Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཌཱ་གི་སེང་གེའི་གདོང་པ་ཅན་གྱི་ཡང་ཟློག་གི་ཙཀྲ་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཌཱ་གི་སེང་གེའི་གདོང་པ་ཅན་གྱི་ཡང་ཟློག་གི་ཙཀྲ་ཟབ་མོ།next

ཌཱ་གི་སེང་གེའི་གདོང་པ་ཅན་གྱི་ཡང་ཟློག་གི་ཙཀྲ་ཟབ་མོ།


CMR018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་གི་སེང་གེའི་གདོང་པ་ཅན་གྱི་ཡང་ཟློག་གི་ཙཀྲ་ཟབ་མོ་བཞུགས་སོ།


CMR018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱཀི་ནཱི་སེང་ཧ་མུ་ཁ་ཡེ། མཁའ་འགྲོ་སེང་གེའི་གདོང་ཅན་མ་ལ་ཕྱག་འཚལ་ནས། དེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཙཀྲ་བྲི་ཐབས་གསལ་བར་འདིར་བཀོད་ན། མཁའ་འགྲོ་སེང་གདོང་བཀའ་གནང་བདག་ལ་སྲུངས། །གྲོ་ག་ཤོག་གུ་གང་ཡང་རུང་བ་ལ། རབ་གསེར་འབྲིང་དངུལ་ཐ་མ་ཟངས་མས་བྲིས། མ་རྙེད་ན་མཚལ་ལམ་རྒྱ་སྣག་གིས་བྲིས། དང་པོ་སྐུའི་འཁོར་ལོའི་ལྟེ་བར་ཨོ། དེ་རྒྱབ་རྩིབས་ལྔ་ལ་ཛི་ཧང་ཀ་རི་ནི། ཡིག་འབྲུ་རེ་རེ་བྲི། རྩིབས་མཆན་ལ་ཕཊ་རེ། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཇི་ཝཾ་ཧཾ་ཀ་རི་ཎི་མ་དྷརྨཱ་ཀ་ར་སྱ་ཀ་ཡ་བྱེད་དུ་བཅུག་པ་


CMR018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གྲོལ་བར་གྱུར་ཅིག །བདག་འཆང་བ་པོ་ལ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། ཞེས་བྲིས་སོ། །གསུང་གི་འཁོར་ལོའི་ལྟེ་བར་དེ་རྒྱབ་རྩིབས་ལྔ་ལ། བྷི་ན་ཡ་ཀི་ནི། རྩིབས་མཆན་ལྔ་ལ་ཕཊ༔ དེ་རྒྱབ་མུ་ཁྱུད་ལ་ཨ་བྷི་ན་ཡ་ཀི་ནི་མ་མ་དྷརྨ་ཀ་ར་སྱ་ཝཱཀ་བྱེད་དུ་བཅུག་པ་ཐམས་ཅད་གྲོལ་བར་གྱུར་ཅིག །བདག་ལ་སྲུངས་ཤིག་རཀྵ་རཀྟ་ཡེ་སྭཱ་ཧཱ། ཞེས་བྲིས། ཐུགས་ཀྱི་འཁོར་ལོའི་ལྟེ་བར་ཧཱུྃ། རྩིབས་ལྔ་ལ། ཡ་མ་དྷུ་ཏི་ནི། རྩིབས་མཆན་ལྔ་ལ་ཕཊ༔ མུ་ཁྱུད་ལ་ཧཱུྃ་ཡ་མ་དྷུ་ཏི་ནི་མ་མ་དྷརྨཱ་ཀ་ར་སྱ་ཙིཏྟ་བྱེད་དུ་བཅུག་པ་ཐམས་ཅད་གྲོལ་བར་གྱུར་


