Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ཌཱཀི་སེང་གདོང་མའི་བསྐང་བཟློག་སྤྲུག་མའི་གཏོར་མདོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་ཌཱཀི་སེང་གདོང་མའི་བསྐང་བཟློག་སྤྲུག་མའི་གཏོར་མདོས།next

ཡེ་ཤེས་ཌཱཀི་སེང་གདོང་མའི་བསྐང་བཟློག་སྤྲུག་མའི་གཏོར་མདོས།


CMR018_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཌཱཀི་སེང་གདོང་མའི་བསྐང་བཟློག་སྤྲུག་མའི་གཏོར་མདོས་བཞུགས་སོ།།


CMR018_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱ་ཀི་སེང་ཧ་མུ་ཁ་ཡེ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་བཏུད་ནས། །ཉམས་ཆག་བསྐང་དང་རྐྱེན་དབང་བཟློག་པའི་ཕྱིར། །བསྐང་ཟློག་སྦྲག་མའི་བྱ་ཚུལ་འདིར་བཀོད་བྱ། །ཆོས་བདག་ཊཱཀིས་བཀའ་གནང་བྱིན་གྱིས་རློབས། །སྣོད་ནང་ཉིད་དུ་འབྲིའམ་སྟེགས་བུའི་སྟེང་། །མ་ཏྲ་ཁོག་པར་རྡོ་ར་མེ་རི་དང་། །འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཆོས་འབྱུང་བསྣོལ། །དེ་སྟེང་གཏོར་མ་ཟུར་གསུམ་ཆེ་བ་གཅིག །སྨད་ཆ་བཅད་ནང་ལིང་ག་བཅུག་ལ་སྦྱར། །གཡས་གཡོན་དེ་ལས་ཆུང་བའི་གཏོར་མ་རེ། །རྩིབས་བརྒྱད་སྟེང་དུ་དམར་གཏོར་རེ་རེ་དང་། །རྩིབས་མཆན་མཐེབ་ཀྱུ་རེ་རེ་ཁ་ཕྱིར་བསྟན། །གཏོར་མ་རེ་ལ་ལིང་ག་ཤ་དམར་བརྒྱན། །


CMR018_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དར་གདུགས་མདའ་དར་རྩང་སོགས་འབྱོར་ན་བཙུགས། །བསྐང་འབྲས་རྣམས་ཀྱང་གཏོར་མའི་རྩེ་ལ་བཙུགས། །བདག་བསྐྱེད་སེང་གདོང་གཙོ་རྐྱང་བསྒོམས་བྱས་ལ། །མདོས་གཏོར་ཆུ་ཆང་བདུད་རྩིས་བྲན་ནས་ཀྱང་། །ཨོཾ་བི་ཤྭ་ཌཀི་ནི་ཧཱུཾ་ཕཊ། ཨོཾ་སྭ་བྷ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གཏོར་མདོས་ཀྱི་སྨད་ཆ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་དབུས་སུ། མེ་རི་དང་རྡོ་རྗེའི་ཕྲེང་བས་བསྐོར་བའི་ནང་། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། བྷྲཱུཾ་ལས་གཞལ་ཡས་


CMR018_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གྲུ་བཞི་སྒོ་བཞི་པ་ཕྱི་རིན་པོ་ཆེ་ལ། ནང་དུར་ཁྲོད་ཐོད་མཁར་འབར་བ་འཇིགས་སུ་རུང་བའི་ནང་དུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཆོས་འབྱུང་མཐིང་ནག་གྲུ་གསུམ་པ་ཉམས་དགའ་བ་དེའི་དབུས་ན། པདྨ་ཉི་མ་རོའི་གདན་ལ་ཡི་གེ་ཧཱུྃ་མཐིང་ནག །དེ་ལས་འོད་ཟེར་འཕྲོས་གདོན་བགེགས་ལོག་འདྲེན་ཐམས་ཅད་བསྲེགས། ཡེ་ཤེས་ཀྱི་མཁའ་འགྲོ་མའི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོར་སྐུ་ཡི་ཚད་དང་མཉམ་པའི་ཁ་ཊཾ་ག་ལ་དྲིལ་བུ་དང་དར་འཕན་རྩེ་གསུམ་པ་འཕྱང་བ། སེང་ཞལ་གནམ་དུ་གདངས་བའི་ཁ་ནས་དུག་གི་ཁ་རླངས་འཐུལ་བས་གདུག་པ་ཅན་ཐམས་ཅད་མྱོས་པར་བྱེད་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། སྨིན་མ་དང་དབུ་སྐྲ་གྱེན་དུ་འབར་ཞིང་ཐུར་དུ་འཕྱང་བ། སྤྱན་གསུམ་དམར་ལ་ཟླུམ་


CMR018_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞབས་གཡོན་བརྐྱངས་བའི་བརླ་ལ་གཡས་བསྐུམས་པའི་སོར་མོ་རྣམས་གཏད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ཡི་གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟག་གི་གདོང་པ་ཅན། གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དོམ་གྱི་གདོང་པ་ཅན་གཉིས་ཀའང་སྐུ་མདོག་སྔོན་པོ་ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ་པ། འཁོར་ལོའི་རྩིབས་བརྒྱད་ལ་ཤར་དུ་སངས་རྒྱས་མཁའ་འགྲོ་དཀར་མོ་གྲི་གུག་དང་བྷནྡྷ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ་རྒྱ་གྲམ་དང་བྷནྡཱ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་བུམ་པ་བསྣམས་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་པོ་ཆེ་དང་ནེའུ་ལེ་བསྣམས་པ། ཤར་ལྷོར་དམ་ཚིག་མཁའ་འགྲོ་ནག་མོ། ལྷོ་ནུབ་ཏུ་འཇིག་རྟེན་མཁའ་འགྲོ་དམར་མོ། ནུབ་བྱང་དུ་སྣ་ཚོགས་མཁའ་འགྲོ་སེར་མོ། བྱང་ཤར་དུ་ཐམས་ཅད་མཁའ་འགྲོ་ལྗང་མོ། དེ་ཐམས་ཅད་ཀྱང་སེང་གེའི་གདོང་པ་ཅན་གྲི་གུག་དང་ཐོད་༄ཁྲག་བསྣམས་པ། རུས་པའི་རྒྱན་དྲུག་གིས་སྤྱས་ཤིང་ཁ་ཊཾ་ག་དང་ལྡན་པ། རང་འདྲ་བའི་མཁའ་འགྲོ་འབུམ་གྱིས་བསྐོར་བའོ། །ཤར་སྒོར་ལྔ་གདོང་མ་དཀར་མོ། ལྷོ་སྒོར་


CMR018_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། བྱང་སྒོར་ཕག་གདོང་མ་སེར་མོ་བཞི་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་པ། དེ་དག་གི་བར་ཁྱམས་ཁོར་། ཡུག་རྣམས་སུ་ཕྱི་ནང་གསང་བ་ཡང་གསང་གི་སེང་གདོང་མའི་ཚོགས་ཐམས་ཅད་དང་། དམག་འདུལ་རྒྱལ་མོ་ལ་སོགས་པ་ཕྲ་མེན་གྱི་སེང་གདོང་མ་བཅུ་བཞི། ཕྱིའི་དུར་ཁྲོད་ལ་གོ་རི་ནག་མོ་སེང་གདོང་མ་ལ་སོགས་ཕྲ་མེན་ཆེན་མོ་བརྒྱད། མདོར་ན་རི་རབ་སོ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་ཐམས་ཅད་རྒྱན་ཆ་ལུགས་མ་ངེས་སྣ་ཚོགས་འཛིན་པ། བཀའ་སྡོད་སྲིད་པའི་མ་མོ་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱི། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་མཁའ་སྤྱོད་དག་པའི་ཞིང་ཁམས་ཡུལ་ཉི་ཤུ་རྩ་བཞི་གནས་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོའི་ཚལ་བརྒྱད། ཁྱད་པར་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས། མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཡ་ཛ་ཛཿ ཧཱུྃ་བྷྱོ༔ གདོད་ནས་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །


CMR018_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཡེ་ཤེས་མཁའ་འགྲོ་སེང་གདོང་མ། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །འཐུག་པོ་བཀོད་སོགས་དག་པའི་ཞིང་ཁམས་ནས། །ལོངས་སྐུ་ཡེ་ཤེས་མཁའ་འགྲོ་སེང་གདོང་མ། །གཤེགས་དང་བཞུགས་པའི་རྟོག་པ་མི་མངའ་ཡང་། །ཐུགས་རྗེའི་སྨོན་ལམ་དབང་གིས་གནས་འདིར་གཤེགས། །ཨོ་རྒྱན་རབ་ཏུ་འབར་བའི་དུར་ཁྲོད་ནས། །སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་སེང་གདོང་མ། གཤེགས་དང་བཞུགས་པའི་རྟོག་པ་མི་མངའ་ཡང་། །ཐུགས་རྗེའི་ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཨོ་རྒྱན་ཡུལ་གྱི་ཕྱོགས་མཚམས་དུར་ཁྲོད་ནས། །རིགས་བཞི་མཁའ་འགྲོ་སེང་གེའི་གདོང་པ་ཅན། །དམ་ཚིག་ལས་དང་སྣ་ཚོགས་མཁའ་འགྲོ་མ། །སྒོ་སྲུང་ཕྲ་མེན་ཚོགས་བཅས་གཤེགས་སུ་གསོལ། །ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིས། །རབ་འཇིགས་དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས། །སེང་གདོང་ཌཱཀིའི་བཀའ་ཉན་དམ་ཚིག་ཅན། །མ་མོ་མཁའ་འགྲོ་མ་ལུས་གཤེགས་སུ་གསོལ། །ཨོཾ་བཛྲ་ཌཱཀི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུྃ་


CMR018_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ འབྱུང་བ་རིམ་བརྩེགས་རིན་ཆེན་ཕོ་བྲང་དབུས། །འཇིགས་སུ་རུང་བ་ཐོད་པའི་སྐུ་མཁར་ནང་། །གནམ་ལྕགས་འཁོར་ལོ་ཆེ་ཆུང་པད་ཉིའི་སྟེང་། །དགྲ་བགེགས་རུ་ཏྲ་བསྣོལ་བའི་བོ་བརྩེགས་ལ། །ཡེ་ཤེས་ཌཱ་ཀི་སེང་གདོང་གཙོ་དང་འཁོར། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཨོཾ་བཛྲ་ཌཱཀི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་སྤྱན་དྲངས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་མི་ཚོ བསྐྱོད་པ། འཁོར་རྣམས་ལ་ཕྱོགས་སོ་སོའི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། ཧཱུཾ་བྷྱོ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་དངོས། །བརྟན་དང་གཡོ་བའི་ཁྱབ་བདག་བདེ་ཆེན་སྐུ། །ནམ་མཁའི་མདོག་ཅན་ཌཱཀི་བྱེ་བའི་གཙོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མོ་ལ་འདུད། །སྤྲུལ་པའི་འཁོར་ཚོགས་ཀི་བྱེ་བ་འབུམ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མཁན། །རྫུ་འཕྲུལ་མྱུར་མགྱོགས་མཐུ་སྟོབས་བསམ་མི་ཁྱབ། །སེང་གདོང་ལྷ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཌཱཀི་ནཱི་སེང་ཧ་མུ་ཁ་ས་


CMR018_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་རི་ཝཱ་ར་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛཧོ༔ སྤྲོ་ན་སྐབས་འདིར་ཚོགས་མཆོད་བདུད་རྩི་སྤྲིན་སྤུང་བསྡུས་པ་འདོད་དགུའི་བང་མཛོད་ཅེས་བྱ་བ་ཚོགས་གཏོར་ཟླུམ་པོ་ཤ་ཆང་དང་བཅས་པ་བྲན་ལ། །སེང་གདོང་མའི་བསྐང་བ་ནི། ཧཱུྃ་བྷྱོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་ཅི་མཆིས་པ། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །སེང་གདོང་ཌཀི་འཁོར་དང་བཅས་ལ་འབུལ། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་རོ་མངར་དང་། །རེག་འཇམ་ན་བཟའི་བྱེ་བྲག་ཅི་མཆིས་པ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །སེང་གདོང་ལྗཀི་འཁོར་དང་བཅས་ལ་འབུལ། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཞིང་ཁམས་ནས། །གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་གཏེར། །རིན་ཆེན་རི་བོ་རྣམས་དང་དཔག་བསམ་ཤིང་། །དད་པའི་སེམས་ཀྱིས་བློ་ཡིས་ལེགས་བླངས་ཏེ། །སེང་གདོང་ཌཱཀི་འཁོར་དང་བཅས་ལ་འབུལ། །


