Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་ལས་སྦྱོར་འཁོར་ལོའི་མན་ངག་མདོར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་ལས་སྦྱོར་འཁོར་ལོའི་མན་ངག་མདོར་བསྡུས་པ།next

སེང་གདོང་མའི་ལས་སྦྱོར་འཁོར་ལོའི་མན་ངག་མདོར་བསྡུས་པ།


CMR018_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་ལས་སྦྱོར་འཁོར་ལོའི་མན་ངག་མདོར་བསྡུས་པ་བཞུགས་སོ།།


CMR018_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཀི་ནཱི་སེང་ཧ་མུ་ཁ་ཡ་ན་མ། ལས་ཚོགས་ཐམས་ཅད་སྒྲུབ་པའི་འཁོར་ལོ་ནི། ཚེས་བཅོ་ལྔ་རྒྱལ་ཕུར་འཛོམས་པའི་དུས་ཁ་ནུབ་ཏུ་ཕྱོགས་ལ། རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་ལ། བྲི་གཞི་རྒྱ་ཤོག་མི་ལྤགས་ཀྱི་གཡང་གཞི་དང་། སྨྱུ་གུ་སེང་གདོང་མའི་མཆེ་བ་དང་། ཡིག་འབྲུ་སེང་གདོང་མའི་སྐུར་བསྒོམ་ཞིང་ཁ་ཆེ། གྷི་ཝཾ། གུ་གུལ། གླ་རྩི། སྨན་ཆེན། བྱང་སེམས་དཀར་དམར་རྣམས་སྦྱར་བའི་སྣག་ཚས་གནས་མུན་ཁང་དུ་བྲི་སྟེ། མུ་ཁྱུད་ཆ་ཕྲན་རེ་རིམ་པ་བཞི་བསྐོར་བའི་ལྟེ་བར་ཆ་ཆེན་གཅིག་བྱ། དེའི་ནང་དུ་གྲུ་བཞིའི་ཟུར་མུ་ཁྱུད་ནང་མ་ལ་རེག་ཙམ་བྱ།


CMR018_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་ཡང་གྲུ་བཞི་ཆ་ཆེན་གཅིག་ལྟེ་བའོ། །དེའི་མདུན་རྒྱབ་ལིང་ཚེ་བཞི་བཞི་རེ། གཡས་སུ་ལིང་ཚེ་ལྔ་སྦྲག་གཉིས། གཡོན་དུ་ཡང་དེ་དང་འདྲ་བར་བྱས། ལྟེ་བར་ཨོཾ་མགོ་ནུབ་བསྟན། ལྟེ་བའི་མཐར་བྱང་ཤར་དུ་ཨོ། ནུབ་བྱང་དུ་ཨཱཿ ལྷོ་ནུབ་ཏུ་ཧཱུཾ། ཤར་ལྷོར་ས༔ སྟེང་དུ་ཧོ༔ འོག་ཏུ་ཧཱུྃརྣམས་ཡིག་མགོ་ཕྱིར་བསྟན། མདུན་ཤར་ངོས་ཀྱི་རེ་མིག་བཞི་ལ་གཡས་བསྐོར་དུ་ཡིག་འབྲུ་མགོ་སྤྲོད་དུ། སཤདར༔ རྒྱབ་ཀྱི་ལིང་ཚེ་བཞི་ལ། མཱརཡཕཊ༔ ལྷོ་ཡི་ལིང་ཚེ་ནང་མ་གསུམ་ལ། ཨཀས༔ བྱང་གི་ནང་མ་གསུམ་ལ། མ༔ར༔ཙ༔ དེ་དྲུག་མགོ་