CMR018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བདག་ལ་སྲུངས་ཤིག་རཀྵ་རཀྵ། ཞེས་བྲི། སྦས་པ་ཡོན་ཏན་གྱི་འཁོར་ལོའི་ལྟེ་བར་ཧཾ། རྩིབས་ལྔ་ལ། ཨ་ཨི་ཨུ་རི་ལི། རྩིབས་མཆན་ལྔར། ཀ་ཙ་ཏྲ་པ་ཏ་དེ་རྒྱབ་མུ་ཁྱུད་ལ། རྡོ་རྗེ་གཉིས། རིན་ཆེན་གཉིས། པདྨ་གཉིས། རྒྱ་གྲམ་གཉིས། འཁོར་ལོ་གཉིས་རྣམས་བྲིའོ། །ཡང་བཅིངས་པ་གྲོལ་བའི་འཁོར་ལོའི་ལྟེ་བར། ཨོཾ་ཧྲིབཛྲ་སརྦ་ཀརྨ་བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་།ཅེས་གཡས་བསྐོར་དུ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་མ་མ་སརྦ་བྷི་དྷ་བདག་གི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་རཀྵ་རཀྵ། ཞེས་བྲིས། དེ་རྒྱབ་མུ་ཁྱུད་ལ། བདག་གི་ལུས་ངག་ཡིད་གསུམ་ལ་བྷི་རི་ནི་སྭཱ་ཧཱ། ཞེས་བྲིས་སོ། །རྩིབས་བརྒྱད་ལ། ཧཱུྃ་ཨོྃ་བཛྲ་བྷི་དྷ་ཡ་ཧ་ན་ཧཱུྃ་ཙོ ཕཊ༔ ཅེས་བྲིས། དེ་རྒྱབ་མུ་ཁྱུད་ལ་དབྱངས་ཡིག་བཅུ་དྲུག་བྲིས། དེ་རྒྱབ་མུ་ཁྱུད་ལ། ཀཱ་ལི་སོ་བཞི་བྲིའོ། སྐུ་གསུང་ཐུགས་ཀྱི་རྒྱབ་ཐུམ་གྱི་འཁོར་ལོ་ནི། ལྟེ་བར་སེང་གདོང་མའི་སྐུ་ཚོན་གང་ཙམ་བྲི། དེ་རྒྱབ་མུ་ཁྱུད་ལ། ཏ་དུ་ཨོཾ་ཨཱུ བྷི་ན་ཡ་ཀ་མ་ཀ་སེ་ཀ་ཝཱཀྐ་བྱད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །བྲི། དེ་རྒྱབ་མུ་ཁྱུད་ལ། ཧཱུྃ་


CMR018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་དྷུ་ཏི་མ་མ་ཀ་སེ་ཙིཏྟ་བྱེད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །རཀྵ་རཀྟ་སྲུངས་ཤིག །ཅེས་བྲིས། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཇི་ཧཾ་ཀ་ནི་ཀ་སེ་ཀ་ཡ་བྱད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །རཀྟ་རཀྟ་སྲུངས་ཤིག །ཅེས་བྲིས། དེ་རྒྱབ་རྒྱས་པ་བྱེད་ན་རྩིབས་བཅུ་ལ། ༀ་ཛི་ཧཾ་ཀ་ར་ནི་བྱད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །རཀ་རཀྟ་སྲུངས་ཤིག་།ཅེས་རྩིབས་རེ་ལ་ཚར་རེ་བྲི། བསྡུ་ན་རྩིབས་དྲུག་བྱས་ལ་རྩིབས་རེ་ལ་དུ་ཏྲི་རེ་བྲིའོ། རྩིབས་སུ་བྱེད་ཀྱང་། རྩིབས་མཆན་ལ་ཐ་རེ་བྲིའོ། དེ་རྒྱབ་མུ་ཁྱུད་ལ། བྷྱོ་བྷྱོ་བཟློག་བཟློག་མཱ་ར་ཡ་ཕཊ༔ ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ ཅེས་ཚར་གང་མང་དང་རང་གི་ཡི་དམ་སྔགས་དང་འཆང་བ་པོ་ལ་སྲུངས་ཤིག །རཀྵ་རཀྟ་ཞེས་བྲིས། དེ་རྒྱབ་ཕྱོགས་བཞི་མཚམས་བཞིར་རྡོ་རྗེ་བཞི། ཐོད་སྐམ་བཞི། དེ་སྒྲུབ་མེ་རི་བྲིས་ཏེ་དྲུག་ཁའི་མེ་རི་གཡོན་བསྐོར་ཡིན་ནོ། །དེ་རྒྱབ་ཆོས་འབྱུང་བྲིས་ལ་ཟུར་གསུམ་དུ་ཨོ། ལོགས་གསུམ་དུ་ཨཱརེ་བྲིས། ཆོས་འབྱུང་གི་ཟུར་ནས་དབུས་སུ་ཡི་གེ་བཅུ་བཞི་ཐོ་བརྩེགས། ཟུར་ནས་གཡས་གཡོན་དུ་མཐའ་བསྐོར་ལ་ཡི་གེ་བཅུ་