CMR018_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །རི་རབ་གླིང་བཞི་མཛེས་པའི་སྟེང་ཤོད་ན། །འདབ་ཆགས་གཡུང་དྭགས་རི་དྭགས་ཆུ་གནས་སོགས། །བྱ་ནག་ཁྱི་ནག་གཡག་ནག་མཐུན་པའི་རྫས། །བློ་ཡིས་བླངས་ཏེ་ཡིད་ཀྱིས་མངོན་སྤྲུལ་ནས། །སེང་གདོང་ཌའི་འཁོར་དང་བཅས་ལ་འབུལ། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །རིན་ཆེན་དར་ཟབ་གོ་མཚོན་སྨན་དང་འབྲུ། །རྟེན་རྫས་སྒྲུབ་རྫས་བསྐང་རྫས་མཆོད་པའི་རྫས། །ཕྱག་མཚན་རྒྱན་ཆ་གཡང་གཞི་མཐུན་རྫ་ས་ཚོགས། །ནམ་མཁའ་གློ གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །སེང་གདོང་ཌཱཀི་འཁོར་དང་བཅས་ལ་འབུལ། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །རང་བྱུང་སྣོད་མཆོག་དུམ་གཅིག་མཛེས་པའི་ནང་། །ཤ་ལྔ་བདུད་རྩི་ལྔ་དང་ཡིག་འབྲུ་ལྔ། །སྦྱངས་སྤེལ་བསྒྱུར་བའི་ཡེ་ཤེས་བདུད་རྩི་མཆོག །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །སེང་གདོང་ཌཱཀི་འཁོར་དང་བཅས་ལུ་འབུལ། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །དམ་ཉམས་དགྲ་བགེགས་བསྒྲལ་


CMR018_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྷནྡྷ་རུ། །པདྨ་རཀྟ་མུ་ལ་རཀྟ་དང་། །ཨཉྫ་རཀྟ་ལ་སོགས་ཁྲག་སྣ་སྟོང་། །འཁོར་བ་དབྱིངས་སུ་དག་པའི་མཆོད་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །སེང་གདོང་ཌཱ་ཀི་འཁོར་དང་བཅས་ལ་འབུལ། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །སྟོང་གསུམ་འཇིག་རྟེན་མཉམ་པའི་གཏོར་གཞོང་དུ། །འདོད་ཡོན་ལྔ་ལྡན་གཏོར་མ་རི་རབ་ཙམ། །ངོ་བོ་དགྲ་བགེགས་ཤ་ཁྲག་བླ་ཚེ་སྲོག །རྣམ་པ་ཟག་མེད་བདུད་རྩིའི་རྒྱ་མཚོ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །སེང་གདོང་ཊྛཀི་འཁོར་དང་བཅས་ལ་འབུལ། །མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །ཨོཾ་བཛྲ་ཌཱཀི་སེང་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་བྷ་ལི་ཏ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ་བྷྱོ༔ དྲག་མོ་སེང་གེའི་གདོང་པ་ཅན། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་། །སྐུ་ལས་སྤྲུལ་པའི་མཁའ་འགྲོ་མ། །སྟག་གདོང་མ་ཡི་ཐུགས་དམ་བསྐང་། །གསུང་ལས་སྤྲུལ་པའི་མཁའ་འགྲོ་མ། དོམ་གདོང་མ་ཡི་ཐུགས་དམ་བསྐང་། །དཀར་མོ་སེང་གེའི་གདོང་པ་ཅན། །སངས་


CMR018_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཁའ་འགྲོའི་ཐུགས་དམ་བསྐང་། །སེར་མོ་སེང་གེའི་གདོང་པ་ཅན། །རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་། །དམར་མོ་སེང་གེའི་གདོང་པ་ཅན། །པདྨ་མཁའ་འགྲོའི་ཐུགས་དམ་བསྐང་། །ལྗང་མོ་སེང་གེའི་གདོང་པ་ཅན། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །ནག་མོ་སེང་གེའི་གདོང་པ་ཅན། །དམ་ཚིག་མཁའ་འགྲོའི་ཐུགས་དམ་བསྐང་། །དམར་ནག་སེང་གེའི་གདོང་པ་ཅན། །འཇིག་རྟེན་མཁའ་འགྲོའི་ཐུགས་དམ་བསྐང་། །སེར་ནག་སེང་གེའི་གདོང་པ་ཅན། །སྣ་ཚོགས་མཁའ་འགྲོའི་ཐུགས་དམ་བསྐང་། །ལྗང་ནག་སེང་གེའི་གདོང་པ་ཅན། །ཐམས་ཅད་མཁའ་འགྲོའི་ཐུགས་དམ་བསྐང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་མ་བཞི་ཡི་ཐུགས་དམ་པ བསྐང་། །གཟའ་འདུལ་ལ་སོགས་སེང་གདོང་མ། །ཕྲ་མེན་བཅུ་བཞིའི་ཐུགས་དམ་བསྐང་། །གོ་རི་སེང་གེའི་གདོང་ཅན་སོགས། །དུར་ཁྲོད་མ་མོའི་ཐུགས་དམ་བསྐང་། །སྲུང་བྱེད་སེང་གདོང་དཀར་མོ་སོགས། །ལྷ་མོ་བཅུ་བཞིའི་ཐུགས་དམ་བསྐང་། །སེང་གདོང་ཌཱ་ཀི་འབུམ་ཕྲག་སོགས། །ཊཱཀི་བྱེ་བའི་ཐུགས་དམ་བསྐང་། །འཇིག་རྟེན་སེང་


CMR018_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་དམར་མོ་སོགས། །མ་མོ་བྱེ་བའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །བདག་གིས་གཡར་དམ་སོལ་སྩོལ་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ། ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །ཡེ་ཤེས་ཌཱཀི་སེང་གདོང་མ། །འཁོར་དང་བཅས་པ་མ་ལུས་ཀུན། །བརྩེ་བའི་ཐུགས་རྗེས་དགོངས་སུ་གསོལ། །བདག་ནི་ཉོན་མོངས་དབང་གྱུར་ཏེ། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །གནོང་ངོ་འགྱོད་དོ་མཐོལ་ཞིང་བཤགས། །ཕྱིན་ཆད་དེ་ལྟར་མི་བགྱིད་དོ། །མཐོལ་བཤགས་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་ཡིག་བརྒྱ་མན་ངག་ལྟར་བཟླས། ཉ་བོ་ཟན་ལིང་ཚོགས་དུམ་བྲན་ལ། མདུན་དུ་བྲུབ་ཁུང་ལས་ཀྱི་བཙོན་དོང་མེ་འབར་བའི་ནང་དུ། ནཱི་དང་ཏྲི་ལས་སྐྱེས་པའི་དགྲ་བགེགས་བྱད་མའི་ཕུང་ཁམས་སྐྱེ་མཆེད་ཇི་ལྟ་བ་མངོན་སུམ་ལྟ་བུར་གསལ་བར་གྱུར། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་དང་། །མ་མོ་བདེ་གཤེགས་འདུས་པའི་སྐུ། །སེང་གེའི་གདོང་ཅན་


CMR018_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཌཀིའི་ཚོགས། །འཁོར་དང་བཅས་པའི་བདེན་པའི་མཐུས། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བསམ་སྦྱོར་ངན་པའི་བྱད་མ་རྣམས། །རང་དབང་མེད་པར་འདིར་༣ ཁུག་ཅིག །ལན་གསུམ། ཕོ་ཉ་བསྐུལ་བ་ནི། ཧཱུྃ། ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ། །ཀུན་ཀྱང་སྲོག་དང་དབུགས་ཀྱི་བདག །སྙིང་ནས་ཟུངས་ཤིག་ལྕགས་ཀྱུ་མ། །མགུལ་ནས་ཆིངས་ཤིག་ཞགས་པ་མ། །ཡན་ལག་སྡོམས་ཤིག་ལྕགས་སྒྲོག་མ། །མྱོས་པར་གྱིས་ཤིག་དྲིལ་བུ་མ། །ལྷ་དང་ཕྱེས་ཤིག་ཕྲ་མེན་མ། །ཤ་རུས་གཏུབ་ཅིག་ཞིང་སྐྱོང་མ། །སྐད་ཅིག་ཉིད་ལ་གཟུགས་ལ་ཕོབ། །ནི་ཏྲི་ཨང་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ་བྱོ༔ བདེ་གཤེགས་ཀུན་འདུས་ཁྲོ་མོའི་རྒྱལ། །ཁམས་གསུམ་ཟ་བྱེད་སེང་གེའི་༈ གདོང་། །བདུད་ཀྱི་བུ་མོ་དྲག་ཤུལ་ཅན། །གསོད་ལ་དགའ་བའི་ཤན་པ་མོ། །སྲོག་ལ་རྔམས་པའི་ཤ་ཟ་མོ། །ཕྱག་ན་སྲོག་གཅོད་གྲི་གུག་བསྣམས། །ཡར་རྩེ་རྡོ་རྗེ་རྩེ་ལྔ་ནི། ཡེ་ཤེས་ལྔ་ཡི་དབང་རྟགས་ཡིན། །མར་གྱི་ཟངས་གྲི་འབར་བ་ནི། །དུག་ལྔ་གཅོད་པའི་རྒྱ་ཟོར་ཡིན། །ཆང་བཟུང་ཆུ་སྲིན་རྒྱ་མདུད་ནི། །འཁོར་འདས་གཅིག་ཏུ་


CMR018_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ཡིན། །བཏབ་ན་ལྷ་ཡང་རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ཡེ་ཤེས་ཌཱཀིའི་བཀའ་བྱུང་གིས། །ལས་མཁན་མཁའ་འགྲོས་ལས་མཛོད་ཅིག །སརྦ་ཌཱཀི་ནི་ཏྲི་མཱ་ར་ཡ་ཕཊ༔ ཅེས་བསྒྲལ། ཧཱུྃ་བྷྱོ༔ སྣང་སྲིད་མ་མོ་ཌཱཀིའི་གཙོ། །ཟ་བྱེད་ཆེན་མོ་སེང་གེའི་གདོང་། །གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་ཙམ་གྱིས་མཆེ་བ་གཙིགས། །གློག་དམར་ཙམ་གྱི་ལྗགས་བརྐྱངས་ལ། །དགྲ་བགེགས་ཤ་ཁྲག་བླ་ཚེ་སྲོག །ལྷག་མ་མེད་པར་ཞལ་དུ་བསྟབ། །རིགས་བཞི་ཊཀིའི་ཞལ་དུ་བསྟབ། །མཚམས་བཞི་ཌཀིའི་ཞལ་དུ་བསྟབ། །སྒོ་བཞི་ཌཀིའི་ཞལ་དུ་བསྟབ། །དུར་ཁྲོད་ཌཱཀིའི་ཞལ་དུ་བསྟབ། །ཊཱཀི་བྱེ་བའི་ཞལ་དུ་བསྟབ། །མ་མོ་བྱེ་བའི་ཞལ་དུ་བསྟབ། །སྤྲུལ་པ་ཡང་སྤྲུལ་ཞལ་དུ་བསྟབ། །ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །ཁྲག་ལ་རྫིབ་རྫིབ་དགྱེས་པར་རོལ། །རུས་ལ་ཀྲུམ་ཀྲུམ་དགྱེས་པར་རོལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ཨཱ་ར་ལི། །ལྷག་མ་མེད་པར་བཞེས་སུ་གསོལ། །རྣམ་ཤེས་མཁའ་སྤྱོད་གནས་སུ་དྲོངས། །འཁྲུལ་མེད་མངོན་སངས་རྒྱས་


CMR018_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཨོཾ་བཛྲ་ཌཱཀི་ནཱི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ཀེ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། ཞེས་ཕུལ། དེ་ནས་མཁའ་འགྲོ་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷྱོ༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས། །རིན་ཆེན་སྣ་ལྔ་ཐོད་པའི་གཞལ་ཡས་ཁང་། །ཆོས་འབྱུང་པད་ཉི་རུ་ཏྲ་བསྣོལ་བའི་སྟེང་། །རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་མཁའ་འགྲོ་མ། །སྐུ་མདོག་མཐིང་ནག་ཆར་སྤྲིན་གཏིབས་པ་འདྲ། །མ་རིག་འཁོར་བའི་བག་ཆགས་བཟློག་ཏུ་གསོལ། །ཟིལ་གནོན་སེང་ཞལ་དཀར་པོ་གཡས་སུ་ཕྱོགས། །ཁྲོ་བོ་ཁྲོ་མོའི་ཟིལ་གནོན་བཟློག་ཏུ་གསོལ། །སྤྱན་གསུམ་དུས་མཐའི་མེ་ལྟར་འབར་བ་ནི། །སྲིད་གསུམ་ལྷ་འདྲེའི་གནོད་པ་བཟློག་ཏུ་གསོལ། །ཞལ་གདངས་ལྗགས་འདྲིལ་མཆེ་བཞི་གཙིགས་པ་ནི། །བར་ཆད་བདུད་བཞིའི་དམག་དཔུང་བཟློག་ཏུ་གསོལ། །ལྕགས་རལ་གསེབ་ནས་ཁྲོ་ཆུང་ཕྱོགས་བཅུར་འགྱེད། །ཕྱོགས་སྐྱོང་བཅུ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། ཉོན་མོངས་