CMR018_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བསྟན། ཕྱིའི་ལྷོ་ཕྱོགས་ཀྱི་རེའུ་མིག་ལྔ་ལ། ཨསཀརབྱང་གི་རེའུ་མིག་ལ། ཙདཤསར༔ བཅུ་པོ་ཡིག་མགོ་ཕྱིར་བསྟན་ནོ། །ནང་གི་རེའུ་མིག་གི་མཚམས་བཞི་ལ། ལྷོ་ནུབ་ནས་གཡས་བསྐོར་དུ། མཱ་ར་ཡ་ཕཊ། ཅེས་མགོ་ནང་བསྟན་ཏེ་རེའུ་མིག་ཉེར་བརྒྱད་པོ་ཐམས་ཅད་ལ་ཡིག་འབྲུའི་གཡས་སུ་རཾ། གཡོན་དུ་ཕཊ་བྲིའོ། མུ་ཁྱུད་དང་ལིང་ཚེའི་བར་དུ་གླིང་བཞི་གླིང་ཕྲན་བཅུ་གཉིས་གཟུགས་ཁ་དོག་དང་བཅས་པ་བྲིའོ། །དེའི་མུ་ཁྱུད་ལ་བྱང་ཤར་ནས་གཡས་བསྐོར་དུ་རྩ་སྔགས་བཅུ་བཞི་པ་ཚར་གཉིས་རེ་བྲི། དེ་རྒྱབ་མུ་ཁྱུད་ལ། དབྱངས་ཡིག་བཅུ་དྲུག་གི་མཇུག་ཏུ། བདག་གི་དབང་དུ་འགྲོ་བ་ཕོར་སྣང་བ་ཐམས་ཅད་བསྡུས་བསྡུས་ཁུག་ཁུག་ཛར༔ མུ་ཁྱུད་གསུམ་པ་ལ་གསལ་བྱེད་སོ་གཉིས་པའི་མཇུག་ཏུ། བདག་གི་དབང་དུ་འགྲོ་བ་མོར་སྣང་བ་ཐམས་ཅད་བསྡུས་བསྡུས་ཁུག་ཁུག་ཛཛཿ དེ་རྒྱབ་མུ་ཁྱུད་བཞི་པའི་ཕྱོགས་བཞིར་རྡོ་རྗེ་དང་། དེའི་བར་རྣམས་སུ་མི་མགོ་སྐམ་རློན་གྱི་ཕྲེང་བ། དེ་མཐར་མུ་ཁྱུད་ལ་མེ་རི་ཁ་དོག་སྣ་ཚོགས་གཡོན་བསྐོར་བྲི། ཚོན་སྐུད་ཀྱིས་འབྱུང་བ་རིམ་བརྩེགས་ལྟར་ལྗང་དམར་སྔོ་སེར་ནག་རྣམས་ཀྱིས་རིམ་པར་དཀྲིས་ལ།


CMR018_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བྱའི་གནས་རྣམས་སུ་འཁོར་ལོ་དེས་རེག་ཅིང་དབང་བསྐུར་ཏེ། སྤྱི་བོ་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་དྲུག་ཏུ་རིམ་པ་ལྟར། ར༔ ཕཊ ས༔ ར༔ ཞེས་དྲུག་དང་། རྣ་བ་སྣ་མིག་ཁ་དཔུང་པ་ལག་མཐིལ་རྐང་མཐིལ་རྣམས་སུ་རིམ་པ་ལྟར། ཀ༔ ཡ ད༔ མ༔ ས༔ ཨ ར༔ རྣམས་སོ། །རྣ་ལྟག །དཔུང་པ། དཔྱི་མགོ་རྣམས་ལ་རྣ་ལྟག་གཡས་ནས་རིམ་པ་ལྟར། ཨ༔ ཀ༔ ས༔ མས་ནས་ཡར། ར༔ ལ༔ ཞེས་གོ་བགོ་ཞིང་དབང་བསྐུར་ནས་ཟངས་དམར་གྱི་གའུར་བཅུག་ལ་མཆན་ཁུང་གཡོན་དུ་འཆང་ངོ་། །སྣང་བ་དབང་སྡུད་འཁོར་ལོ་འདིས། །སྣང་བ་ཐམས་ཅད་དབང་དུ་འདུ། །ཟབ་པའི་གནད་ཡིག་འཁོར་ལོའོ། །ལྟེ་བའི་ཤར་ནུབ་ཡིག་འབྲུ་བརྒྱད། །ཤར་གྱི་བཞི་པོ་དབང་སྡུད་ཡིན། །ནུབ་ཀྱི་བཞི་པོ་ཟློག་སྔགས་ཡིན། །ལྷོ་བྱང་ཕྱི་ཡི་ཡིག་འབྲུ་བཅུ། །ཕོ་མོར་སྣང་བའི་འགྲོ་བ་ཀུན། །ཐམས་ཅད་དབང་དུ་འདུ་བར་འགྱུར། །མཚམས་བཞིར་བཀོད་པའི་ཡིག་འབྲུ་བཞིས། །དགྲ་རྣམས་ཐམས་ཅད་གསོད་བྱེད་ཅིང་། །བདུད་རིགས་བར་ཆད་བཟློག་པར་འགྱུར། །རྫ་ས་སྣ་བདུན་པོས་ཁམས་གསུམ་གྱི། །མི་ནོར་