CMR018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཐོ་བརྩེགས། ཆོས་འབྱུང་མུ་རན་ལ། ཐོད་སྐམ་ཁ་ཕྱིར་བསྟན་པའི་ཕྲེང་བ། ཆོས་འབྱུང་རྒྱབ་ཏུ་མེ་རི་བྲིའོ། དེ་ལྟར་འཁོར་ལོ་དྲུག་ཁའི་སྔགས་མགོ་ཐམས་ཅད་ཕྱིར་བསྟན་ཡིན་ནོ། །འཁོར་ལོ་འདིའི་ལྟེ་བ་ནག །རྩིབས་སེར། རྩིབས་མཆན་སྔོ། ཆོས་འབྱུང་གི་ནང་དམར་པོ། སྐུའི་རྩིབས་དང་ལྟེ་བ་དཀར། གསུང་དམར། ཐུགས་མཐིང་། ཡོན་ཏན་སེར། བཅིངས་གྲོལ་འཁོར་ལོ་ལྗང་། གཞན་མཛེས་ཚོན་བྱའོ། །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་བཅིངས་གྲོལ་འཁོར་ལོ་དང་ལྔ་པོ་དེ་ལ་ཆ་གཉིས་རེ་བྲིས་ལ། ཆ་གཅིག་ལ་རྟེན་འབྲེལ་སྙིང་པོ་དང་རང་སྔགས་ཅི་ནུས་བཟླས། ཡི་གེ་བཅུ་བཞི་པ་ཡང་བཟླས་ལ་མེ་ཏོག་འཐོར། དེ་ནས་འཁོར་ལོ་ལྔ་པོ་སོ་སོར་ལྟེབ་ལ། དེའི་རྒྱབ་ནས་འཁོར་ལོ་ཆེ་བས་བཏུམ་ལ་ཅི་བདེར་ལྟེབ་ལ་ལུས་ལ་བཅང་། འདིའི་རབ་གནས་དང་རྫས་ལ་ཚང་དགོས་པ་དང་། གནད་ཅིག་ཞལ་ལས་ཤེས་སོ། །ཨྠྀི། འདིའི་བྲི་ལུགས་འཁྲུགས་པ་བསལ་ནས་བལྟས་ཆོག་ཏུ་བཀོད་པ་ཡིན་ལ། བན་བོན་ནུས་པ་རྡུགས་པས་བསྟན་པ་ལ་གནོད་དོགས་ནས། མན་ངག་གཅིག་ཞལ་ཤེས་སུ་བཞག་པ་ཡིན་ནོ། །འདིའི་ཕན་ཡོན་ནི་རང་ཉིད་བྱད་མས་


CMR018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་དང་། །ཕ་རོལ་ནུས་པ་བཤིགས་པ་དང་། །བྱད་ཟློག་གནམ་ལྕགས་འཁོར་ལོ་དང་། །རྡོ་རྗེའི་མཁར་དུ་ཞུགས་པ་དང་། །སྲུང་ཟློག་གཉིས་ཀྱི་འཁོར་ལོ་དང་། །བསད་པ་གནམ་ལྕགས་འཐབ་པ་ནི། །བྱད་མ་སྲོག་གི་སྤུ་གྲི་སྲུང་ཟློག་གསད་གསུམ་གྱི་མན་ངག །སྲུང་བའི་འཁོར་ལོ་ཞེས་དང་། རང་ལུས་རྡོ་རྗེའི་ལུས་སུ་གྱུར། ཕྱི་པ་ནང་པ་དག་གི་བྱེད། །སླར་ཡང་ཁོ་རང་ཉིད་ལ་ལྡོག །ལག་ལེན་མང་བྱས་ཐེ་ཚོམ་མེད། །བསྟན་ལ་གནོད་ཕྱིར་ཤིན་ཏུ་གསང་། །ཡང་ཟློག་བོད་ལ་མང་ཡོད་ཀྱང་། །འདི་ལས་ཟབ་པ་ཡོད་རེ་ཀན། མང་དུ་སྤེལ་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་དམ་དུ་སྦ། ས་མ་ཡ། རྒྱ་རྒྱ་རྒྱ། ཞེས་དང་། འདིའི་ཡོན་ལ་གསེར་སྲང་གསུམ། འཁོར་ལོ་སྦས་པར་བྱ་ཡང་ཟློག་བྱེད་པ་མང་ཡོད་ཀྱང་། །འདི་ལས་ཟབ་པ་ཡོད་རེ་ཀན། །མང་དུ་སྤེལ་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་དམ་དུ་བྱ། ས་མ་ཡ། རྒྱ་རྒྱ་རྒྱ། ཞེས་གསུངས་སོ། །ཡང་ཟློག་མན་ངག་བལྟས་ཆོག་ཏུ་བྱས་པ་ལ་ཉེས་གྱུར་ཌཱཀིའི་ཚོགས་ལ་བཤགས་ཤིང་དགེ་བས་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་གྱུར་ཅིག །ཅེས་རཱ་ག་ཨ་སྱས་བྲིས་པའོ། །འཁོར་