CMR018_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔའི་དམག་དཔུང་བཟློག་ཏུ་གསོལ། །ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ནི། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཏུ་གསོལ། །སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན་པ་ནི། །ཀླུ་དང་ས་བདག་གནོད་པ་བཟློག་ཏུ་གསོལ། །གླང་ཀོ་ཞིང་ལྤགས་སྟག་ཤམ་བརྗིད་པ་ནི། །ལས་ཀྱི་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ། །རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ནི། །མ་མོ་མཁའ་འགྲོའི་གནོད་པ་བཟློག་ཏུ་གསོལ། །ཕྱག་གཡས་རྡོ་རྗེ་གྲི་གུག་ཕྱར་བ་ནི། །གཟའ་དང་རྒྱུ་སྐར་གནོད་པ་བཟློག་ཏུ་གསོལ། །ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ་ནི། །མ་མོའི་ཁྲག་ནད་དལ་ཡམས་བཟློག་ཏུ་གསོལ། །ཁ་ཊཾ་རྩེ་གསུམ་མཆན་དུ་བསྒྲེང་བ་ནི། །ཕོ་རྒྱུད་མགོན་པོ་རྣམས་ཀྱི་གནོད་པ་བཟློག་ཏུ་ནི་གསོལ། །དར་ནག་སྟོད་གཡོགས་སྨད་དཀྲིས་བྱས་པ་ནི། །ནག་པོ་བདུད་ཀྱི་དམག་དཔུང་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཤིང་མཚན་དུ་བཅུག་པ་ནི། །བདུད་དང་གཤིན་རྗེའི་ཁྲམ་ཁོ་བཟློག་ཏུ་གསོལ། །རིན་ཆེན་དབུ་རྒྱན་ཕྱག་གདུབ་བྱས་པ་ནི། །དཀོར་བདག་རྒྱལ་འགོང་གནོད་པ་བཟློག་ཏུ་གསོལ། །ཞབས་གཉིས་བརྐྱང་བསྐུམ་གར་སྟབས


CMR018_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ནི། །འཇིག་རྟེན་མཁའ་འགྲོའི་སུན་མ་བཟློག་ཏུ་གསོལ། །ཡེ་ཤེས་མེ་རླུང་དབུས་ན་བཞུགས་པ་ནི། །ངན་སྔགས་བྱད་སྟེམས་ཐམས་ཅད་བཟློག་ཏུ་གསོལ། །གཡས་ན་རབ་གཏུམ་མཁའ་འགྲོ་སྟག་གི་གདོང་། །བོན་གྱི་བྱད་ཁ་ཆོད་གཏོང་བཟློག་ཏུ་གསོལ། །གཡོན་ན་རབ་འཇིགས་མཁའ་འགྲོ་དོམ་གྱི་གདོང་། །མུ་སྟེགས་དམོད་པའི་ངན་སྔགས་བཟློག་ཏུ་གསོལ། །ཤར་ནས་སངས་རྒྱས་མཁའ་འགྲོ་སེང་གདོང་མས། །དྲི་ཟ་ལ་སོགས་ཤར་གྱི་དགྲ་བགེགས་ཟློག །ལྷོ་ནས་རིན་ཆེན་མཁའ་འགྲོ་སེང་གདོང་མས། །གཤིན་རྗེ་ལ་སོགས་ལྷོ་ཡི་དགྲ་བགེགས་ཟློག །ནུབ་ནས་པདྨ་མཁའ་འགྲོ་སེང་གདོང་མས། །ཆུ་ལྷ་ལ་སོགས་ནུབ་ཀྱི་དགྲ་བགེགས་ཟློག །བྱང་ནས་ལས་ཀྱི་མཁའ་འགྲོ་སེང་གདོང་མས། །གནོད་སྦྱིན་ལ་སོགས་བྱང་གི་དགྲ་བགེགས་ཟློག །ཤར་ལྷོར་དམ་ཚིག་མཁའ་འགྲོ་སེང་གདོང་མས། །མེ་ལྷ་ལ་སོགས་ཤར་ལྷོའི་དགྲ་བགེགས་ཟློག ། ལྷོ་ནུབ་འཇིག་རྟེན་མཁའ་འགྲོ་སེང་གདོང་མས། །སྲིན་པོ་ལ་སོགས་ལྷོ་ནུབ་དགྲ་བགེགས་ཟློག །ནུབ་བྱང་སྣ་ཚོགས་མཁའ་འགྲོ་སེང་གདོང་མས། །རླུང་ལྷ་ལ་སོགས་ནུབ་བྱང་


CMR018_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཟློག །བྱང་ཤར་ཐམས་ཅད་མཁའ་འགྲོ་སེང་གདོང་མས། །ལོག་འདྲེན་ལ་སོགས་བྱང་ཤར་དགྲ་བགེགས་ཟློག །རང་འདྲའི་འཁོར་ཚོགས་སེང་གདོང་འབུམ་ཕྲག་བཅུ། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གནོད་པ་ཟློག །ཁུ་གདོང་འུག་གདོང་ཁྱི་གདོང་ཕག་གདོང་མས། །ཕྲ་མེན་མ་ཡི་ཉེས་བྱེད་ཆོད་གཏོང་ཟློག །དཀར་མོ་སྲུང་བྱེད་སེང་གེའི་གདོང་ཅན་མས། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཏུ་གསོལ། །དབང་སྡུད་རྒྱལ་མོ་སེང་གདོང་མཆེད་ལྔ་ཡིས། །ཟ་འདྲེ་ལྟོག་འགོང་དབུལ་སྲི་བཟློག་ཏུ་གསོལ། །ཚེ་སྒྲུབ་རྒྱལ་མོ་སེང་གདོང་མཆེད་ལྔ་ཡིས། །དུས་མིན་འཆི་བ་རྣམ་བརྒྱད་བཟློག་ཏུ་གསོལ། །སེང་གདོང་ཞལ་གསུམ་ཕྱག་དྲུག་མཆེད་ལྔ་ཡིས། །དྲག་སྔགས་རྦོད་གཏོང་གནོད་པ་བཟློག་ཏུ་གསོལ། །གཅེར་བུ་ཁྲོས་ནག་སེང་གེའི་གདོང་ཅན་གྱིས། །བྱད་ཁ་ཕུར་ཁ་ཐམས་ཅད་བཟློག་ཏུ་གསོལ། །ཕྲ་མེན་གཟའ་འདུལ་རྒྱལ་མོ་སེང་གདོང་མས། །གཟའ་དང་རྒྱུ་སྐར་གནོད་པ་བཟློག་ཏུ་གསོལ། །ཕྲ་མེན་ཀླུ་འདུལ་རྒྱལ་མོ་སེང་གདོང་མས། །ཀླུ་དང་ས་བདག་གནོད་པ་བཟློག་ཏུ་གསོལ། །ཕྲ་མེན་རྒྱལ་


CMR018_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་རྒྱལ་མོ་སེང་གདོང་མས། །བརྒྱལ་ནད་སྨྱོ་འབོག་གླེང་བཞི་བཟློག་ཏུ་གསོལ། །ཕྲ་མེན་བཙན་འདུལ་རྒྱལ་མོ་སེང་གདོང་མས། །བཙན་གྱི་རྟ་ནད་འཚེར་རྩུབ་བཟློག་ཏུ་གསོལ། །ཕྲ་མེན་མ་མོ་འདུལ་བྱེད་སེང་གདོང་མས། །མ་མོའི་རིམས་ནད་དལ་ཡམས་བཟློག་ཏུ་གསོལ། །ཕྲ་མེན་སྐག་བཟློག་རྒྱལ་མོ་སེང་གདོང་མས། །སྐག་རིགས་སུམ་བརྒྱ་དྲུག་ཅུ་བཟློག་ཏུ་གསོལ། །ཕྲ་མེན་སྲི་བཟློག་སེང་གེའི་གདོང་ཅན་མས། །དར་སྲི་ཆུང་སྲི་ཐམས་ཅད་བཟློག་ཏུ་གསོལ། །ཕྲ་མེན་ཀེང་རུས་སེང་གེའི་གདོང་ཅན་མས། །ཚེ རྨིས་ལྟས་མཚན་མ་ངན་པ་བཟློག་ཏུ་གསོལ། །གནོད་སྦྱིན་དབང་སྡུད་སེང་གེའི་གདོང་ཅན་མས། །གནོད་སྦྱིན་རྣམས་ཀྱི་གཟེར་ནད་བཟློག་ཏུ་གསོལ། །ཕྲ་མེན་ལྷ་དབང་འདུལ་བྱེད་སེང་གདོང་མས། །ལྷ་ཡི་བཀའ་ཆད་འབེབས་པ་བཟློག་ཏུ་གསོལ། །སྡེ་བརྒྱད་སྤྱི་འདུལ་སེང་གེའི་གདོང་ཅན་མས། །སྡེ་བརྒྱད་གདུག་པ་ཐམས་ཅད་བཟློག་ཏུ་གསོལ། །ངན་པ་ཀུན་བཟློག་རྒྱལ་མོ་སེང་གདོང་མས། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཏུ་གསོལ། །གཅེར་བུ་ཁྲོས་ནག་སེང་གེའི་གདོང་ཅན་མས། །བྱད་ཁ་གཏད་


CMR018_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གནན་ཐམས་ཅད་བཟློག་ཏུ་གསོལ། །གོ་རི་ནག་མོ་སེང་གེའི་གདོང་ཅན་མས། །དུར་ཁྲོད་མ་མོའི་གནོད་པ་བཟློག་ཏུ་གསོལ། །རི་རབ་སོ་གཉིས་རྡུལ་མཉམ་ཊཱཀིའི་ཚོགས། །ཆག་ཆེན་ཉམ་ང་ཐམས་ཅད་བཟློག་ཏུ་གསོལ། །སྲིད་པའི་མ་མོ་བྱེ་བ་དུང་ཕྱུར་ཚོགས། །སྣང་སྲིད་ལྷ་འདྲེའི་དལ་ཁ་བཟློག་ཏུ་གསོལ། །སེང་གདོང་ཌཱཀིའི་ཀླུ བཀའ་ཉན་བྲན་གྱི་ཚོགས། །སྣང་སྲིད་མ་མོའི་བཟློག་བསྒྱུར་དུས་ལ་བབ། །སྲིན་མོའི་ཤུགས་འཆང་རྡོ་རྗེ་རིགས་ཀྱི་ལྕམ། །མིང་པོ་དྲི་ཟའི་སྐག་བསྒྱུར་ལྷ་གདོན་ཟློག །སྲིན་མོའི་ཤུགས་འཆང་རིན་ཆེན་རིགས་ཀྱི་ལྕམ། །མིང་པོ་གཤིན་རྗེའི་བཀའ་བསྒྱུར་ཁྲམ་ཁ་ཟློག །སྲིན་མོའི་ཤུགས་འཆང་པདྨ་རིགས་ཀྱི་ལྕམ། །མིང་པོ་ཀླུ་ཡི་བཀའ་བསྒྱུར་ཀླུ་བྱད་ཟློག །སྲིན་མོའི་ཤུགས་འཆང་ལས་ཀྱི་རིགས་ཀྱི་ལྕམ། །མིང་པོ་གནོད་སྦྱིན་བཀའ་བསྒྱུར་གནོད་སྦྱིན་བཟློག །ཧཱུྃ་བྷྱོ༔ སྣང་སྲིད་དབང་བསྒྱུར་ཌཱཀི་མ། །དཔའ་གཏུམ་སེང་གེའི་གདོང་པ་ཅན། །དགའ་རབ་དབང་ཕྱུག་བུ་མོ་སྟེ། །ཤ་ཟ་ལས་ཀྱི་ཤན་པ་མོ། །སྲིན་མོ་ཟངས་ཀྱི་མགོ་ཅན་མ། །ཕར་བཏང་ཚུར་ལ་ལྡོག་མི་ཤེས། །ཁྱོད་ཀྱི་


CMR018_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དུས་ལ་བབ། །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ། །ཕོ་རྒྱུད་མགོན་པོའི་དྲག་སྔགས་ཟློག །མོ་རྒྱུད་མ་མོའི་དྲག་སྔགས་ཟློག །དྲང་སྲོང་གཟའ་ཡི་གདོང་གཏོད་འུ། ཟློག །དཀོར་བདག་འགོང་པོའི་ཆོ་འཕྲུལ་ཟློག །ཀླུ་གཉན་ས་བདག་གཏད་ཁྲམ་ཟློག །ཕྲ་མེན་མ་ཡི་ཉེ་འབྱེད་ཟློག །གཤིན་རྗེ་དྲེགས་པའི་འཁོར་ལོ་ཟློག །དྲང་སྲོང་ཁྲོ་བོའི་སྦྱིན་སྲེག་ཟློག །ངག་མནན་བསྐྱོད་འཁོར་བཅས་པ་ཟློག །སེལ་དང་ཕུང་ཤིག་རྫས་སྦྱོར་ཟློག །གཏོར་ཁ་རྒོད་གཏོང་བྱེད་པ་ཟློག །སྐག་རིགས་སུམ་བརྒྱ་ཉི་ཤུ་ཟློག །ནད་རིགས་བཞི་བརྒྱ་རྩ་གཅིག་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །དགྲ་སྣ་དམག་སྣ་ཇག་སྣ་ཟློག །ནད་སྣ་རིམས་སྣ་ཡམས་སྣ་ཟློག །མ་ཉེས་ཁ་ཡོག་ངན་པ་ཟློག །མོ་ངན་མཚན་ལྟས་ངན་པ་ཟློག །རྨིས་ལྟས་པྲ་བརྟག་། ངན་པ་ཟློག །མི་ཁ་བྲ་མཆུ་ངན་པ་ཟློག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར། །བཟློག་གོ་བསྒྱུར་རོ་ས་མ་ཡ། །བྷྱོ༔བྷྱོ༔ཐུན་ཐུན་


