Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མཁའ་འགྲོ་སེང་ཧ་མུ་ཁའི་དྲག་པོ་རྩང་གི་ཟློག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མཁའ་འགྲོ་སེང་ཧ་མུ་ཁའི་དྲག་པོ་རྩང་གི་ཟློག་པ།next

ཡེ་ཤེས་མཁའ་འགྲོ་སེང་ཧ་མུ་ཁའི་དྲག་པོ་རྩང་གི་ཟློག་པ།


CMR018_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོ་སེང་ཧ་མུ་ཁའི་དྲག་པོ་རྩང་གི་ཟློག་པ་བཞུགས་སོ།།


CMR018_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གེའི་གདོང་ཅན་གཏོར་ཆེན་གྱི། །ཕྱི་རིམ་ལྕགས་རིའི་དཀྱིལ་འཁོར་མུ་རན་ལ། །དངུལ་ལམ་དཀར་པོའི་ཤིང་ལས་བྱས་པ་ཡི། །ཤར་ཕྱོགས་ཞི་བའི་ལས་མཛད་རྩང་ཕུར་བདུན། །ཞི་བའི་རྩང་བཙུགས་ཟླུམ་པོ་ཨ་ལོང་རིས། །ཡར་གྱི་རྩེ་ལ་དུང་སེང་རལ་པ་སྤྲུགས། །མར་གྱི་རྩེ་ལ་ཆུ་སྲིན་མཆེ་བ་གཙིགས། །སྐེད་པ་རྒྱ་མདུད་ཟླུམ་པོ་གཞལ་ཡས་ཁང་། །ཞི་བའི་ལས་མཛད་ཤར་གྱི་མ་བདུན་གནས། །ནད་གདོན་བརྒྱད་སོགས་འཇིགས་པ་ཞི་བ་དང་། །ཤར་གྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། །གསེར་རམ་


CMR018_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཤིང་ལས་བྱས་པ་ཡི། །རྒྱས་པའི་ལས་མཛད་ལྷོ་ཡི་རྩང་ཕུར་བདུན། །རྒྱས་པའི་རྩང་བཙུགས་གྲུ་བཞི་མིག་མང་རིས། །ཡར་གྱི་རྩེ་ལ་རྒྱུ་སྟག་འཛུམ་དྲུག་རྒྱས། །མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཙིགས། །སྐེད་པ་རྒྱ་མདུད་གྲུ་བཞི་གཞལ་ཡས་ཁང་། །རྒྱས་པའི་ལས་མཛད་ལྷོ་ཡི་སྲིང་བདུན་བཞུགས། །ཚེ་བསོད་འབྱོར་པ་དྲུག་པོ་རྒྱས་པ་དང་། །ལྷོ་ཡི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། །ཟངས་སམ་དབང་གི་ཤིང་ལས་བྱས་པ་ཡི། །དབང་གི་ལས་མཛད་ནུབ་ཀྱི་རྩང་ཕུར་བདུན། །དབང་གི་རྩང་བཙུགས་ཟླ་ཕྱེད་ཟླ་


CMR018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གམ་རིས། །ཡར་གྱི་རྩེ་ལ་གཟིག་ཆེན་ཐིག་ལེ་བཀྲ། །མར་གྱི་རྩེ་ལ་དོམ་ནག་མཆེ་བ་གཙིགས། །སྐེད་པ་རྒྱ་མདུད་ཟླ་གམ་གཞལ་ཡས་ཁང་། །དབང་གི་ལས་མཛད་ནུབ་ཀྱི་མཛའ་བདུན་གནས། །སྣང་སྲིད་མ་ལུས་དབང་དུ་བསྡུ་བ་དང་། །ནུབ་ཀྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། །ལྕགས་སམ་དྲག་པོའི་ཤིང་ལས་བྱས་པ་ཡི། །དྲག་པོའི་ལས་མཛད་བྱང་གི་རྩང་ཕུར་བདུན། །དྲག་པོའི་རྩང་བཙུགས་ཟུར་གསུམ་ཕུར་སོ་རིས། །ཡར་གྱི་རྩེ་ལ་བསེ་ཡི་བྱ་གླག་འཇུམ། །མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་གྲག ། སྐེད་པ་རྒྱ་མདུད་གྲུ་གསུམ་གཞལ་ཡས་ཁང་། །དྲག་པོའི་ལས་མཛད་བྱང་གི་བྲན་བདུན་གནས། །བདུད་བཞིའི་དགྲ་བགེགས་དམ་སྲི་བསྒྲལ་བ་དང་། །བྱང་གི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། ། བྷྱོ༔ དཀྱིལ་འཁོར་མཐའ་སྐྱོང་དབང་མོ་ཉེར་བརྒྱད་ཀྱི། །རྩང་ཕུར་ཉེར་བརྒྱད་འཚུབ་མ་རིས་སུ་བཙུགས། །ཡར་རྩེ་ཟུར་གསུམ་མཁའ་ལ་ཟངས་སེ་ཟང་། །སྟེང་ཕྱོགས་གཟའ་དང་རྒྱུ་སྐར་དབལ་ཟེར་ཟློག །མར་རྩེ་ཟུར་གསུམ་ངན་སོང་སྙིང་ལ་གཟེར། །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་ཟློག །སྐེད་པ་རྒྱ་