CMR018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྟེབ་དུས་བཅིངས་པ་གྲོལ་བའི་འཁོར་ལོ་ནང་ངོས་སུ་བཞག །ཡོན་ཏན་ཚུ་གྲུབ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་བར་དུ་བཞག །དེ་རྒྱབ་འཁོར་ལོ་ཆེ་བས་བཏུམ་ལ་ཅི་བདེར་ལྟེབ། འཁོར་ལོ་ལྔ་པོ་སོ་སོར་ལྟེབ་ནས་དེ་རྒྱབ་ཆེ་བས་གཏུམ་མོ། །ཨྠྀི། སེང་གདོང་མའི་འཁོར་ལོ་སྒྲུབ་ཐབས་ནི། དང་པོ་སྐུའི་འཁོར་ལོ་ནི། ༀ་ཛི་ཧཾ་ཀ་ར་ཎི་མ་མ་ཀ་སྤྱི་ཀཱ་ཡ་བྱད་དུ་བཅུག་པ་ཐམས་ཅད་གྲོལ་བར་གྱུར་ཅིག །བདག་འཆང་བ་པོ་ལ་སྲུངས་ཤི པ། །རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཡེ་དྷསྨཱ་སོགས། གསུང་གི་འཁོར་ལོ་ནི། ཨ་བྷ་ན་ཡ་ཀི་ནི་མ་མ་ཀཱ་སྱ་ཝཱཀ་བྱད་དུ་བཅུག་པ་ཐམས་ཅད་གྲོལ་བར་གྱུར་ཅིག །བདག་འཆང་བ་པོ་ལ་སྲུངས་ཤིག །རཀྵ་རཀྵ། ཡེ་དྷམ་སོགས། ཐུགས་ཀྱི་འཁོར་ལོ་ནི། ཧཱུཾ་ཡ་མ་བྷུ་ཏི་ནི་མ་མ་ཀ་སྱ་ཙིཏྟ་བྱད་དུ་བཅུག་པ་ཐམས་ཅད་གྲོལ་བར་གྱུར་ཅིག །བདག་འཆང་བ་པོ་ལ་སྲུངས་ཤིག །རཀྵ་རཀྟ། ཡེ་དྷརྨ་སོགས། ཡོན་ཏན་གྱི་འཁོར་ལོ་ནི། ཧཾ་ཀཱ ཨ་ཨཱི ཨུ་རེ་ལཾ། ཀ་ཙ་ཏྲ་པ་ཏ་བཅིངས་པ་གྲོལ་བའི་འཁོར་ལོ་ནི། ཨོཾ་ཧྲིབཛྲ་ཀརྨ་བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག །ཡེ་དྷརྨ་སོགས། ཨོཾ་མ་མ་སརྦ་བྷི་དྷ་བདག་འཆང་བ་པོའི་