CMR018_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་བྷྱོ༔ རྦད་རྦད་ཐུན་ཐུན་དགྲ་ལ་རྦད༔ རཀྟ་སི་མཱ་ར་ཡ་ཕཊསྭཱ་ཧཱ། གཏོར་མ་སྟེང་ཟངས་དང་འོག་ལྕགས་སྲེག་ལས་གྲུབ་པའི་འཁོར་ལོ་སྤུ་གྲིའི་སོ་ལྟར་རྣོ་བ་གཉིས། སྟེང་མ་གཡས་དང་འོག་མ་གཡོན་དུ་འཁོར་བས་སོ་འཐབ་ཀྱི་བར་དུ་དགྲ་བགེགས་དམར་ཉ་ལ་ལ་གཏུབ་ནས་ཤ་ཁྲག་ཊཱ་ཀི་རྣམས་ཀྱིས་ཧབ་ཐོབ་ཏུ་གསོལ་བར་བསམས་ལ། ཡི་གེ་བཅུ་བཞི་པ་བཟླས་པས་རྟགས་འབྱུང་ངོ་། ༈ དེ་ནས་དམག་འགྱེད་བྱ་བ་ནི། ཧཱུྃ་བྷྱོ༔ མེ་རི་རྡོ་ར་དུར་ཁྲོད་བརྒྱད། །ཁྲག་མཚོ་པདྨ་ཆོས་འབྱུང་སྟེང་། །གནམ་ལྕགས་འཁོར་ལོ་རྩིབས་བཞིའི་དབུས། །བདུད་བཞི་རུ་ཏྲ་བསྣོལ་བའི་ཤཱི སྟེང་། །ཌཀི་གཡུལ་ལས་རྣམ་རྒྱལ་མ། །རལ་གྲི་ཧཱུྃ་ལས་བྱུང་བའི་སྐུ། །དོ་ནུབ་མྱུར་དུ་དམག་ལ་ཆོས། །སྐུ་མདོག་སྔོ་ནག་འབར་བ་ལ། །སེང་ཞལ་དཀར་པོ་རབ་ཏུ་ཁྲོས། །ཕྱག་ན་རལ་གྲི་མདའ་གཞུ་བསྣམས། །སྐུ་ལ་བསེ་རྨོག་བསེ་ཁྲབ་དང་། །བསེ་ཕུབ་རྔ་ཞོལ་དམར་པོ་གསོལ། །དར་མདུང་དམར་པོ་མཚན་དུ་བསྒྲེངས། །ཞབས་ལ་སོག་ལྷམ་སྔོན་པོ་གསོལ། །གཡས་བསྐུམ་གཡོན་བརྐྱངས་མེ་དཔུང་དབུས། །རང་འདྲའི་དམག་ཚོགས་དཔག་མེད་འགྱེད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །


CMR018_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔བྷྱོ༔སྡང་བའི་དགྲ་ལ་བྷྱོ། །དགྲ་དཔུང་མ་ལུས་ཆམ་ལ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤར་གྱི་ཕྱོགས་ནས་དམག་འདྲེན་ན། །ཊཱཀི་བདུད་དཔུང་འཇོམས་བྱེད་མ། །སྐུ་མདོག་དཀར་ནག་སེང་ཞལ་སྔོ། །ཕྱག་ན་རལ་གྲི་མདའ་གཞུ་བསྣམས། །སྐུ་ལ་བསེ་རྨོག་ཤེལ་ཁྲབ་གསོལ། །བསེ་ཕུབ་རྔ་ཞོལ་དཀར་པོས་བརྒྱན། །དར་མདུང་དཀར་པོ་མཚན་དུ་བསྒྲེངས། །ཞབས་ལ་སག་ལྷམ་སྔོན་པོ་གསོལ། །གཡས་བསྐུམ་གཡོན་བརྐྱངས་མེ་དཔུང་དབུས། །རང་འདྲའི་དམག་དཔུང་དཔག་མེད་འགྱེད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །དགྲ་དཔུང་ཟློག་པའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷོ་ཡི་ཕྱོགས་ནས་དམག་འདྲེན་ན། །ཌཀི་བདུད་དཔུང་འཐོར་བྱེད་མ། །སྐུ་དང་སེང་ཞལ་སེར་ནག་ལ། །ཕྱག་གཡས་གསེར་གྱི་རལ་གྲི་ཕྱར། །གཡོན་པས་མདའ་གཞུ་དགྲ་ལ་སྡིགས། །སྐུ་ལ་བསེ་རྨོག་བསེ་ཁྲབ་གསོལ། །བསེ་ཕུབ་རྔ་ཞོལ་སེར་པོས་བརྒྱན། །མཆན་ཁུང་མདུང་དམར་བ་དན་སེར། །ཞབས་ལ་སག་ལྷམ་སྔོན་པོ་གསོལ། །གཡས་


CMR018_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་གཡོན་བརྐྱངས་མེ་དཔུང་དབུས། །རང་འདྲའི་དམག་ཚོགས་དཔག་མེད་འགྱེད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། དགྲ་དཔུང་བཟློག་པའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནུབ་ཀྱི་ཕྱོགས་ནས་དམག་འདྲེན་ན། །འགུགས་བྱེད་དམར་ནག་སེང་གེའི་གདོང་། །ཕྱག་ན་ཟངས་རལ་མདའ་གཞུ་འགེངས། །སྐུ་ལ་བསེ་རྨོག་ཟངས་ཁྲབ་གསོལ། །བསེ་ཕུབ་རྔ་ཞོལ་དམར་པོས་བརྒྱན། །བ་དན་དམར་པོ་མཆན་དུ་བཅུག །ཞབས་ལ་སག་ལྷམ་སྔོན་པོ་གསོལ། །གཡས་བསྐུམ་གཡོན་བརྐྱངས་མེ་དཔུང་དབུས། །རང་འདྲའི་དམག་ཚོགས་དཔག་མེད་འགྱེད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བྷྱོ་བྷྱོ་སྡང་བའི་ས དགྲ་ལ་བྷྱོ། །དགྲ་དཔུང་བཟློག་པའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྱང་གི་ཕྱོགས་ནས་དམག་འདྲེན་ན། །འབེབས་པ་ལྗང་ནག་སེང་གེའི་གདོང་།སྐུ་ལ་བསེ་རྨོག་ལྕགས་ཁྲབ་གསོལ། །བསེ་ཕུབ་རྔ་ཞོལ་སྔོན་པོས་བརྒྱན། །མདུང་དམར་བ་དན་སྔོན་པོ་ཕྱར། །གནམ་ལྕགས་རལ་གྲི་མདའ་གཞུ་ཐོགས། །


CMR018_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སག་ལྷམ་གསོལ་ཞིང་བརྐྱངས་བསྐུམས་བསྒྲད། །རང་འདྲའི་དམག་ཚོགས་དཔག་མེད་འགྱེད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །དགྲ་དཔུང་མ་ལུས་ཆམ་ལ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡི་གེ་བཅུ་བཞི་པ་བཟླ་ཞིང་རོལ་མོ་བྱའོ།། ཧཱུྃ། དབུས་ནས་སངས་རྒྱས་མཁའ་འགྲོ་མ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །དཀར་སྔོ་དམར་བའི་ཞལ་གསུམ་ནི། །སེང་གླང་སྤྲེའུའི་གདོང་པ་ཅན། །ཤར་ནས་རྡོ་རྗེ་མཁའ་འགྲོ་མ། །དཀར་མོ་ཞལ་གསུམ་ཕྱག་དྲུག་སྟེ། །ལྗང་སྔོ་དམར་བའི་ཞལ་གསུམ་ནི། །སེང་གེ་གླང་ཆེན་སྤྲེའུའི་ཞལ། །བྱང་ནས་ལས་ཀྱི་མཁའ་འགྲོ་མ། །ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །མཐིང་སྔོ་དམར་བའི་ཞལ་གསུམ་ནི། །སེངྒེ་གླང་ཆེན་སྤྲེའུའི་ཞལ། །ནུབ་ནས་པདྨ་མཁའ་འགྲོ་མ། །དམར་ནག་ཞལ་གསུམ་ཕྱག་དྲུག་པ། །སེར་སྔོ་དམར་བའི་ཞལ་གསུམ་ནི། །སེངྒེ་གླང་ཆེན་སྤྲེའུའི་ཞལ། །ལྷོ་ནས་རིན་ཆེན་མཁའ་འགྲོ་མ། །སེར་མོ་ཞལ་གསུམ་ཕྱག་དྲུག་པ། །དམར་སྔོ་དཀར་བའི་ཞལ་གསུམ་ནི། །སེང་གེ་གླང་ཆེན་སྤྲེའུའི་གདོང་། །རང་རང་རིགས་


CMR018_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རིན་ཆེན་གྱི། །རལ་པ་སྤྲུགས་པས་ཕུར་ཆར་འབེབས། །ཀུན་ཀྱང་ཆ་ལུགས་མཐུན་པར་ནི། །དང་པོས་གྲི་ཐོད་ཐུགས་ཀར་འཛིན། །བར་པས་རལ་གྲི་དགྲ་སྟ་ཕྱར། །ཐ་མས་ལྕགས་ཀྱུ་སེང་ཞལ་ཅན། །རྡོ་རྗེས་མཚན་པའི་ཞགས་པ་བསྣམས། །མཆེ་གཙིགས་ལྗགས་འདྲིལ་སྨྲ་ར་འབར། །དབུ་གསུམ་གཙུག་ན་རྟ་ཞལ་གསུམ། །ལྗང་ཞུར་རྟ་སྐད་རབ་ཏུ་འཚེར། །ཟེ་རྔོག་ཡེ་ཤེས་མེ་དཔུང་འབར། །ལྟེ་བར་ཁྲོ་ཞལ་རབ་ཏུ་གདངས། །བདུད་དང་ལོག་འདྲེན་ཟ་བར་བྱེད། །སྐུ་སྨད་ཕུར་བུ་ཟུར་གསུམ་གྱིས། །དགྲ་བགེགས་སྙིང་ལ་རབ་ཏུ་གཟིར། །འཁོར་དུ་ཤ་ཟ་ཁྲག་འཐུང་མ། །དབུགས་ལེན་སྲོག་གཅོད་མཁའ་འགྲོས་བསྐོར། །གསང་བའི་ཌཀི་མཆེད་ལྔ་པོ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །དོ་ནུབ་སྡང་བའི་དགྲ་ལ་ཆོས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཕཊ༔ཡ༔ར༔མ༔ས༔ར༔ད༔ཤ༔ཙ༔ར༔མ༔ས༔ཀ༔ས༔ ཡི་གེ་བཅུ་བཞི་པ་གོ་ཟློག་གོ །ཨོཾ་བཛྲ་ཌཱཀི་སེང་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི་ཁཱ་


CMR018_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། སྐབས་འདིར་སེང་གདོང་ཕྲ་མེན་བཅུ་བཞིའི་བསྐུལ་རིང་ལ་གཏོར་ཆུང་རེ་ཕུལ་ནས་གཏོར་རྫོངས་བྱའོ། །སེང་གདོང་ཞལ་གསུམ་ཕྱག་དྲུག་མ། འདི་ཡི་མདུན་དུ་བཀའ་སྡོད་དུ་སྐད་ཅིག་ལ་སྤྱན་དྲངས་ལ་གཏོར་མ་ཕུལ། ཕྲིན་ལས་བཅོལ་བ་སྟེ། འདི་བདག་བསྐྱེད་ལུགས་ལ་མེད་དོ། ༈ །སེང་གདོང་མའི་ཕྲ་མེན་བཅུ་བཞིའི་བསྐུལ་རིང་ནི། ཧཱུྃ་བྷྱོ༔ ཆོས་འབྱུང་པད་ཉིར་ཁྱབ་འཇུག་སྟེང་། །ཆུ་སྲིན་རྒྱལ་མཚན་ཧཱུཾ་ཡིག་ལས། །བྱུང་བའི་གཟའ་འདུལ་རྒྱལ་མོ་ནི། །དུང་མདོག་སེང་ཞལ་དཀར་ལ་ཁྲོ། །སྦྲུལ་ནག་རལ་པའི་སྐྲ་གསེབ་ནས། །སྡོམ་སྡིག་སྦལ་ལྕོང་ཐོག་སེར་འཕྲོས། །སྐུ་ལ་ཎྞཾ སྤྱན་མིག་བྱེ་བས་གཏམས། །ཉི་ཟླ་སྐར་གསུམ་འོད་ཟེར་འཕྲོས། །ཕྱག་གཡས་ཆུ་སྲིན་རྒྱལ་མཚན་ཕྱར། །སྟེང་གདོན་གནོད་པ་ཟློག་པར་མཛད། །གཡོན་པས་ར་ཡི་མདའ་གཞུ་ནི། །ཐུར་དུ་སྡིགས་པས་འོག་གདོན་འདུལ། །གཡས་བརྐྱང་མེ་དཔུང་ཀློང་ན་བཞུགས། །དམར་གྱི་གཏོར་མ་འདི་བཞེས་ལ། །གཟའ་གདོན་ཐལ་བ་རྡུལ་དུ་རློགས། །བྱད་མ་རང་གཤེད་རང་ལ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སསམཤར༔དམཀར༠ཡཕཊཙརཨ༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི། ཧཱུྃ་