CMR018_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གསུམ་དབང་དུ་སྡུད། །སྣང་བ་སྐུ་ཡི་འཁོར་ལོའོ། །སྔགས་ཀྱི་ཁ་བསྒྱུར་མ་གཏོགས་པ། །འོག་མ་ཐམས་ཅད་འདི་དང་མཚུངས། །ཨྠྀི། །དབང་སྡུད་གསུང་གི་འཁོར་ལོ་ནི། ལྟེ་བར་ཨོཾ་གྱི་ཚབ་ཏུ་ཨཱཿབྲི། དབྱངས་གསལ་མཇུག་ཏུ་སྣང་གྲག་ཐམས་ཅད་བདག་གི་དབང་དུ་བསྡུས་བསྡུས་ཁུག་ཁུག་ཛཛ ཞེས་བྲི། གཞན་གོང་ལྟར་རོ། །ཨྠྀི། །སྒྲིབ་སྦྱོང་ཐུགས་ཀྱི་འཁོར་ལོ་ནི། ལྟེ་བར་ཧཱུྃ་བྲི། དབྱངས་གསལ་མཇུག་ཏུ་བདག་ཅག་འཁོར་དང་བཅས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་བྲི། གཞན་གོང་ལྟར་རོ། སྤྱི།། ཟློག་བྱེད་མཚོན་ཆའི་འཁོར་ལོ་ནི། ལྟེ་བར་ཕཊདང་དབྱངས་གསལ་མཇུག་ཏུ་བདག་ཅག་འཁོར་དང་བཅས་པ་ལ། བྱད་ཟོར་གཏད་མནན་ཕུར་ཁ་རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག་བྲི། གཞན་གོང་ལྟར་རོ། །ཨྠྀི། །ཐོག་སྲུང་གནམ་ལྕགས་འཁོར་ལོ་ནི། ལྟེ་བར་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཨཱཿ མགོ་གཏུགས་བཞིའི་དབུས་སུ་ཨཱགཅིག །རྩིབས་དྲུག་ལ་སྔར་གྱི་ཡིག་འབྲུ་དྲུག་བཀོད། དབྱངས་གསལ་མཇུག་ཏུ་བདག་ཅག་འཁོར་དང་བཅས་པར་གནམ་གདོན་ཐོག་འཁྱུག་གི་གནོད་པ་།


CMR018_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་སྲུངས་ཤིག་རཀྵ གཞན་གོང་དང་འདྲ། །ཨྠྀི། །ཚེ་སྒྲུབ་སྲོག་གི་འཁོར་ལོ་ནི། ལྟེ་བར་ཧྲིམུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པ་ཚེ་རིང་ཞིང་རྒྱས་པ་དང་། ཚེའི་བར་ཆད་ཐམས་ཅད་ཉེ་བར་ཞི་ནས་ཚེ་མཐར་ཕྱིན་པར་གྱུར་ཅིག །གཞན་གོང་ལྟར་རོ། །ཨྠྀི། །གཉན་ནད་འཇོམས་པའི་འཁོར་ལོ་ནི། ལྟེ་བར་རཾ་དང་། མུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པའི་གཉན་ཤུ་མཛེ་ཕོལ་གྱི་ནད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གཞན་གོང་ལྟར་རོ། །ཨྠྀི། །ཞོ་ཆང་ལེགས་པའི་འཁོར་ལོ་ནི། ལྟེ་བར་ཡཾ་དང་། མུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པའི་ཞོའམ་ཆང་གི་བཅུད་ཕེབས་ཤིང་རོ་བཅུད་དང་ལྡན་པ་དང་། འདྲེ་ཚོགས་ཁ་ལ་རྒྱུ་བའི་གནོད་པ་ལས་སྲུངས་ཤིག་རཀྟ། འཁོར་ལོ་གླང་མ་དང་སྟག་པའི་བྱང་བུ་མིག་དྲུག་མ་དང་། སེ་བ་སྐྱེར་པའི་བྱང་བུ་མིག་དྲུག་དེ་རྣམས་ཀྱི་ནང་ལོགས་ལ་སྔར་བཤད་པའི་རྫས་དྲུག་གིས་ཞོ་ཉེས་བཟློག་པར་གྱུར་ཅིག །བྲིས་ནས་རྒྱ་གྲམ་དུ་བཏགས་ལ་ཚོན་རྐུད་སྣ་ལྔས་སྔར་ལྟར་བཅིངས་ཤིང་སྟག་ལྤགས་ཀྱིས་བཏུམས་


