྒྱས་ཆོས་ཚོགས་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་། །ཡེ་ཤེས་སྤྱན་ལྡན་ཀུན་གྱི་བདེན་པ་དང་། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པ་དང་། །ཁྱད་པར་སེང་གདོང་ཊཀྐིའི་བདེན་པ་དང་། །ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་ནུས་ཀྱིས། །བདག་ཅག་རྣམས་ལ་སྔོན་གྱི་ལས་དང་ནི། །འཕྲལ་གྱི་རྐྱེན་ལས་གྱུར་པའི་སྡིག་སྒྲིབ་ཀྱིས། །ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་


CMR018_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ནད་གདོན་བགེགས་དང་གཟུགས་ཅན་མི་ཡི་དགྲ། །གཟུགས་མེད་ལྷ་འདྲེའི་བྱད་ཁ་ཕུར་ཁ་དང་། །ཐུན་ཟོར་གཏད་ཁྲམ་མནན་ཞིང་བསྲེགས་པ་དང་། །འདྲེ་ལ་གཏད་ཅིང་དྲོད་གཏོང་དམོད་པ་དང་། །ལྟས་ངན་མཚན་མ་རྨི་ལམ་ངན་པ་དང་། །བཀྲ་མི་ཤིས་དང་མོ་ངན་འཁོན་གྲིབ་དང་། །བདུད་ཀྱི་ཞགས་པ་གཤིན་རྗེའི་ཕོ་ཉ་དང་། །མཚན་མོ་གདོན་དང་བྱུར་དང་སྐལ་པ་ངན། །ལོ་ཟླ་ཞག་དུས་བྱུར་དང་ཕྱོགས་ངན་དང་། །སྲི་ལང་ངག་མནན་བསྐྲད་འཁོར་རེངས་དང་རྨོངས། །གཟའ་སྐར་སྦྱོར་བྱེད་དུས་ཚོད་ངན་པ་སོགས། །མདོར་ན་སྒོ་གསུམ་ལོངས་སྤྱོད་དང་བཅས་ཏེ། །གནོད་ཅིང་འཚེ་བའི་མི་མཐུན་ཕྱོགས་རྣམས་ཀུན། །བྱད་མ་རང་གི་ལྷ་དང་བཅས་པ་་ཀུན་། །ཟློག་པར་གྱུར་ཅིག་གཏན་ནས་བརླག་གྱུར་ཅིག །མེད་པར་གྱུར་ཅིག་རབ་ཏུ་ཞི་གྱུར་ཅིག །བསྡུ་ན། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་


CMR018_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །ཅེས་པའི་མཐར། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་བྱད་མ་༣ ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཞེས་ཐལ་མོ་ཉི་ཟླར་གསལ་བའི་བར་དུ་གདོན་ཐམས་ཅད་དམར་ཆལ་ཆལ་སོང་བར་དམིགས་ནས་ཐལ་མོ་བརྡབ། ཐུན་མཚམས་སུ་གཏོར་མ་ཟླུམ་པོ་མར་དང་ཤ་ཆང་གིས་བརྒྱན་པ་བཤམ། བསངས་སྦྱངས་བྱས་ལ། ཨོཾ་གྱིས་མ་དག་སྟོང་པར་སྦྱངས། །ཨཱཡིས་ཐོད་སྣོད་ཡངས་པའི་ནང་། །ཧཱུྃ་ལས་དགྲ་བགེགས་ཤ་ཁྲག་གི །གཏོར་མ་ཕུན་སུམ་ཚོགས་པ་ཀུན། །ཧ་ཧོ་ཧིཡིས་སྦྱངས་རྟོགས་སྦར། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །རང་གི་ཐུགས་ཀའི་ཧཱུཾ་ཡིག་གིས། །མཁའ་འགྲོ་སེང་གདོང་སྤྱན་དྲངས་ནས། །མདུན་བཞུགས་ལྗགས་ཀྱི་འོད་ཟེར་ནི། །རྡོ་རྗེའི་སྦུ་གུའི་རྣམ་པ་ཡིས། །གཏོར་མ་དྲངས་ནས་དགྱེས་པར་བཞེས། །ཨོཾ་ཤྲཱི་བཛྲ་ཌཱཀྐི་ནཱི་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཎཾ་ཨདུནུཏྤན་ན་ཏཱིཏ་ཨོཾ་ཨཱཿཧཱུྃཕཊ་སྭཱ་ཧཱ། ཨོཾ་ཨཱཧཱུཾ། ཞེས་ལྔའམ་བདུན་གྱིས་འབུལ། ཨརྒྱུ་སོགས། ཤཔྟ་


CMR018_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏིཙྪ་སྭཱ་ཧཱ། སྤྲོ་ན། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །དྲག་མོ་སེངྒེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེངྒེའི་གདོང་ཅན་ལྷ་མོར་འདུད། །ཁྱོད་ལ་གཏོར་མ་ཕུལ་བའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་ཤོག །ལྷ་གཅིག་ཁྱོད་ལ་གསོལ་བཏབ་པས། །སངས་རྒྱས་བསྟན་པའི་མངའ་བདག་མཆོག །དཔལ་ལྡན་ཀརྨ་པ་ཆེན་པོའི། །ཕྲིན་ལས་ཕྱོགས་མཐར་ཁྱབ་གྱུར་ཅིག །བཛྲ་མུ་ཡི་ཡེ་ཤེས་གཤེགས། །དམ་ཚིག་པ་རྣམས་རང་ལ་ཐིམ། །དགེ་བ་འདི་ཡིས་མྱུར་དུ་བདག །ཡི་དམ་ལྷ་མཆོག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག་ཅེས་ཉམས་སུ་ལེན་པར་བྱའོ། །བཟླས་པའི་ཚེ་སྔགས་གཞན་འདྲེན་པ་བཞིན་སྦྲེལ་ནས་མི་འདོན་པར་ཡིག་འབྲུ་རྣམས་དུམ་བུར་ཆད་ཆད་བཅད་ནས་འདོན་ཞིང་ངག་བཅད་པར་བྱའོ། །ཞེས་རྒྱལ་བའི་དབང་པོས་རྗེས་སུ་གནང་ཞིང་བཀའ་ཡིས་བསྐུལ་བའི་ཕྱིར་ཤཱཀྱའི་དགེ་སློང་དཀོན་མཆོག་འབངས་ཀྱིས་སྦྱར་བའོ། །ཤུ་བྷཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མངྒ་ལཾ། །


CMR018_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཁའ་འགྲོ་སེང་གདོང་མའི་མངོན་རྟོགས་ཀྱི་ཆོ་ག་རྡོ་རྗེའི་གོ་མཚོན།next