CMR018_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ ཆོས་འབྱུང་པད་ཉི་རུ་ཏྲའི་སྟེང་། །ཧཱུཾ་དང་ཕུར་བུ་ལས་སྐྱེས་པའི། །ཕྲ་མེན་ཀླུ་འདུལ་རྒྱལ་མོ་ནི། །དུང་མདོག་སེང་ཞལ་དཀར་ལ་རྔམོས། །སྦྲུལ་རལ་ཕྱེད་བཅིངས་ལྷག་མ་གྲོལ། །སྐུ་ལ་མི་ལྤགས་རློད་བུ་ནི། །མཇུག་མ་སློག་སྟེ་གསོལ་བའི་སྟེང་། །སྡོམ་སྡིག་སྦལ་སྦྲུལ་སྐེ་རགས་བཅིངས། །ཕྱག་གཡས་ཕུར་བུ་ནམ་མཁར་ཕྱར། །ཕུར་བུའི་ཆར་གྱིས་ཀླུ་གཉན་འདུལ། །ཕྱག་གཡོན་ཆུ་གནས་སྣ་ཚོགས་གསོལ། །གཡས་བརྐྱང་མེ་དཔུང་ཀློང་ན་བཞུགས། །བརྒྱན་པའི་གཏོར་མ་འདི་བཞེས་༡ ལ། །ཀླུ་གཉན་ས་བདག་གནོད་པ་བཟློག །གཏད་ཁྲམ་མཛེ་ནད་དགྲ་ལ་བསྒྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ར༔ཕ༔ཊ༔ས༔ད༔ར༔ཀ༔མ༔ར༔ཙ༔མ༔ས༔ཨ༔ཡ༔ཤ༔ ཨི་དཾ་བྷ་ལིནྟ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ ཆོས་འབྱུང་པད་ཉི་དམ་སྲིའི་སྟེང་། །ཧཱུྃ་དང་འཁར་གསིལ་ལས་བྱུང་བའི། །ཕྲ་མེན་རྒྱལ་འདུལ་ནག་མོ་ཆེ། །སེང་ཞལ་དཀར་པོ་བསེ་ཐེབ་གསོལ། །སྐུ་ལ་ཆོས་གོས་ཤམ་ཐབས་གསོལ། །ཕྱག་གཡས་འཁར་གསིལ་ནམ་མཁར་ཕྱར། །གཡོན་པས་ལྷུང་བཟེད་ཁྲག་བཀང་འཛིན། །བརྐྱང་བསྐུམ་གར་


CMR018_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རོལ་པར་མཛད། །དམར་གྱི་གཏོར་མ་འདི་བཞེས་ལ། །བརྒྱལ་ནད་སྨྱོ་འབོག་བཟློག་ཏུ་གསོལ། །དམ་སྲི་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་། །ཤ༔ར༔མ༔ཡ༔ཙ༔ས༔ར༔ས༔མ༔ར༔ས༔ཕཊ༔ཀ༔ས༔ ཨི་དཾ་བྷ་ལིརྟ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཡིག་མཐིང་ནག་ལས་སྐྱེས་པའི། །ཕྲ་མེན་བཙན་འདུལ་རྒྱལ་མོ་ནི། སེང་ཞལ་དུང་མདོག་རབ་ཏུ་འཇིགས། །སྐུ་ལ་བསེ་ཁྲབ་བསེ་རྨོག་གསོལ། །ཕྱག་གཡས་མདུང་དམར་བ་དན་ཕྱིར། །བཙན་དམག་འབུམ་གྱི་ཁ་ལོ་བསྒྱུར། །གཡོན་པས་བཙན་ཞགས་མདའ་ལྟར་འཕེན། །དགྲ་བགེགས་གདུག་པའི་ཡན་ལག་བཅིངས། །མེ་དཔུང་ཀློང་ནི་གར་སྟབས་བཞུགས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཙན་གྱི་ཇག་སྣ་བཟློག་ཏུ་གསོལ། །རྟ་ནད་འཚེར་བཅུ་དགྲ་ལ་བསྒྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཙརམཡཤསརདམརསཕཊཀཨ ཨི་དཾ་བྷ་ལིཏྟ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ གྲུ་མཚོན་ཧཱུྃ་ཡིག་ལས་བྱུང་བའི། །ཕྲ་མེན་མ་མོ་འདུལ་བྱེད་མ། །མཐིང་ནག་སེང་ཞལ་ཀུནྣའི་མདོག །ཕྱག་གཡས་མ་མོའི་ཁྲམ་ཤིང་ཕྱིར། །


CMR018_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །དབུ་སྐྲ་གྱེན་གཟིངས་ཐུར་དུ་འཐིབ། །སྐུ་སྟོད་རེ་ལྡེ་ནག་པོ་ལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཁྲག་ཞག་ཐལ་ཆེན་ཚོམ་བུས་བརྒྱན། །གཡས་བརྐྱང་གཡོན་བསྐུམ་གར་སྟབས་ཀྱིས། །སྲིད་པའི་མ་མོ་དབང་དུ་སྡུད། །སྐུ་ལ་ཡེ་ཤེས་མེ་དཔུང་འབར། །དམར་ཆེན་གཏོར་མ་འདི་བཞེས་ལ། །མ་མོའི་རིམས་ཁ་བཟློག་ཏུ་གསོལ། །ཁྲག་ནད་རྒྱུ་གཟེར་དགྲ་ལ་བསྒྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨ༔ཀ༔ཕཊ༔ས༔ར༔ས༔མ༔ར༔ས༔ཤ༔ས༔མ༔ར༔ཙ༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ ཆོས་འབྱུང་པད་ཉི་རུ་ཏྲའི་སྟེང་། །རི་རབ་ཧཱུྃ་གིས་མཚན་པ་ལས། །བྱུང་བའི་ཕྲ་མེན་སྐག་བཟློག་མ། །མཐིང་ནག་སེང་ཞལ་དཀར་ལ་ཁྲོ། །སྤྱན་ནས་མེ་ཡི་ཚྭ་ཚྭ་འཕྲོས། །སྨྲ་ར་དབུ་སྐྲ་ཁམ་སེར་བརྗེས། །ཐུབ་པ་རིགས་དྲུག་དབུ་ལ་བརྒྱན། །གཡང་གཞིའི་སྟོད་གཡོགས་སྟག་ཤམ་ཅན། །ཕྱག་གཉིས་རི་རབ་བང་རིམ་གསུམ། །སྣ་ཚོགས་རྡོ་རྗེས་མཚན་པ་ཕྱར། །ཞབས་གཉིས་བསྒྲད་པའི་འོག་ཏུ་ནི། །རི་རབ་བང་རིམ་གསུམ་པ་རེ། །དེ་འོག་


CMR018_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཁང་གྲུ་གསུམ་རེ། །དེ་ནང་སྐག་ངན་མ་ལུས་པ། །བཅུག་ནས་རབ་ཏུ་མནན་མཛད་མ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །སྐག་ཆེན་བདུན་བརྒྱ་ཉི་ཤུ་རྣམས། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །སྐག་ངན་ཐམས་ཅད་ཟློག་སྒྱུར་ཅིག །སར༔ས༔ཤམར༔ཨརིརཡཀམཕཊ ད༔ ཨི་དཾ་བྷ་ལི་ཏ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ ཆོས་འབྱུང་པད་ཉི་ཆུང་སྲི་དང་། །རུ་སྦལ་སྟེང་དུ་ཧཱུྃ་མཐིང་ལས། །ཕྲ་མེན་སྲི་བཟློག་རྒྱལ་མོ་ནི། །མཐིང་ནག་སེང་ཞལ་རབ་ཏུ་བརྗིད། །དབུ་སྐྲ་སྨིན་མ་དམར་སེར་འབར། །གསེར་གྱི་རུ་སྦལ་དབུ་རྒྱན་ཅན། །ཕྱག་གཡས་གྲི་གུག་སྲི་སྲོག་གཅོད། །གཡོན་པས་ཐོད་ཁྲག་གི་རུ་སྦལ་འཛིན། །ལོ་སྐོར་བཅུ་གཉིས་གོ་ཁྲབ་ལ། །ལོ་རྒན་དྲུག་ཅུས་ཁྲབ་ཤམ་བྱས་། །རྒྱུ་སྐར་ཉེར་བརྒྱུད་སྐེ་རགས་བཅིངས། །གཡས་བརྐྱང་མེ་དཔུང་དབུས་ན་འགྱིང་། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །དམ་སྲི་ཆུང་སྲི་རྡུལ་དུ་རློགས། །ནད་སྲི་དགྲ་སྲི་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨཕཊཙཀ༔ཡམས་རམསར༔ཤརད༔ ཨི་དཾ་བྷ་ལི་ཏ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ ཧཱུྃ་དང་ཀེང་


CMR018_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རུས་རྒྱལ་མཚན་ལས། །རྨི་ལམ་ངན་པ་ཟློག་བྱེད་པའི། །ཀེང་རུས་འབར་མ་སེང་གེའི་གདོང་། །སྐུ་ནི་ཤ་མེད་ཀེང་རུས་ལ། །ཕྱག་གཡས་ཀེང་རུས་རྒྱལ་མཚན་ཕྱར། །གཡོན་པས་མི་མགོ་ཐུར་དུ་བསྒྲིལ། །སྐུ་ལ་ཀེང་རུས་དཔག་མེད་འཕྲོ། །ཞབས་གཉིས་རྡོ་རྗེའི་བྲོ་རྡུང་ཞིང་། །ཡེ་ཤེས་མེ་དཔུང་དབུས་ན་རོལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྨི་ལམ་ངན་པ་བཟློག་ཏུ་གསོལ། །མཚན་ལྟས་ངན་པ་དགྲ་ལ་བསྒྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ༔ཡ༔ར༔མ༔ས༔ར༔ད༔ཤ༔ར༔མ༔ས༔ཀ༔ཨ༔ ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ ཧཱུྃ་དང་རལ་གྲི་ལས་སྐྱེས་པའི། །གནོད་སྦྱིན་དབང་འདུལ་རྒྱལ་མོ་ནི། །མཐིང་ནག་སེང་ཞལ་ཟླ་ལྟར་དཀར། །དུང་རལ་གྱེན་གཟིངས་ཚྭ་ཚྭ་འཕྲོ། །གཡང་གཞི་སྟག་ཤམ་སྐུ་ལ་གསོལ། །རལ་གྲི་ཕྱར་ཞིང་རྒྱལ་མཚན་འཁྱུད། །ཕྱག་གཡོན་ནེའུ་ལེ་རབ་ཏུ་འཛིན། །བརྐྱང་བསྐུམ་གར་གྱིས་མེ་ཀློང་བཞུགས། །གནོད་སྦྱིན་བྱེ་བ་དབང་དུ་སྡུད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །གནོད་སྦྱིན་གདུག་པ་དགྲ་ལ་བསྒྱུར། །འཛད་མེད་ནོར་གྱི་


CMR018_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སརསཤམཙཨར༔ར༔ཡཀམཕཊཅད ཨི་དཾ་བྷ་ལི་ཏ་ཁཱ་ཧི་ཁཱ་ཧི། ཧཱུཾ་བྷྱོ༔ མཐིང་ནག་ཧཱུྃ་ལས་བྱུང་བའི་སྐུ། །ཕྲ་མེན་ལྷ་འདུལ་ཕྱིར་བཟློག་མ། །ཞལ་གཅིག་ཕྱག་གཉིས་སེང་གེའི་གདོང་། །རིན་ཆེན་སྣ་ལྔའི་དབུ་སྐྲ་ནི། །ཕྱེད་བཅིངས་ལྷག་མས་སྐུ་རྒྱབ་ནོན། །ཕྱག་གཡས་དར་དཀར་བ་དན་ཕྱར། །གཡོན་ཐོད་བདུད་རྩི་ཐུགས་ཀར་འཛིན། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །ཞབས་གཉིས་གར་ཐབས་མེ་དཔུང་འབར། །ལྷ་དམག་འབུམ་གྱི་འཁོར་དང་བཅས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ལྷ་བདུད་གདུག་པ་དགྲ་ལ་བསྒྱུར། །ལྷ་ཡི་བཀའ་ཆད་བབ་པ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ས༔ར༔ས༔ཤ༔མ༔ཙ༔ཨ༔ར༔ར༔ཡ༔ཀ༔མ༔ཕཊ༔ད༔ ཨི་དཾ་བྷ་ལི་ཏ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ ཆོས་འབྱུང་འཁོར་ལོ་རྩིབས་བརྒྱད་དབུས། །པད་ཉི་རལ་གྲི་ཧཱུྃ་ཡིག་ལས། །ཕྲ་མེན་སྡེ་བརྒྱད་སྤྱི་འདུལ་མ། །མཐིང་ནག་སེང་ཞལ་དཀར་ལ་འཚེར། །དབུ་སྐྲ་ཁམ་སེར་གྱེན་བརྫེས་ཤིང་། །ཆུ་ཤེལ་ལས་གྲུབ་མཆོད་རྟེན་ནི། །རྩེ་མོ་ལྔ་པས་དབུ་ལ་བརྒྱན། །