CMR018_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རབ་གནས་ལེགས་པར་བྱས་ཏེ་ཞོའམ་ཆང་གི་རྫ་མ་ལ་བཏགས་སོ། །ཨྠྀི། ལོ་ལེགས་ལོངས་སྤྱོད་འཁོར་ལོ་ནི། ལྟེ་བར་ཧཾ་དང་མུ་ཁྱུད་དབྱངས་གསལ་གྱི་མཇུག་ཏུ་བདག་ཅག་འཁོར་དང་བཅས་པའི་སོ་ནམ་ཞིང་ལས་འབྲུ་བཅུད་འཕེལ་ཞིང་ལོ་ལེགས་འབྱུང་བ་ལ་སད་སེར་དང་བྲལ་བར་གྱུར་ཅིག །ཚོན་སྐུད་སྣ་ལྔས་དཀྲིས། མི་ལྤགས་ཀྱིས་བཏུམ། ལ་ཆས་དྲིལ་ཏེ་རྫའི་གའུར་བཅུག་སྟེ་ཞིང་དཀྱིལ་དུ་སྦས་ལ་རབ་གནས་བྱའོ། །ཨྠྀི། ༈ །སྲིས་སྨེ་གཡང་སྒྲུབ་འཁོར་ལོ་ནི། ལྟེ་བར་ཛོ་དང་། མུ་ཁྱུད་དབྱངས་གསལ་མཇུག་ཏུ་བདག་ཅག་འཁོར་དང་བཅས་པའི་ལོངས་སྤྱོད་རྣམས་སྲིས་སྨེ་ཞིང་འཕེལ་བ་དང་། སྲིས་རྐུན་གྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྟ། ཁྲོམ་ཆེན་པོ་འཚོགས་པའི་གོས་ཀྱི་སྤུ་རྡུལ། འབྲུ་སྣ་ཚོགས། གོས་དར་སྣ་ཚོགས། རིན་པོ་ཆེ་སྣ་ཚོགས། ཟས་སྣ་ཚོགས། བླ་མ་དགེ་བཤེས་མི་དབང་བསོད་ནམས་ཅན་གྱི་གསོལ་རས་རྣམས་དང་། འཁོར་ལོ་སྟག་ཕྲུག་དར་མའི་གླུད་བུར་བཅུག་སྟེ། སྔར་གྱི་རྫས་དྲུག་འདྲེས་པའི་སྣག་ཚས། ཨོཾ་ནིག་ནལ། ནིག་ནལ། པྲ་མོ་ཐུན། པྲ་མོ་ཐུན། དབང་པོ་དཀྲུག །དབང་པོ་དཀྲུག །སེམས་རྩ་


