Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ཌཱཀི་སེང་གདོང་མའི་རྩང་བསྟོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་ཌཱཀི་སེང་གདོང་མའི་རྩང་བསྟོད།next

ཡེ་ཤེས་ཌཱཀི་སེང་གདོང་མའི་རྩང་བསྟོད།


CMR018_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཌཱཀི་སེང་གདོང་མའི་རྩང་བསྟོད་བཞུགས་པའི་དབུ་ཕྱོགས་ལགས་སོ། །ཧཱུྃ་བྷྱོ༔ སྣང་སྲིད་དབང་བསྒྱུར་ཌཱཀི་མ། །ཟློག་སྒྱུར་བྱེད་པའི་བདག་མོ་ཡིན། །ཉོན་ཅིག་སྣང་སྲིད་ལྷ་འདྲེ་ཉོན། །བྷྱོ༔ དྲག་པོ་རྩང་དང་ཕུར་པའི་ལྷ། །སྲིད་པ་ལས་ཀྱི་མདོས་བཤམས་ན། །ཐ་མ་ལྕགས་རི་མུ་ཁྱུད་ལ། །དྲག་པོ་ལས་ཀྱི་རྩང་ཕུར་བཙུགས། །ཞེ་སྡང་མཚོན་ཆར་བྱིན་གྱིས་བརླབས། །རྩང་སྟོད་མེ་འབར་ལྷབས་སེ་ལྷབ། །བཙན་གྱི་དམག་འགྱེད་ཤ་ར་ར། །རྩང་སྨད་མུན་ནག་ཐིབས་སེ་ཐིབ། །བདུད་དམག་བྲོ་རྡུང་ཁྲིགས་སེ་ཁྲིག །བདུད་བཙན་དམག་སྣ་དགྲ་ལ་འགྱེད། །སྐེད་པ་རྒྱ་མདུད་ཁོང་གསེང་ན། །ཁྲོས་པའི་འབྲུག་སྒྲ་འུ་རུ་རུ། །ལས་ཀྱི་རྩང་ཕུར་གཤེགས་སུ་གསོལ། །ཞེ་སྡང་རྩང་ཕུར་ཟུར་གསུམ་ལ། །ཛདང་བྷྱོཡི་ཡི་གེ་བྲིས། །གྲུ་གསུམ་མཐིང་ནག་ལྕགས་རི་ལ། །རྣལ་འབྱོར་སྔགས་འཆང་ལས་གྲུབ་པའི། །སྤྲུལ་པའི་ཕོ་ཉར་བྱིན་གྱིས་བརླབས། །ཁྲོ་མོ་ཆེན་པོ་ཡང་དག་པའི། །མཚོན་གྱིས་སྤྲུལ་པའི་ཕྱག་རྒྱ་གསལ། །གདུག་པ་འདུལ་ཕྱིར་དབལ་དང་ལྡན། །རྩེ་མོ་ཆོས་ཉིད་དབྱིངས་སུ་


CMR018_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱོ། །རྩ་བ་དུག་གསུམ་གནས་སུ་ཐུག །རྐེད་པར་ཕོ་ཉ་ལས་ལ་འགྱེད། །རྩེ་མོར་གྲི་ཁྲག་དམར་པོ་བྱུགས། །བསྐལ་པའི་མེ་འབར་ལྷབས་སེ་ལྷབ། །རྩ་བར་དུར་ཁྲོད་སོལ་བས་བྱུགས། །འཇིགས་པའི་མུན་ནག་ཐིབས་སེ་ཐིབ། །དེ་འདྲའི་རྩང་ཕུར་བཞེངས་སུ་གསོལ། །ཡར་གྱི་རྩེ་མོ་ལྷ་ཡི་གནས་སུ་འཕྱོ། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་པ་དང་། །ལྷ་མ་ཡིན་གྱི་ཆོ་འཕྲུལ་བཟློག་ཏུ་གསོལ། །མར་གྱི་རྩེ་མོ་དུར་ཁྲོད་གནས་སུ་ཟུག །དུར་ཁྲོད་ཤ་ཟའི་གནོད་པ་གཏོང་བ་དང་། །ནད་སྣ་ཡམས་སྣ་དལ་སྣ་བཟློག་ཏུ་བྷྱོ།གསོལ། །མནག་པའི་དགྲ་བོ་མི་ནོར་ལ། །ཡུལ་མཁར་རྨིང་ལ་རྩང་ཕུར་ཡ། །སྒོ་ཡི་ནོར་ལ་རྩང་ཕུར་ཡ། །མཚན་གྱི་བུ་ལ་རྩང་ཕུར་ཡ། །དམ་ཉམས་དགྲ་བགེགས་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ས༔ར༔ས༔མ༔ཙ༔ཨ༔ར༔ད༔ཡ༔ཀ༔མ༔ཕཊ༔ ཅེས་རཱ་ག་ཨ་སྱས་སྦྱར་བའོ།། །།


previousཡེ་ཤེས་ཌཱཀི་སེང་གདོང་མའི་རྩང་བསྟོད།next