CMR018_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་མི་ལྤགས་གཡང་གཞིའི་སྟེང་། །རལ་གྲིའི་ཁྲབ་ལ་སྦྲུལ་སྐེད་བཅིངས། །ཕྱག་གཡས་རལ་གྲི་མེ་འབར་ཕྱར། །སྡེ་བརྒྱད་གདུག་པ་ཟློག་པར་མཛད། །གཡོན་པས་རིན་ཆེན་ཆུ་ཤེལ་གྱིས། །མཆོད་རྟེན་མགོ་ལྔ་ཐུགས་ཀར་འཛིན། །གཡས་བརྐྱང་མེ་དཔུང་དབུས་ན་འགྱིང་། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །དམར་གྱི་གཏོར་མ་འདི་བཞེས་ལ། །སྡེ་བརྒྱུད་གདུག་པ་བཟློག་ཏུ་གསོལ། །གཏད་མནན་གཟིར་གསུམ་དགྲ་ལ་བསྒྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཙ༔ར༔མ༔ཡ༔ས༔ར༔ད༔མ༔ར༔ས༔ཕཊ༔ཀ༔ཨ༔ ཨོཾ་ལོ་ཀ་ལོ་ཀཱི་ཌཀྐི་སེདྷ་མུ་ཁ་བཛྲ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡེ་མ་དུ་རུ་ཙ་ཤ་ན༔ ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ མཐིང་ནག་ཧཱུྃ་ལས་བྱུང་བའི་སྐུ། །གཅེར་བུ་ཁྲོས་ནག་སེང་གེའི་གདོང་། །ངན་པ་ཀུན་བཟློག་རྒྱལ་མོ་ནི། །ལྕགས་རལ་སྤྲུགས་པའི་སྐྲ་གསེབ་ནས། །མེ་སྟག་ཕུར་བུ་ཐོག་སེར་འབེབས། །དགྲ་བགེགས་གདུག་པ་བརླག་པར་མཛད། །སྐུ་ལ་སྤྱན་མིག་བྱེ་བས་གཏམས། །ཕྱག་གཉིས་མི་ལྤགས་གཡང་གཞི་ནི། །མགོ་མཇུག་བཟློག་སྟེ་ནམ་མཁར་ཕྱར། །ཀླད་ལ་བསྐོར་


CMR018_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དགྲ་བགེགས་གཟེར། །ཞབས་གཉིས་རྣམ་པར་བསྒྲད་པ་ཡིས། །རི་རབ་གླིང་བཞི་ཉི་ཟླ་མནན། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །མོ་ངན་པྲ་ངན་དགྲ་ལ་བསྒྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ༔ཡ༔ར༔མ༔ས༔ར༔ད༔ཤ༔ཙ༔ར༔མ༔ས༔ཀ༔ཨ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཧཱུཾ་བྷྱོ༔ ཆོས་འབྱུང་པད་ཉི་རུ་ཏྲའི་སྟེང་།ཧཱུྃ་དང་སྣ་ཚོགས་རྡོ་རྗེ་ལས། །བྷི་ཤྭ་ཌཱཀི་སེང་ཞལ་ལྗང་། །མུ་མེན་རལ་པའི་སྐྲ་གསེབ་ནས། །མེ་སྟག་ཕུར་བུའི་ཚྭ་ཚྭ་འཕྲོ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཕྱར། །གཡོན་པས་བདུད་རྩིའི་ཐོད་པ་བསྣམས། །ཁ་ཊཾ་དང་བཅས་གར་སྟབས་འགྱིང་། །བརྒྱན་པའི་ས གཏོར་མ་འདི་བཞེས་ལ། །མི་གཙང་གྲིབ་སོགས་དག་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨཀསམཐར༔ཙཤདརསམར༠ཡཐཕཊ༔ ཨོཾ་བཛྲ་ཌཱ་ཀི་སེང་ཧ་མུ་ཁ་བྷི་ཤྭ་ཙཀྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ གཅེར་བུ་ཁྲོས་ནག་སེང་གེའི་གདོང་། །ཕྱག་གཉིས་ཉི་ཟླ་ཁ་སྦྱོར་བར། །


CMR018_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་འདྲིལ་བས་དགྲ་བགེགས་འདུལ། །སྐུ་ལུས་སྤྱན་གྱིས་ཁེངས་པ་ལ། །དམར་ནག་ཁྲག་གི་མཆི་མ་འཛག །ལྕགས་རལ་སྤྲུགས་པའི་སྐྲ་གསེབ་ནས། །ཕུར་བུ་ཐོག་སེར་ཆར་དུ་འབེབས། །སྐུ་སྨད་རྡོ་རྗེ་ཕུར་པ་ནི། །ཟུར་གསུམ་རྣོ་བའི་ངར་དང་ལྡན། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །གནོད་བྱེད་དགྲ་བགེགས་རྡུལ་དུ་རྫོགས་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་ཌཱཀི་སེང་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕཊ༔ཡ༔ར༔མ༔ས༔ར༔ད༔ཤ༔ཙ༔ར༔མ༔ས༔ཀ༔ཨ ཤ་ཏྲི་ཛཿ ནྲྀ་ཏྲི་ཁུག །དགྲ་བགེགས་འབྱུང་པོའི་སེམས་དང་བག་ཆགས་ངན་པ་མཱ་ར་ཡ་ཕཊ༔ ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ཕྲ་མེན་བཅུ་བཞིའི་བསྐུལ་རིང་ལགས་སོ།། ༈ །དེ་ནས་སྒོ་དབྱེ་བྱ་བ་ནི། ཧཱུྃ་བྷྱོ༔ བཅོམ་ལྡན་ཌཱཀི་སེང་གདོང་མའི། །ཕོ་བྲང་ཤར་གྱི་སྒོ་མ་ནི། །ཕྲ་མེན་དཀར་མོ་ལྭ་གདོང་མ། །ཕྱག་མཚན་ལྕགས་ཀྱུ་ཐོད་ཁྲག་བསྣམས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཤར་ཕྱོགས་དུང་སྒྲོ་དཀར་པོ་ཕྱེས། །གཏོར་ལམ་དགྲ་བགེགས་སྟེང་དུ་སྟོན། །འཇིགས་བརྒྱད་ཞི་བའི་ཕྲིན་ལས་མཛོད། ། ཧཱུྃ་བྷྱོ༔ དཔལ་ཆེན་ཌཱཀི་སེང་


CMR018_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མའི། །གཞལ་ཡས་ལྷོ་ཡི་སྒོ་སྲུང་མ། །ཕྲ་མེན་སེར་མོ་ཕག་གདོང་མ། །ཕྱག་མཚན་ཞགས་པ་ཐོ་བ་འཛིན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས། །གཏོར་ལམ་དགྲ་དང་བགེགས་ལ་སྟོན། །འབྱོར་དྲུག་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོ༔ དབང་ཕྱུག་ཊཱཀི་སེང་གདོང་མའི། །དཀྱིལ་འཁོར་ནུབ་ཀྱི་སྒོ་སྐྱོང་བ། །ཕྲ་མེན་དམར་མོ་ཁྱི་གདོང་མ། །ཕྱག་མཚན་ལྕགས་སྒྲོག་གཡང་གཞི་ཐོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས། །གཏོར་ཁ་དགྲ་དང་བགེགས་ལ་སྟོན། །མོས་བཞི་འདུལ་བའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོ་དྲག་མོ་སེང་གེའི་གདོང་ཅན་མའི། །ཐོད་མཁར་བྱང་གི་སྒོ་གཉེར་ནི། །ཕྲ་མེན་ལྗང་མོ་འུག་གདོང་མ། །ཕྱག་མཚན་དྲིལ་བུ་དགྲ་སྟ་ཕྱར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས། །གཏོར་ཟོར་དགྲ་དང་བགེགས་ལ་རྒྱོབ། །བདུད་དགྲ་ཚར་གཅོད་ཕྲིན་ལས་མཛོད། །ཅེས་གསེར་སྐྱེམས་གཏོར་མདོས་ཀྱི་ཕྱོགས་བཞིར་ཅུང་ཟད་མཆོད། ནང་གི་སྒོ་བཞི་ཕྱེས་པར་བསམ་ཞིང་རོལ་མོ་བྱ། ༈ །དེ་ནས་ཕྱིར་ཁྱེར་ལ་


CMR018_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་འཐོར་ཞིང་། ཧཱུཾ་བྷྱོ༔ སྣང་ཞིང་སྲིད་པའི་ལྷ་དང་འདྲེ། །ཐམས་ཅད་བདག་ལ་སྙན་གསན་འཚལ། །རིན་ཆེན་ལས་གྲུབ་ཕུད་སྐྱོགས་སུ། །རོ་བཅུད་ཟས་མཆོག་མོ་ད་ན། །ས་ཡི་སྙིང་པོ་རིན་ཆེན་གསེར། །རྡོ་ཡི་སྙིང་པོ་རིན་ཆེན་དངུལ། །བཀྲག་མདངས་རྒྱས་པའི་མཚོ་རོ་གཡུ། །སྔོན་མོ་འཕེལ་ཆེན་འབྲུ་མཆོག་ནས། །གཅིག་ཏུ་སྦྱར་བའི་གསེར་སྐྱེམས་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དཔལ་མགོན་རྣམས་ལ་འབུལ། །རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད། །ཕྱི་ནང་གསང་བའི་ལྷ་མ་སྲིན། །ལོ་ཟླ་ཞག་དུས་འབྱུང་བའི་ལྷ། །ཡུལ་ལྷ་གཞི་བདག་མཐུ་ཆེན་རྣམས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཁྱད་པར་ཡུལ་དང་གྲོང་གི་བདག །གཉུག་མར་གནས་པ་མ་ལུས་དང་། །གཏོར་ལམ་འདིར་གནས་འབྱུང་པོའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་བ་རྣམས་ཀྱིས་དབུ་མར་ཁུག །བར་མ་རྣམས་ཀྱིས་སྐུ་བཟུར་ཅིག །ཡས་ལམ་སོལ་ལ་མདོས་ལམ་ཕྱེས། །བཅོལ་བའི་ཕྲིན་


CMR018_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འགྲུབ་པར་མཛོད། །དེ་ནས་ཟོར་ནི། ཟོར་ཆེན་མདའ་དང་གཞུ་སོགས་ཟོར་རྫ་ས་གང་འཛོམ་དང་། ཁྱད་པར་ལུག་སྤྱང་ཀིས་བསད་པའི་བལ་ལ་ཚོན་སྐུད་སྣ་ལྔ་བྱས་ལ་དེ་དགུ་བསྒྲིལ་བྱས་པའི་འུར་རྡོ། ཞིང་ལྤགས་ཀྱི་འུར་མཐིལ། ཡུགས་ས་མའི་སྐྲའི་ཚག་ལྕེ་བྱས་པ་དང་། རོ་རྡོའམ་རྡོ་ནག་ཟུར་གསུམ་པ་དགུའམ་གསུམ་ལ་དུག་སྣ་དང་ཁྲག་སྣ་སྦྱར་བས་རྡོ་ལ་བྱོབཟློག་བྲིས་པ་རྣམས་རེ་བའི་ཁར་བཞག་པར་བྱའོ། །དེ་ནས་འཕེན་ཏེ། ཧཱུྃ་བྷྱོ༔ མྱུར་མགྱོགས་ཕོ་ཉ་དགུ་སྒྲིལ་འདི། །ཀླད་ལ་གཡུག་ཅིང་ཐོག་ལྟར་འཕེན། །འབྲུག་ལྟར་གྲག་ཅིང་དགྲ་ཁམས་འཇོམས། །ཆོ་འཕྲུལ་གནམ་རྡོ་དགྲ་ལ་རྒྱོབ། །ཕཊ༔ཡ༔ར༔མ༔ས༔ར༔ད༔ཙ༔ར༔མ༔ས༔ཀ༔ས༔ ཧཱུྃ་བྷྱོ༔ གཞུ་ནི་ཁྲོ་རྒྱལ་ཧེ་རུ་ཀ། །རྒྱུད་ནི་ཡུམ་ཆེན་སེང་གདོང་མ། །མདའ་ནི་ཡབ་ཡུམ་འཆོལ་པའི་སྲས། །ཤ་ཟ་བདུད་མོ་སེང་གེའི་གདོང་། །གཟའ་རྒོད་མཁའ་ལ་རྒྱུག་པ་ལྟར། །དགྲ་བོའི་སྲོག་ལ་མཱ་ར་ཡ༔ །ཕཊ ཡར༔མསརདqཙརམས༔ཀ༔ས༔ ཞེས་མདའ་ཟོར་འཕང་། སེང་གདོང་མའི་ཟོར་ཆེན་ནི། ཧཱུཾ་བྷྱོ། དམར་གྱི་གཏོར་མ་ཆེན་པོ་འདི། །མཁའ་འགྲོ་དམ་ཅན་མཆོད་པའི་རྫ་ས། །དམ་ཉམས་དམ་སྲི་བསྒྲལ་བའི་མཚོན། །ནད་དང་རིམས་ཀྱི་ན་བུན་འཐུལ། །