CMR018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་ལ་སྲུངས་ཤིག །རཀྵ་རཀྵ་ཡེ་དྷརྨཱ་སོགས། བདག་འཆང་བ་པོའི་ལུས་ངག་ཡིད་ལ་བྷི་རི་ནི་སྭཱ་ཧཱ། ཨོཾ་བཛྲ་བྷི་ན་ཡ་ཧ་ན་ཧཱུྃ་ཕཊ༔ ཨོཾ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཻ། ཨོཾ་ཨཽ། ཨཾ་ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵ། ཡེ་དྷརྨ་སོགས། སྐུ་གསུང་ཐུགས་ཀྱི་རྒྱབ་ཐུམ་གྱི་འཁོར་ལོ་ནི། ཨོཾ་ཨཱབྷི་ན་ཡ་ཀ་མ་མ་ཀ་སེ་ཀ་ཝཱཀ་བྱད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག ཧཱུཾ་ཡ་མ་དྷ་ཏི་མ་མ་ཀ་མྱ་ཙིཏྟ་བྱེད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །རཀྟ་རཀྟ་སྲུངས་ཤིག །ཡེ་དྷརྨ་སོགས། ཨེ་ཛི་ཧཾ་ཀ་ནི་ཀ་སེ་ཀཱ་ཡ་བྱད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །རཀྵ་རཀྟ་སྲུངས་ཤིག །ཡེ་དྷརྨཱ་སོགས། ཨོཾ་ཇི་ཧཾ་ཀ་རཱ་ནི་བྱད་དུ་བཅུག་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །རཀྵ་རཀྟ་སྲུངས་ཤིག །ཡེ་དྷརྨ་སོགས། བྷྱོ་བྷྱོ་བཟློག་བཟློག་མཱ་ར་ཡ་ཕཊ། ཨཀ༔ས༔མ༔ར༔ཙཤད༔ར༔ས༔མ༔ར༔ཡ༔ཕཊ༔ ཨོཾ་ཨཱཿཧཱུྃ་ཨ་ཙིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ། ཨ་ཧཱུཾ་ཧཱུཾ་ཕཊ། འཆང་


CMR018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བ་པོ་ལ་སྲུངས་ཤིག །རཀྵ་རཀྵ། ཡེ་དྷརྨཱ་སོགས་བརྗོད། སེང་གདོང་མའི་ཡང་ཟློག་གི་བུ་ཡིག་སྤུ་གྲི་འབར་བ་ཞེས་བྱ་བ་སྤྱི། ན་མོ་ཌཱཀི་སེང་ཧ་མུ་ཁ་ཡེ། ཡང་ཟློག་སྤུ་གྲི་འབར་བ་འདི་ཡི་བྱ་ཐབས་ལ། གྲོ་གའམ་ཤོག་གུ་ལ། རྒྱ་སྣག་གིས་བྲིས་ཤིང་ཞུ་དག་བྱས་ལ་ཤིན་ཏུ་དག་པར་བྱ། ཡི་གེ་ལ་བ་དམར་སྐྱའི་མར་བྱུག །མ་རྙེད་ན་བ་གང་རུང་གིས་ཆོག ཨ་རུ་ར་དང་ཐ་སྐར་རྡོ་རྗེ་དུམ་བུ་སྐྲ་རྩེ་ཙམ་རེ་གཏུམས་ལ་འཕྲད་དུ་ལྟེབ་ལ། སྲུང་བ་མཇུག་ནས་ཡར་དྲིལ། གཞན་གཉིས་མགོ་ནས་མར་དྲིལ། དེ་ནས་འདི་ལ་ཟ་ལུགས་ཚེ ནི། དགུན་ཉི་ལོག་གོང་མགོ་ཟླ་བའི། ཚེས་དགུའམ། བཅུའམ། ཉི་ཤུ་དགུ་གང་རུང་ལ་སྔ་དྲོ་སྲུང་བ། ཉིན་ཕྱེད་ཕ་རོལ་ནུས་པ་བཤིག་པ། དགོང་མོ་ཟློག་པའི་ཟ་ཡིག་གསུམ་པོ་གྱུར་མིད་བྱའོ། །དེས་ནི་ལོ་གཅིག་གི་བར་དུ་བྱེད་ཁ་དྲོད་གཏོང་ཐམས་ཅད་ཐུབ། ཁྱད་པར་ཀླུ་གདོན་དང་། མནན་པ་གཏད་ཁྲམ་ཐམས་ཅད་བཟློག་པའི་མཆོག་གོ །སྦེ་ཡང་ལོ་དུས་སུ་བསྐྱར་རོ་ཟབ་བོ། །ཡང་སེང་གདོང་མའི་སྐུ་གསུང་ཐུགས་ཡོན་ཏན་སོགས། འཁོར་ལོ་ལྔ་ཡི་རྒྱབ་ཐུམ་དང་བཅས་པ་རྣམས་བཏགས། འཁོར་ལོ་ལྔ་པོ་ཆ་