CMR018_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས། སེམས་རྩ་མྱོས། ཁུག་ཁུག་ཛཛ ཨོཾ་བྷ་ཝན་བྱ་ཤ་ན། ཧཱུཾ་རཀྟི་ནན། རུག་ཏི་ནན། ཨོཾ་དོར་ཕུད་དོར་ཕུད། སེམས་རྩ་སྒུལ། སེམས་རྩ་སྒུལ། མངལ་གྱི་གྲོང་ཁྱེར་དཀྲུག་།ཡ་ཡ་ཕུད་ཕུད་སྭཱ་ཧཱ། ཨོཾ་རེ་ཡ་ལེ། ཉོལ་ཉོལ་ཕུད་ཕུད་སྭཱ་ཧཱ། སྔགས་འདི་སྟག་ཕྲུག་གི་མགྲིན་པ་ལ་གཏད་ནས་བྲིས། རབ་གནས་བྱས་ནས་ནོར་མཛོད་ཀྱི་སྒོ་རྒྱབ་བམ། སྣོད་སྤྱད་གང་རུང་གི་སྐེ་ལ་མིས་མ་མཐོང་བར་བཏགས་ན་སྲིས་སྨེ་ཞིང་ནོར་འདུའོ། །ཨྠྀི། གཉན་ནད་འབྲུམ་སྲུང་འཁོར་ལོ་ནི། དབུས་སུ་རཀ་། མུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པའི་ཀླུ་དང་ས་བདག་ལས་བྱུང་བའི་འབྲུམ་ནད་ཀྱི་གནོད་པ་ལས་སྲུངས་ཤིག་ཐར་བར་གྱུར་ཅིག །གླ་རྐང་། གྲ་མ། སྐྱེར་པ། སེ་བ། སྐྱེ་བ། གཟེ་མ། སྤྱང་ཚེར། མཛོ་མོ་ཤིང་། དེ་རྣམས་ཀྱི་རྩེ་མོ་མ་ཉམས་པ་ཚོན་སྐུད་ཀྱིས་རྩེ་མོ་བཞི་བཞི་ཕྱིར་བསྟན་ལ་བསྡོམས་ནས། ལུག་ཐུག་ནག་པོ་སྙིང་དཀར་གྱི་སྙིང་ཤུན་ལ་དྲིལ་ནས་རབ་ཏུ་གནས་ཏེ་སྤྱི་བོར་བཏགས་ན་འབྲུམ་ནད་ཀྱི་གནོད་པ་ལས་ཐར་རོ། །ཨྠྀི། འདྲེ་འདུལ་མནན་པའི་འཁོར་ལོ་


CMR018_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལྟེ་བར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཏྲི་ནག་པོ་ལྟེ་བའི་ཟུར་བཞི་སྟེང་འོག་ཏུ་ཡིག་འབྲུ་དྲུག །མུ་ཁྱུད་དབྱངས་གསལ་མཇུག་ཏུ། གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་འདྲེ་གདོན་མཁའ་ལ་རྒྱུ་བའི་ཚོགས་ཐམས་ཅད་དང་། རྒེ་མོ་མཱ་ར་ཡ་ནན། བྷནྡྷ་ཧཱུཾ་བྷ་ཡ་ནན། ཚོན་སྐུད་སྣ་ལྔས་བསྡམས། རབས་ཆད་མོའི་དོར་རྟ་དང་རེ་ནག་གིས་བསྙུམ། རང་འཐག་ཁ་སྦྱར་དུ་བཅུག །རོ་ཐག་གིས་རྒྱ་གྲམ་དུ་བཅིངས་ནས་ཐེམ་འོག་གམ་ལམ་རྒྱ་གྲམ་མམ། གཏུན་གྱི་འོག་ཏུ་འགུགས་གཞུག་སོགས་བྱའོ། །ཨཱི། །འབྲུམ་སྲུང་ཡང་གསང་ནི། གླ་བའི་སྙིང་ཤུན་ལ། ནཱ་ག་གེ་སར། རྟ་བོན། གུ་གུལ། བཙན་དུག །ཤུ་དག །ཤིང་ཀུན། ཁ་ཆེ། གི་ཝཾ། གླ་རྩི་རྣམས་སྦྱར་བའི་ཁུ་བ་ཁྱི་ཕག་ར་དང་ཕོ་རོག་བཞིའི་ཁྲག་དང་སྦྱར་ལ་གླིང་བཞིའི་གཟུགས་ཕན་ཆོད་བྲི་ལུགས་གོང་ལྟར་ལས། དབུས་ཀྱི་རེའུ་མིག་བདུན་པ་ལྔ་ཕྲེང་གི་དབུས་ཕྲེང་ལ། འབྲུམ་ནད་ལས་ནི་རྒྱལ་གྱུར་ཅིག །འོག་གི་རེ་མིག་བདུན་ལ། ཕཊ ཀྵ ད ར༔ པ༔ དེ་ཚར་གཉིས་མགོ་སྤྱོད་སྟེང་གི་བདུན་ལ། ར༔ ས༔ ར༔ ཡ ས༔ ཀ༔ ཨ དེ་རྣམས་ཚར་གཉིས་མགོ་སྤྱོད་བྱ། གཡོགས་ནག་པོ་