CMR018_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོ། །བསྟན་པ་བཤིགས་པའི་དམ་ཉམས་དགྲ། །བར་ཆད་བྱེད་པའི་གདོན་བགེགས་ལ། །ཕོབ་ཅིག་རྒྱོབ་ཅིག་མཱ་ར་ཡ། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཞེས་ཟོར་ཆེན་བསྐུལ་ལོ། །དེ་ནས་གཏོར་འབུལ་རྣམས་བྱ། སྤྲོ་ན་ཟ་ལམ་བྱ། དེ་ནས་གཏོར་ཟློག་བཏེག་ལ། ཧཱུྃ། མཁའ་འགྲོ་སེང་གདོང་མཐུ་མ་ཆུང་། །རིགས་བཞི་མཁའ་འགྲོ་བང་མ་བུལ། །སྡེ་བརྒྱད་མཁའ་འགྲོ་རྩལ་མ་ཞེན། །འབུམ་ཕྲག་བྱེ་བ་ས་ཡ་བྷྱོ། །སེང་ཞལ་ཕྱོགས་བཅུར་ངུར་བ་ལས། །ཁམས་གསུམ་མ་མོའི་ཁེངས་པ་བྷྱོ། །རུས་པའི་རྒྱན་དྲུག་གསོལ་བ་ལས། །རྒྱུ་སྐར་སེར་ལྟར་འདྲིལ་བ་བྷྱོ། །བྷནྡྷ་ཁྲག་བཀང་གསོལ་བ་ལས། །རི་ཀླུང་ཁྲག་མཚོ་དགྲ་ལ་བྷྱོ། །གྲི་གུག་རྔམས་པར་ཕྱར་བ་ལ། །མཚོན་ཆའི་ཆར་པ་དགྲ་ལ་བྷྱོ། །ཞིང་ཆེན་གླང་ཀོ་སྤྲུགས་པ་ལས། །གནམ་ས་སྣང་སྲིད་འཁྲུགས་པ་བྷྱོ། །ཞལ་ནས་ཧཱུྃ་ཕཊ་སྒྲ་སྒྲོག་ལས། །འབྱུང་པོ་ཕོ་མོའི་སྲོག་ལ་བྷྱོ། །སྤྱན་བསྒྲད་དམར་ཟླུམ་སྤྲུགས་པ་ལས། །ཉི་ཟླ་ཚོགས་པོར་ལྐོགས་ཤིང་བྷྱོ། །དབུ་སྐྲ་གཡུ་རིལ་བསིགས་པ་ལས། །སྤྲིན་ནག་ཐོག་སེར་དགྲ་ལ་བྷྱོ།


CMR018_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དཔུང་ཚྭ་ཚྭ་འཕྲོ་བ་ལས། །བསྐལ་པ་མེ་ཡིས་བསྲེགས་པ་བྷྱོ། །མི་མགོའི་ཕྲེང་བ་འཁྲོལ་བ་ལས། །འཛམ་གླིང་གཡོ་འགུལ་བསྐྱོད་ཅིང་བྷྱོ། །ཞབས་གཉིས་གར་གྱི་རོལ་པ་ལས། །ས་གཞི་རི་བོ་ལྡེམས་ཤིང་སྦྱོ། །འབུམ་ཕྲག་མཁའ་འགྲོ་ཉི་ཤུ་ལས། །སྟོང་གསུམ་དམག་གི་འཁྲུག་པ་སྦྱོ། །གཟི་བརྗིད་རབ་ཏུ་འཁྲུག་པ་ལས། །ལྷ་འདྲེ་ཐམས་ཅད་དགྲ་ལ་བྷྱོ། །ཧཱུྃ་ཧཱུྃ་ཕེ་ཕོ། མ་གཡེལ་མ་འཕང་མཁའ་འགྲོའི་ཚོགས། །ཆོས་དབྱིངས་ཨེ་ཡི་གཞལ་ཡས་ནས། །རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མ། །སེངྒེའི་གདོང་ཅན་སྐུ་བཞེངས་ཤིག །སྤྲུལ་པ་ཌཱཀི་སྐུ་བཞེངས་ཤིག །འཁོར་གྱི་མཁའ་འགྲོ་སྐུ་བཞེངས་ཤིག །རི་རབ་ཆེན་པོའི་གླིང་བཞི་ནས། །རིགས་བཞི་མཁའ་འགྲོ་ཤུགས་འགྲོ་དང་། །ཡེ་ཤེས་ལས་ཀྱི་མ་མོའི་ཚོགས། །ཁྲི་འབུམ་བྱེ་བ་ས་ཡ་རྣམས། །དར་གྱི་ཅོད་པན་པུ་རུ་རུ། །སིལ་སྙན་མང་པོ་སི་ལི་ལི། །རོལ་མོ་མང་པོ་ཏི་རི་རི། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །ཌཱ་རུ་གར་ཐབས་ཤིགས་སེ་ཤིག །ཞལ་ནས་སྔགས་སྒྲ་དི་རི་རི། །ཕཊ་དང་ཕོ་སྒྲ་འུ་རུ་རུ། །ཆ་ལུགས་རྣམ་པ་སྣ་ཚོགས་ཀྱིས། །ཕྲིན་ལས་རྣམ་བཞི་


CMR018_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་བསྒྲུབ། །བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མཁའ་འགྲོའི་དངོས་གྲུབ་མ་གཡེལ་ཅིག །དམ་ཅན་མཐུ་སྟོབས་མི་ཆུང་ཞིག །བརྒྱན་པའི་གཏོར་མ་འདི་བཞེས་ལ། །འདོད་པའི་དོན་ལ་གསོལ་འདེབས་ཀྱི། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དགོངས་གསོལ་བཞེས་འབོད་ནི། དེ་ནས་ཟོར་ཆེན་ཐོགས་ལ། ༈ ཧོ་དགོངས་སུ་གསོལ་ལོ། །ཉི་མ་ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས། རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས། དཔལ་ཡེ་ཤེས་ཀྱི་ཌཱཀི་དྲག་མོ་སེང་གེའི་གདོང་པ་ཅན། སྐུ་སྤྲུལ་སྟག་གི་གདོང་པ་ཅན། གསུང་སྤྲུལ་དོམ་གྱི་གདོང་པ་ཅན། རིགས་བཞིའི་ཌཱཀི་སེང་གདོང་མ། དམ་ཚིག་དང་འཇིག་རྟེན་གྱི་ཌཱཀི་སེང་གདོང་མ། སྣ་ཚོགས་ཐམས་ཅད་ཌཀི་སེང་གདོང་མ། སྒོ་མ་གདོང་ཅན་བཞི། འཇིག་རྟེན་ཕྲ་མེན་གྱི་ཊཱཀི་ང སེང་གེའི་གདོང་པ་ཅན་བཅུ་བཞི། རི་རབ་སུམ་ཅུ་སོ་གཉིས་ཀྱི་རྡུལ་དང་མཉམ་པའི་ཏྟཀི་མ། བཀའ་སྡོད་སྲིད་པའི་མ་མོ་བྱེ་བ་འབུམ་སྡེ། ཤ་ལ་དགའ་ཞིང་ཁྲག་ལ་རྔམ་པ།


CMR018_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་ལ་དགའ་ཞིང་སྲོག་ལ་རྔམ་པ། སྲིད་པ་གསུམ་གྱི་སྲོག་དང་དབུགས་ཀྱི་བདག་མོ་ཁྱེད་རྣམས་ཀྱིས། གནམ་ས་ཙམ་གྱི་ཞལ་གདངས། གངས་རི་ཙམ་གྱི་མཆེ་བ་གཙིགས། །གློག་དམར་ཙམ་གྱི་ལྗགས་བརྐྱངས་ལ། སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ། དོ་བསྡོ་ཞིང་འགྲས་ཚོལ་བ། རྣལ་འབྱོར་པ་བདག་གི་སྒོས་དགྲ། གནོད་ཅིང་འཚེ་བའི་གདོན་བབ་དེགས། བསམ་ངན་འཆང་བའི་བྱད་མ། ཡ་བོ་བཟུང་བ། མཐུ་བུ་ལོན་བཞིན་དུ་བསྙག་པ། དགྲ་ཡ་དང་གྱོད་ཡ་བྱེད་པ། འཛིང་ཡ་དང་འཁོན་ཡ་བྱེད་པ། །ཚེའགྲས་ཡ་དང་རྩོད་ཡ་བྱས་པ། ཁ་འོ་མ་ལས་འཇམ་པ། སྙིང་ཚེར་མ་ལས་རྩུབ་པ། སྲུང་བའི་ལེ་གུ་ལྷ་ལོག །བཅོས་པའི་ནད་པ་སོས་ལོག །བསླབ་པའི་སློབ་བུ་དམ་ལོག །བཞག་པའི་བྲན་འཁོར་སྙིང་རིང་། རུས་ཀྱི་ཕ་ཚན་རྒྱབ་ལོག །གཏམ་པའི་ཤག་རོགས་མནའ་ཟན། འགྲུལ་བའི་མཛའ་རོགས་སྙིང་རིང་། དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ། ངོ་ལོག་རྒྱབ་གཏད་བྱེད་པ། ངོས་བསྟོད་ལྐོག་སྨད་བྱས་པ། བཀའ་ལ་འཁུ་བ། དམ་ལ་ལོག་པ། གཟུགས་ལིང་ག་ལ་བྲིས་པ། བླ་འཁོར་ལོ་ལ་བསྐོར་


CMR018_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བ། མིང་བྱང་བུ་ལ་བཏབ་པ། དམ་ཉམས་ཡིད་ལ་མནག་པའི་དགྲ་བོ་འདི་རྣམས་ཀྱི་བླ་ཚེ་སྲོག་དབུགས་ཁ་རྗེ་དབང་ཐང་དང་བཅས་པ། ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་འགྱང་བར། དྲག་པོ་ཐུན་གྱི་གཏོར་མ་འདི་དང་མཉམ་དུ་ད་ལྟ་ཉིད་དུ་བཞེས་ཤིག །ཕཊ༔ཡ༔ར༔མ༔ས༔ར༔ད༔ཤ༔ར༔མ༔ས༔ཀ༔ས༔ ཞེས་བརྗོད་ཅིང་འཕང་། མདུན་དུ་བྲུབ་ཁུང་མེ་རླུང་མཚོན་ཆ་འཁྲུགས་པའི་ནང་དུ་དགྲ་བགེགས་དམིགས་བྱ་དངོས་སུ་བསམ་ལ། གཏོར་ཟོར་དུག་ལྕགས་ཁྲོ་ཆུ་ཁོལ་མ་ལས་གྲུབ་པའི་མཚོན་ཆའི་ཕུང་པོར་དམིགས་ལ་བརྒྱབ་པས་རྡུལ་དུ་བརླག །རྣམ་ཤེས་ཧཱུྃ་དུ་གྱུར་པས་མཁའ་སྤྱོད་དུ་འཕང་བར་དམིགས་ལ་འཕང་། ༈ །དེ་ནས་གཏོར་གཞོང་སྣ་ཚོགས་རྡོ་རྗེ་རི་རབ་དང་བཅས་པའི་འོག་ཏུ། དམ་སྲི་མནན་པས་བསྐལ་པ་འབུམ་ཕྲག་བརྒྱར་ཐར་བ་མེད་པར་བསམ་ལ། ཧཱུྃ་བྷྱོ༔ གཅེར་བུ་ཁྲོས་ནག་སེང་གདོང་མ། །ཕྱག་མཚན་གྲི་གུག་ཐོད་ཁྲག་དང་། །ཁ་ཊཾ་ལྕགས་ཀྱུས་བརྒྱན་པ་བསྣམས། །ལྕགས་རལ་གསེབ་ནས་ཕུར་ཆེར་འབེབས། །རང་འདྲ་མཁའ་འགྲོ་བརྒྱད་དང་བཅས། །ཀུན་ཀྱང་བྲོ་རྡུང་ཁྲིགས་སེ་ཁྲིག །དམ་སྲི་ཐལ་བ་རྡུལ་དུ་རློགས། །རི་རབ་གླིང་བཞིའི་འོག་ཏུ་ནོན། །འགྱུར་བ་མེད་པའི་རྒྱས་བཏབ་བོ། །


CMR018_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ཡ༔ར༔མ༔ས༔ར༔ད༔ཤ༔ཙ༔ར༔མ༔ས༔ཀ༔ས༔ ཤ་ཏྲི་ཛཱནཾ་ཏྲི་ཁུག དགྲ་བགེགས་འབྱུང་པོའི་སེམས་དང་བག་ཆགས་ངན་པ་མཱ་ར་ཡ་ནན། ཛཾ་བྷ་ཡ་ནན། ཧཱུཾ་བྷ་ཡ་ནན༔ དེ་ནས་ནང་དུ་ལོག་ལ་ཚེ་འགུགས་ནི། ཧཱུཾ་བྷྱོ༔ རྡོ་ར་མེ་རི་དམར་ཆེན་མཚོ། །ཆོས་འབྱུང་པད་ཉིར་ལྕགས་ཀྱུ་དང་། །ཧཱུྃ་ལས་བྱུང་བའི་ལྷ་མོ་ནི། །དམར་མོ་སེང་གེའི་གདོང་པ་ཅན་། །ཕྱོགས་བཞིར་རིགས་ཀྱི་ཌཱཀི་བཞི། །དཀར་སེར་དམར་ལྗང་སེང་གེའི་གདོང་། །རིན་ཆེན་རལ་པའི་སྐྲ་གསེབ་ནས། །མེ་སྟག་ཕུར་བུའི་ཚྭ་ཚྭ་འཕྲོ། །དུར་ཁྲོད་ཆས་ལྡན་མེ་དཔུང་དབུས། །ཀུན་ཀྱང་གར་སྟབས་ཁ་ཊཾ་བརྟེན། །ཕྱག་གཡས་ལྕགས་ཀྱུ་སེང་ཞལ་ཅན། །ཚེ་སྲོག་ཡར་བ་བཀུག་ཏུ་གསོལ། །ཕྱག་གཡོན་ཚེ་ཡི་བུམ་པ་འཛིན། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །སྐྱེ་འཆི་མེད་པའི་རྒྱས་ཐོབ་ཅིག །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ མ་མ་ཨཱ་ཡུ་ཛྷ་ན་སིདྡྷི་ཧཱུྃ། པདྨ་ཌཀི་སེང་ཧ་མུ་ཁ་ཨཱ་ཡུཛྙཱ་ན་སིདྡྷི་ཕ་ལ་ཡཱ་ཧོ། ཞེས་ཚེ་རིལ་དང་ཚེ་ཆང་ལ་རོལ། ཧཱུྃ་བྷྱོ༔ མེ་རི་མཚོན་ཆ་རྡོ་རྗེའི་གུར། །དུར་ཁྲོད་བརྒྱད་པོ་ཕྱི་དང་ནང་། །རིན་ཆེན་གཞལ་ཡས་གཉིས་རིམ་དབུས། །


