Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་ཡང་ཟློག་ནམ་མཁའི་སྒྱོགས་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་ཡང་ཟློག་ནམ་མཁའི་སྒྱོགས་ཆེན།next

སེང་གདོང་མའི་ཡང་ཟློག་ནམ་མཁའི་སྒྱོགས་ཆེན།


CMR018_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་ཡང་ཟློག་ནམ་མཁའི་སྒྱོགས་ཆེན་བཞུགས་སོ། བཛྲ་ཊཱཀི་སེང་ཧ་མུ་ཁ་ཡེ་ན་མོ། སེང་གདོང་མའི་ཡང་ཟློག་གི་མན་ངག་ནི། གཟའ་དང་དབང་ཕྱུག་སྡེ་བརྒྱད་རྣམས་ཀྱི་ཐེབས་ཡོད་ཅིང་། ཉི་ནག་དང་མེ་དུད་སོགས་གཟའ་སྐར་རྩུབ་པའི་ནུབ་མོ་སྲོད་ཀྱི་དུས་སུ། ལྕོག་ཙེ་ལྟ་བུའི་སྟེང་དུ་བཞག་པའམ། ཀ་བ་ལ་བཅིང་ཡང་རུང་སྟེ། རབ་སྟོན་པའམ་རྡོ་རྗེ་འཆང་གི་སྐུ་གཅིག །བདུད་འདུལ་བའི་མཆོད་རྟེན་ནམ་པཱུ་རི་གཅིག །མདོའམ་རྒྱུད་ཞལ་ནས་གསུངས་པའི་པོ་ཏི་གཅིག་དང་གསུམ་བཤམ། མེད་ན་མཆོད་རྟེན་སྐུ་གང་རུང་གཅིག་བཤམས་ལ། གོས་མགོ་མཇུག་ལྡོག་ལ་གོན། །ཐུགས་ཀའི་སྔགས་ཕྲེང་གཡོན་དུ་འཁོར་བར་བསམ། རང་སེང་གདོང་མའི་བསྐྱེད་རིམ་བརྟན་པོས། མཐེ་བོང་གསེར་གྱི་སྤུ་གྲི་དང་། མཛུབ་མོ་གསེར་གྱི་གཏན་པའི་བར་དུ། དགྲ་བགེགས་བྱད་མའི་མགོ་རྦད་རྦད་བཅད་པར་དམིགས་ལ། ཕྲེང་བ་ཕྱིར་འདྲེན་ཅིང་མཆོད་རྟེན་ནམ་ལྷ་སྐུ་ལ་བསྐོར་བ་གཡོན་སྐོར་དུ་བྱེད་ཅིང་། ཕྲེང་སྐོར་ཚང་བ་དང་། རང་གི་ཕྱག་གཡས་ནམ་མཁའི་མཐིལ་དུ་ཉི་མ། གཡོན་དུ་སའི་མཐིལ་དུ་ཟླ་བའི་བར་དུ། འོད་ཟེར་གྱིས་གནོད་བྱེད་ཐམས་


CMR018_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྡུས་ནས། གནམ་ས་ཉི་ཟླའི་བར་དུ་བརྡབས་ནས་ཐལ་བ་བུན་བུན་སོང་བར་བསྒོམ། ཤིན་ཏུ་གལ་ཆེ་ན་གོས་གོང་བ་ནས་བཟུང་ལ་ལན་བདུན་བསྟན་ནོ། །དེ་ལྟར་བྱས་པས་རྨིས་ལྟས་སུ་བུད་མེད་མང་པོ་འདུ་བ་དང་། བུད་མེད་མང་པོས་རང་ལ་ཞུ་བ་བྱེད་པ་འོང་། ཟླ་བ་མི་འགྱང་བར་དགྲ་འཆིའོ། །འདི་བས་ཟབ་པའི་བཟློག་པ་བོད་དུ་འགྱུར་བ་མེད་གསུངས་། ཡང་བུད་མེད་ཀྱིས་དགྲ་ཕྱོགས་སུ་གཏད་ནས་ངུ་བ་རྒོད་པ་བྲང་རྡུང་བ། ཐལ་མོ་རྡེབ་པ་ཟོར་འཕེན་པ། གཡབ་མོ་རྡེབ་པ་ཁྲག་གཏོར་བ་ཆུ་འདེབས་པ་སོགས་འབྱུང་ཚུངོ་། །འདི་བྱེད་དུས་དམར་གཏོར་སེང་གདོང་མ་ལ་འབུལ་བ་གལ་ཆེའོ། །བསྐོར་བའི་གྲངས་ནི་ལྔ་བདུན་བཅུ་བཞི་སོགས་ཡིན་ནོ། །འདི་ཤིན་ཏུ་ནས་ཀྱང་གཉན་པས་མི་རུང་ངོ་། །ཡང་ཁ་ཆད་སྤར་བའི་མཐུ་འདྲེན་ཡོད་ན་རྟགས་མ་བྱུང་བར་དུ་རྒྱུན་དུ་བྱ། རྟོགས་བྱུང་ནས་འཕྲོ་བཅད་དོ། །འདི་ནི་བྱད་ཁ་ནད་གདོན་གང་ཡང་ཟློག་པའི་མཆོག་ཡིན་ནོ། །སྔགས་ནི་ཡི་གེ་བཅུ་བཞི་པ་ཉིད་ཡིན་ནོ། །བྱེད་ཁའམ་ནད་གདོན་གང་ཟློག་དམིགས་པ་ཁ་བསྒྱུར་བས་འཐུས་སོ། །འདི་ལ་ཞལ་ཤེས་གཅིག་ཡོད་དོ། །འདི་བྲིས་ཉེས་པ་ཌཱཀིའི་


CMR018_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་བཤགས། །དགེ་བས་བདག་དང་སློབ་མ་བརྒྱུད་པར་བཅས། །བར་ཆད་བདུད་ལས་རྣམ་པར་རྒྱལ་བར་ཤོག །འདི་ནི་བཀའ་རྒྱ་དམ་པས་མང་དུ་སྤེལ་ན་ཌཀིའི་ཆད་པ་འོང་ངོ་། །སྔགས་འཆང་ཨ་རཱ་གས་ལེགས་པར་བཀོད་པ་ཨཱི་ས་མ་ཡ། རྒྱ། མངྒ་ལཾ་བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསེང་གདོང་མའི་ཡང་ཟློག་ནམ་མཁའི་སྒྱོགས་ཆེན།next