CMR018_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་བར་ན་ཁྲིགས་སེ་ཁྲིག །བར་ཕྱོགས་ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག །རྩང་སྟོད་དམར་པོ་མེ་འབར་ལྷབས་སེ་ལྷབ། །དམར་པོ་བཙན་གྱི་རྟ་རྒྱུག་ཤ་ར་ར་། །བཙན་གྱི་གྲི་ཐབས་ཟོར་ཁ་དགྲ་ལ་ཟློག །ཅུང་སྨད་ནག་པོ་མུན་ནག་ཐིབས་སེ་ཐིབ། །ནག་པོ་བདུད་ཀྱི་བྲོ་རྡུང་ཁྲིགས་སེ་ཁྲིག །བདུད་ཀྱི་ཞགས་པ་ཡེ་འདྲོགས་དགྲ་ཟླ་ལ་ཟློག །རྩང་མེད་རྒྱ་མདུད་རྒྱ་གྲམ་ཁྲམ་ཤིང་རིས། །གཤིན་རྗེའི་ཁྲམ་ཐོགས་སྲོག་ལན་ཉེ་རེ་རེ། །འཆི་བདག་གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཟློག །རྩང་ཕུར་སྨད་ནི་སྲིན་མོ་སྤྱི་འགྲོས་སུ་བཙུགས། །སྲིན་མོ་བླ་རྐུན་ཚོགས་ནི་ཞུངས་སེ་ཞུང་། །མ་མོ་མཁའ་འགྲོའི་དལ་ཡམས་དགྲ་ལ་ཟློག །ཆུང་སྐྱེད་དྲྭ་མིག་མཁའ་འགྲོ་དྲྭ་བར་བསྡམས། །དཔའ་བོ་ཌཀིའི་གར་བྱེད་ཁྱུགས་སེ་ཁྱུག །གནས་ཡུལ་མཁའ་འགྲོའི་སུན་མ་དགྲ་ལ་ཟློག །རྩང་རྩེ་ཤ་དང་ལིངྒས་བརྒྱན་པ་ནི། །ཤ་ཟ་ཞིང་སྐྱོང་དལ་ཡམས་དགྲ་ལ་ཟློག །བ་སུ་ཏ་དང་སྔོ་དམར་ཞགས་པས་དཀྲིས། །རྒྱུ་གཟེར་ནད་དང་སྔོ་དམར་དགྲ་ལ་ཟློག །བྷྱོ། །དམར་ནག་རྩེང་གི་ཕུར་པ་ཉི་ཤུ་བརྒྱད། །དྲག་པོའི་རྩང་ཕུར་མདའ་ལ་ཉེ་རིང་མེད། །


CMR018_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྫས་ཡུངས་ཀར་རྦབ་ལ་གྱེན་ཐུར་མེད། །ཕོ་ཉ་བཀའ་སྡོད་ལས་ལ་དཀའ་སླ་མེད། །དྲག་སྔགས་དམིགས་པའི་འབེན་ལ་ཆེ་ཆུང་མེད། །སྡང་བའི་དགྲ་བགེགས་མ་རུངས་བྷ འབྱུང་པོ་རྣམས། །དྲག་པོ་རྩང་གི་ཕུར་པས་རྡུལ་དུ་རློགས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ནི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་བཟླ་ཞིང་ཐལ་མོ་བརྡབ་བོ། །དེ་ནས་མདུན་བསྐྱེད་མཁའ་འགྲོ་མའི་སྐུ་ལས་མཚོན་ཆའི་ཆར་དང་གྲི་གུག་གི་ཆར་བབ་ནས་དགྲ་བགེགས་ཤ་ཁྲག་དམར་ཉི་ལི་ལི་བྱེད་པར་བསམ་ཞིང་ཤ་ཁྲག་རྣམས་མཁའ་འགྲོ་མས་གསོལ་བས་དགྱེས་པར་བསམ། ཉི་ཟླའི་བར་ཆལ་ཆལ་དུ་སོང་བར་བསམ། འབུལ་ཉིན་བར་མདུན་བསྐྱེད་གཏོར་མའི་རྩེར་བཞུགས་པར་དམིགས། སེང་གདོང་མ་འཁོར་བཅས་རྣམས་བདག་གིས་་་མཐའ་མི་གསལ་འདུག


previousཡེ་ཤེས་མཁའ་འགྲོ་སེང་ཧ་མུ་ཁའི་དྲག་པོ་རྩང་གི་ཟློག་པ།next