CMR018_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་ཁ་སྦྱོར་པདྨའི་ལྟེར། །ཆོས་འབྱུང་པད་ཉི་ནོར་ལྷའི་གདན། །ཕོ་བྲང་འབར་བའི་བཀྲ་ཤིས་ཤོག །ཧཱུྃ། དམར་སེར་བསིལ་བྱེད་རྒྱལ་མཚན་ལས། །སེང་གདོང་དམར་མོ་སེང་ཞལ་སེར། །བསིལ་བྱེད་རྒྱལ་མཚན་ལྷུང་བཟེད་བསྣམས། །བྱེ་བའི་སྤྱན་མངའ་ཕྱེད་སྐྱིལ་བཞུགས། །ཏི་རའི་རྒྱལ་མཚན་པོ་ཏི་མཚན། །དབང་སྡུད་ཊཱཀིའི་བཀྲ་ཤིས་ཤོག །ཤར་ནས་སྔོ་ནག་སེང་ཞལ་སེར། །བསེ་ཁྲབ་རྨོག་ཞུ་བསེ་ཕུབ་བསྣམས། །རལ་གྲི་མདའ་གཞུ་བ་དན་བསྣམས། །གཡུལ་རྒྱལ་ཀིའི་བཀྲ་ཤིས་ཤོག །ལྷོ་ནས་སེར་ནག་སེང་ཞལ་སེར། །གྲུ་མཚོན་ནད་ཀྱི་ཕོར་པ་བསྣམས། །ཞིང་གི་རྒྱལ་མཚན་མཆན་དུ་སྒྲེང་། །དཔལ་བསྐྱེད་ཊཱཀིའི་བཀྲ་ཤིས་ཤོག །ནུབ་ནས་དམར་ནག་སེང་ཞལ་དམར། །མྱོས་བྱེད་རྫས་དང་ཞགས་པ་བསྣམས། །བདུད་ཀྱི་ཁྲམ་ཤིང་ནམ་མཁར་ཕྱར། །སྲིད་གསུམ་དབང་སྡུད་བཀྲ་ཤིས་ཤོག། །བྱང་ནས་ལྗང་ནག་སེང་གདོང་མ། །ཅང་ཏེལ་ཁྲོལ་ཞིང་དུང་ཆེན་འབུད། །བདུད་ཀྱི་ཁྲམ་ཤིང་དྲག་ཏུ་གཡུག །སྡེ་བརྒྱད་དབང་སྡུད་བཀྲ་ཤིས་ཤོག །ཀུན་ཀྱང་རིན་ཆེན་སྐྲ་གསེབ་ནས། །


CMR018_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མཁའ་འགྲོ་གྲངས་མེད་འགྱེད། །སྒོ་སྲུང་སེང་གདོང་མཆེད་བཞི་སོགས། །འཁོར་དང་བཅས་པའི་བཀྲ་ཤིས་ཤོག །ཁམས་གསུམ་དབང་སྡུད་བཀྲ་ཤིས་ཤོག །སྲིད་གསུམ་ཟིལ་གནོན་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་ཚོགས་བཀྲ་ཤིས་ཤོག །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ ཚྭ་ཧཱུཾ་ཧ་རི་ནི་ས་སི་ན་ར་མ་ཁུག་ཁུག་ཛཛཿ ཞེས་མེ་ཏོག་འཐོར་རོ། །ཨོཾ་བཛྲ་ཌཱ་ཀི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་ཨརྒྱུ་སོགས་དང་། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། སོགས་དང་། མ་འབྱོར་པ་དང་ཉམས་པ་དང་། སོགས་ནས་ཡིག་བརྒྱ་བརྗོད། །ཨཱོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། དེ་ནས་ཡང་མཐའ་ནས་དབུས་སུ་ཡལ་ཏེ་མི་དམིགས་པ་བྱས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས། །བདུད་བཞིའི་ལས་ལས་རྒྱལ་གྱུར་ཅིག །ཞེས་བསྔོ་བས་རྒྱས་བཏབ་བོ། །ཞེས་པ་འདི་ནི་བ་རི་ལུགས་


CMR018_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏོར་མ་ལ་བརྟེན་ནས་བཟློག་པ་དང་། རྫས་གཅིག་གི་སྦྱིན་སྲེག་གཉིས་ཕྱོགས་མཐུན་དུ་གསུངས་པ་དང་། སངས་རྒྱས་གླིང་པའི་ལུགས་ཀྱི་གཏོར་སྒྲུབ་དང་། མཁའ་འགྲོ་མ་ལྕགས་ཀྱི་སྨེ་བ་ཅན་ནས་རྒྱལ་ཚབ་གོང་མ་ལ་བརྒྱུད་པའི་མན་ངག །གཏོར་མ་ལ་བརྟེན་ནས་བསད་བཟློག་བྱ་ཐབས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེས་རྟོགས་ལྡན་སངས་རྒྱས་མགོན་པོ་ལ་གསུངས་པའི་མན་ངག་སྙན་དུ་བརྒྱུད་པ་ཉེ་ཕྱིར་འཇམ་དབྱངས་པདྨ་གར་དབང་པས་ཡི་གེར་བཀོད་པའི། ལྷ་བཅུ་གསུམ་མའི་བསྐང་མདོས་བཟློག་པ་ཕྱོགས་གཅིག་ཏུ་གསུངས་པ་ནི་ཤིན་ཏུ་རྒྱས་པ། བསྒྲལ་ལས་བསྟབ་པ་གཏོར་འབུལ་དང་བཅས་པ་དང་། ནང་སྒྲུབ་སེང་གདོང་དམར་མོའི་བསྐང་བ་ཟློག་པ་བསྐུལ་དང་བཅས་པ་རྒྱས་པ་དང་། སེང་གདོང་མ་ལྷ་ལྔའི་བསྐང་ཟློག་བསྐུལ་དང་བཅས་པ་དང་། སེང་གདོང་གཅེར་བུ་ཁྲོས་ནག་གཙོ་རྐྱང་དང་། ལྷ་དགུའི་བསྐང་བ་གཏོར་སྒྲུབ་ཟློག་པ། བསྐུལ་པ་དང་ཟོར་ལས་དང་བཅས་པ། གཏོར་ཟོར་དང་བཅས་པ་དང་། གསང་སྒྲུབ་ཞལ་གསུམ་ཕྱག་དྲུག་ཕུར་ཞལ་ཅན་ལྷ་ལྔའི་བསྐང་བ་ཟློག་པ་སྐུལ་དང་བཅས་པ་དང་། ཕྲ་མེན་སེང་གདོང་གཟའ་འདུལ་རྒྱལ་མོའི་མདོས་ཐབས་དང་བཅའ་ཐབས་ལ་སོགས་པ་ཐམས་ཅད་ཀྱི་རྗེས་སུ་འབྲང་སྟེ། བསྐང་བ་དང་ཟློག་པ་སྦྲགས་མ་འདི་ལེགས་པར་སྦྱར་བ་ཡིན་ཏེ། འདི་ནི་སེང་གདོང་མའི་བསྙེན་སྒྲུབ་ལས་སྦྱོར་དུས་སུ་འཁུ་ལྡོག་བྱུང་ངམ། གཞན་ཡང་རང་གཞན་གྱི་རྐྱེན་དང་བར་ཆད་ཐམས་ཅད་བཟློག་པའི་ཕྱིར་དུ་འདི་དག་ལ་བརྩོན་པར


CMR018_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདི་ལ་བརྟེན་ནས་བསད་ལས་བྱ་ཐབས་ཤིན་ཏུ་ཟབ་པ་ཞིག་ཡོད་པ་ཐུགས་ལ་གབ་བོ། །འདི་ལ་རྡོ་རྗེའི་གོ་མཚོན་ནས། བདག་གིས་བྱས་པའི་སྲུང་འཁོར་རམ། རྒྱལ་དབང་དགུ་པས་མཛད་པའི་མངོན་རྟོགས་སོགས། མདོར་ན་སེང་གདོང་གཙོ་རྐྱང་ལྷན་ཅིག་སྐྱེས་མའི་མངོན་རྟོགས་གང་རུང་ཞིག་གིས་བདག་བསྐྱེད་བྱས་ནས། མདུན་བསྐྱེད་ལྷ་མང་འདི་བཞིན་དུ་བསྒོམ་པར་བྱའོ། །ཡང་མཁའ་འགྲོའི་གཏོར་ཟློག་ལས་ཚོགས་ཁ་བསྒྱུར་བདུན་མ་དང་བཅས་པ་འདི་ནི་ཕག་ཁྲོས་སེང་གསུམ་སྤྱིའི་ཟློག་གཞུང་ཡིན་ཏེ། ཉང་གི་གཏེར་མའི་ཁྲོས་མའི་ཟློག་གཞུང་ཡང་འདི་རང་ཡིན་ཅིང་། འདིའི་ཁ་བསྒྱུར་སྔགས་ལ་ཡང་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་འབྱུང་བའི་ཕྱིར་དང་། སེང་གདོང་མ་ཡང་ཡིན་ཏེ། ཁ་བསྒྱུར་སྔགས་ལ་ཡི་གེ་བཅུ་བཞི་པ་འདི་ཉིད་གསལ་བར་གསུངས་པའི་ཕྱིར་ཏེ། ཚིག་ཅུང་ཟད་བསྒྱུར་འོས་རྣམས་བསྒྱུར་ཤེས་པར་བྱ་ཞིང་། མཁའ་འགྲོའི་གཏོར་ཟློག་འདི་ནི་གཉན་པས་རང་དོན་མ་གཏོགས་གཞན་གྱི་དོན་དུ་བཅའ་མི་རུང་ངོ་། །བསྐང་ཟློག་སྦྲགས་མ་འདི་ནི་གཞན་དོན་དུ་རུང་སྟེ། སྐབས་དང་བསྟུན་ནོ། །ཨེ་མ་ཧོ། ཡེ་ཤེས་ཌཱཀི་དྲག་མོ་སེང་གདོང་མ། །ཟློག་པ་ཀུན་གྱི་མཆོག་ཏུ་ཡོངས་གྲགས་ཀྱང་། །འདི་ཡི་ཟློག་པའི་ཕྱག་ལེན་དེང་སང་དཀོན། །དེ་ཕྱིར་བསྐང་ཟློག་སྦྲགས་མའི་མདོར་བསྡུས་འདི། །རང་དང་གཞན་ལ་ཕན་པའི་སེམས་ཀྱིས་བཀོད། །འདི་བྲིས་འགལ་འཁྲུལ་ཉེས་སྐྱོན་གང་མཆིས་པ། །ཡེ་ཤེས་ལས་དང་འཇིག་རྟེན་ཌཱཀྐིའི་ཚོགས། །ཆོས་བདག་སྲུང་མ་


CMR018_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་ལ་བཤགས། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས། །འདི་ཉིད་མཐོང་ཐོས་ཉམས་སུ་ལེན་པ་དང་། །འདི་ལ་འབྲེལ་ཐོགས་སྦྱིན་བདག་བཅས་པ་རྣམས། །ཚེ་འདིར་བར་ཆད་ཀུན་ཞི་ཚེ་བསོད་རྒྱས། །ནམ་ཞིག་འཕོས་ཚེ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །སྣ་ཚོགས་མཆོད་པས་དེ་ཡི་སྔོན་བསུ་ཞིང་། །འཇའ་འོད་ས་གཡོས་མེ་ཏོག་ཆར་འབེབས་ཤིང་། །མཁའ་སྤྱོད་བདེ་ཆེན་ཞིང་དེར་ཁྲིད་བྱེད་ཤོག །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཅིང་། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་པར་ཤོག །ཅེས་གསང་སྔགས་འཆང་བའི་རྣལ་འབྱོར་པ། ། ༧ ཀརྨ་ཨ་རཱ་གས་ལེགས་པར་བཀོད་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཡེ་ཤེས་ཌཱཀི་སེང་གདོང་མའི་བསྐང་བཟློག་སྤྲུག་མའི་གཏོར་མདོས།next