CMR018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཞལ་ཤེས་ལྟར་བྱ། དེ་ནས་ལུག་སྨོན་ཟླ་བ་མ་གཏོགས་ཟླ་བ་གང་ཡང་རུང་བའི་ཚེས་དགུའམ། བཅུ་དགུའམ། ཉི་ཤུ་དགུ་ལ་འཁོར་ལོ་དེ་ཕུད་ལ་སྟེགས་ཀྱི་ཁར་བཞག་ལ། ཟ་ཡིག་གསུམ་པོ་མར་གྱིས་བཏུམ་ནས། སྔ་དྲོ་སྲུང་བའི་རྦ་ཡིག་གྱུར་མིད་ནམ་མཁའ་ལ་བལྟ་ཞིང་ཟ། །དེ་ནས་སྲུང་བའི་འཁོར་ལོ་དེ་ལ་གཡས་སྐོར་གསུམ་བྱེད་ནས་བསྐོར་བ་བྱ། སེང་གདོང་ལྷ་མོ་བཅུ་གཉིས་བདག་ལ་སྲུངས་ཤིག་རཀྵ་རཀྵ ཞེས་བརྗོད། ཉིན་ཕྱེད་གཞན་གྱི་ནུས་པ་འཇོམས་པའི་ཟ་ཡིག །ཁ་ལྷོ་ཕྱོགས་རི་རྩེ་ལ་བལྟ་ཞིང་གྱུར་མིད་བྱ། བོན་བསྐོར་གསུམ་བྱའོ། །ཊཱཀི་སེང་གདོང་མ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པས་གནོད་བྱེད་བྱེད་མའི་སྟོབས་ནུས་ཐམས་ཅད་བཤིག་ཏུ་གསོལ། ཕ་རོལ་གྱི་མནན་བཏད་བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཅེས་བརྗོད། དེ་ནས་ཟློག་པའི་ཟ་ཡིག་ཁ་བྱང་དུ་བལྟ་ཞིང་ཟོས་ལ་སྲུང་འཁོར་དེ་ལ་བོན་བསྐོར་གསུམ་བྱས་ལ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་རི་རབ་སོ་གཉིས་ཀྱི་རྡུལ་དང་མཉམ་པའི། ཌཱཀི་མ་རྣམས་ཀྱིས་ཕ་རོལ་གྱི་བྱེད་ཁ་དྲོད་གཏོང་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཕྱིར་ཟློག་ཅིག་སྒྱུར་ཅིག །བྷྱོ་བྷྱོ་