CMR018_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་ལྕགས་ཀྱི་གའུར་བཅུག་ལ་བཏགས་ན་འབྲུམ་ནད་ཐམས་ཅད་ལས་ཐར་བར་འགྱུར་ཏེ། འདིའི་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པ་ཀུན། །ཀླུ་གཉེན་ལས་བྱུང་འབྲུམ་ནད་རིགས། །ཀུན་ལས་སྲུངས་ཤིག་ཐར་གྱུར་ཅིག །ཅེས་བྲི། གཞན་ཐམས་ཅད་ནི་སྐུ་ཡི་འཁོར་ལོ་དང་ཁྱད་པར་མེད་དོ། །ཨྠྀི། དོན་རྒྱལ་བའི་འཁོར་ལོ་ལ། ལིང་ཚེ་དབུས་མ་བདུན་ལ། བདག་གི་དོན་རྒྱལ་བར་གྱུར་ཅིག །དབྱངས་གསལ་ལ་ཡང་དེ་སྦྱར། མདུན་རྒྱབ་ལིང་ཚེ་ལ། །མ༔མ༔ར༔ར༔ར༔ས༔མ༔ད༔ཨ༔ཀ༔ཤ༔ཕཊཡ དུང་མགྲོན་བུ་ར་གན་ཟངས་ལི་ཞ་ཉེ་དྲུག་ནང་དུ་བཏུམ་པའམ་ཕྱིར་བཏགས། གནས་མུན་ནག །དུས་བཅོ་ལྔ་སོགས་དང་རབ་གནས་སྐུ་ཡི་འཁོར་ལོ་དང་ཁྱད་པར་མེད་དོ། སྤྱི། ༈ །ཤོ་རྒྱལ་བའི་འཁོར་ལོ་ནི། བདག་གི་ཤོ་རྒྱལ་བར་གྱུར་ཅིག །ཅེས་དབུས་དང་དབྱངས་གསལ་ལའོ། ཤ༔ཀ༔ཡ༔ད༔མ༔ས༔ཨ༔ར༔མ༔ར༔ས༔ཀ༔ཕཊ༔ར༔ ནས་སྲན་མ། ཡུངས་ཀར། གྲོ། བྱང་སེམས་དཀར་དམར་དང་བཅས་བཅོ་ལྔ་སོགས་དུས་དང་། ནུབ་ཏུ་ཁ་གྲུ་བ་སོགས་རབ་གནས་སྐུའི་འཁོར་


CMR018_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་འདྲ་བ་ལས་གྲྭ་ལག་པ་གཡས་གཡོན་གང་གིས་རྒྱབ་པའི་མཆན་ཁུང་འོག་ཏུ་བཏགས་སོ། །ཨྠྀི། ༈ །རྒྱན་རྒྱལ་འཁོར་ལོ་ནི། ལིང་ཚེ་དབུས་མ་དང་དབྱངས་གསལ་ལ། བདག་གི་རྒྱན་རྒྱལ་བར་གྱུར་ཅིག །ཕྱི་ནང་གི་ལིང་ཚེ་ལ། དཤམwཡས༔ཀ༔ཙརཕཊརཐམར༔ར༔ རྫས་ནི་གསེར་གཡུ་ར་གན་མུ་ཏིག་མུ་མེན་བྱི་རུ་དང་བཅས། དུས་གཟའ་སྐར་རབ་སོགས་སྐུའི་འཁོར་ལོ་ལྟར་རོ། (སྤྱི། །ལས་སྦྱོར་འཁོར་ལོ་དཀྲུག་སྔགས་ཀྱི་རིམ་པ་ཨ་རཱ་གས་བཀོད་པ་རེ་ཞིག་རྫོགས་སོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེང་གདོང་མའི་ལས་སྦྱོར་འཁོར་ལོའི་མན་ངག་མདོར་བསྡུས་པ།next