CMR018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་ཟློག །ཅེས་བརྗོད། དེ་ནས་སླར་ཡང་སྲུང་འཁོར་བཏགས་སོ། །འདི་ལྟར་འཁོར་ལོ་དྲུག་པོ་སྦྲགས་ལ་བཏགས་པ་དང་། འཁོར་ལོ་ལྔ་པོ་ཞལ་ཤེས་ལྟར་བྱེད་པ་དང་། ཟ་ཡིག་གསུམ་པོ་ཟོས། རྟེན་འབྲེལ་བསྐོར་བ་བྱ་བ་དང་། འདི་རྣམས་བྱས་ན་བྱད་མ་སྔགས་ནག་སྟོང་དང་འགྲས་ཀྱང་ཉམ་མི་ང་སྟེ། ཅིའི་ཕྱིར་ཞེ་ན། རི་རབ་སོ་གཉིས་ཀྱི་གྲངས་དང་མཉམ་པའི་ཌཱ་ཀི་མ་རྣམས་ནི་རིག་སྔགས་ཐམས་ཅད་ཀྱི་བདག་མོ་ཡིན་ལ། དེ་བསྡུ་ན་མཁའ་འགྲོ་མ་བྱེ་བ་འབུམ་ལ་འདུས། དེ་བསྡུ་ན་ཡི་གེ་བཅུ་བཞིའི་ངོ་བོ་ལྷ་མོ་བཅུ་བཞི་ལ་རྒྱུའདུས། དེ་བསྡུ་ན་སྐུ་གསུང་ཐུགས་ཀྱི་ལྷ་མོ་སྟག་གདོང་མ། དོམ་གདོང་མ། སེང་གདོང་མ་གསུམ་ཡིན། དེ་ལ་དོམ་གདོང་མ་མུ་སྟེགས་ཀྱི་ལྷ་མོ་སྟེ་ནང་པའི་བྱད་བཟློག་པ་ལ་སཾ་རྣོ་སྟག་གདོང་མ་བོན་གྱི་མཁའ་འགྲོ་མ་དེ་བན་གྱི་བྱད་ཁ་བཟློག་པ་ལ་རྣོ། སེང་གདོང་མ་ནི་ནང་པའི་མཁའ་འགྲོ་མ་ཡིན་ཏེ་ཕྱི་པ་དང་བོན་གྱི་བྱད་བཟློག་པ་ལ་རྣོ། དེ་གསུམ་ཡང་སེང་གདོང་མ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་པས། ཕྱི་པ་ནང་པ་བན་བོན་གསར་རྙིང་གང་ལ་ཡང་སེང་གདོང་མ་ལས་ཟབ་པའི་བྱད་ཟློག་གི་གདམས་པ་གཞན་མེད་དོ། །ཡང་


CMR018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་བྱེད་པ་མང་ཡོད་ཀྱང་། །འདི་ལས་ཟབ་པ་ཡོད་རེ་ཀན། །འདི་ཡི་ཡོན་ལ་གསེར་སྲང་གསུམ། །མ་བྱུང་འཁོར་ལོའི་ཞལ་ཤེས་སྦ། །མང་དུ་སྤེལ་ན་མཁའ་འགྲོ་ཡི། །བཀའ་ཆད་འབྱུང་བས་དམ་པར་བྱ། །ཞེས་གསུངས་པས་ཤིན་ཏུ་གསང་ཞིང་སྦ་བར་བྱ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། བན་བོན་གྱི་སྔགས་ཀྱི་ནུས་པ་ཐམས་ཅད་ཁྱད་དུ་གསོད་པར་འགྱུར་བས་བསྟན་པ་ལ་གནོད་པ་ཆེ་བ་དང་། ལྷ་དང་ཆོས་སྐྱོང་ཐམས་ཅད་ཀྱི་སྟོབས་ནུས་འཆིང་བར་འགྱུར་བས་ཉེས་པ་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ལྟར་འཁོར་ལོ་དྲུག་ཝཾ སྦྲགས་བཏགས་པ་དང་གཅིག །འཁོར་ལོ་ལྔ་པོ་ཆ་གཅིག་ཞལ་ཤེས་ལྟར་བྱ་བ་དང་གཉིས། ཟ་ཡིག་རྫས་ལྡན་གསུམ་པོ་རྟེན་འབྲེལ་སྐོར་བ་བྱེད་པ་དང་། འདོད་གསོལ་བྱ་བ་འདི་རྣམས་ནི་བ་རི་ལུགས་དང་རཏྣ་ལུགས་སོགས་ཀྱི་གཞུང་རྣམས་སུ་རགས་རིམ་ཙམ་བསྟན་ཞིང་ཞིབ་ཆ་རྣམས་སྙན་བརྒྱུད་དུ་ཡོད་པ་ལས། ད་ལམ་ཞལ་ཤེས་གཅིག་མ་གཏོགས་གསལ་བར་བཀོད་པ་འདི། སྔགས་ནག་རཱ་ག་ཨ་སྱས་སྦ་འོས་གསལ་བཀོད་ཉེས་པ་ཆ་ཀིའི་ཚོགས་ལ་བཤགས་སོ། །དགེ་བས་འགྲོ་ཀུན་རྡོ་རྗེའི་སྐུ་ཐོབ་ཤོག །ཤུ་བྷཾ།


CMR018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཌཱ་གི་སེང་གེའི་གདོང་པ་ཅན་གྱི་ཡང་ཟློག་གི་ཙཀྲ་ཟབ་མོ།next