Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གེའི་གདོང་ཅན་གྱི་ཙཀྲའི་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གེའི་གདོང་ཅན་གྱི་ཙཀྲའི་ཞལ་ཤེས།next

མཁའ་འགྲོ་སེང་གེའི་གདོང་ཅན་གྱི་ཙཀྲའི་ཞལ་ཤེས།


CMR018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གེའི་གདོང་ཅན་གྱི་ཙཀྲའི་ཞལ་ཤེས་བཞུགས་སོ།། ན་མོ་ཌཱཀི་ནི་བྷྱ༔ ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མའི་སྲུང་བའི་འཁོར་ལོ་བྲི་ཐབས་བསྟན་། དགེ་སློང་སྡོམ་ལྡན། ཡང་ན་སྔགས་པ་དམ་ཚིག་ལྡན་པ་གཙང་མས་གོས་གསར་པ་གྱོན་ནས་རྒྱན་གྱིས་སྤྲས། སྨྲ་བ་བཅད་ནས་དག་པར་བྲི། །བྲིས་ཡོན་ཟབ་པ་ཕུལ་བ་གཅེས། །མཆོད་པ་རྣམ་ལྔ་བཤམ་པར་བྱ། །དེ་ནས་བྲི་གཞི་རས་སམ་ཤོག་གུ་གང་འཐད་ལ། མཚལ་དང་རྒྱ་སྣག་རྣམས་གང་ཡང་རུང་བས་བྲི། ཡི་གེ་ཚེག་མེད་དག་པར་བྲི་བ་༈ གཅེས། །གོང་གི་འཁོར་ལོ་རྣམ་པ་ལྔ། །རྒྱ་སྣག་དག་གིས་ལེགས་པར་བྲིས། །ལུག་ཚིལ་ཞུན་ཆེན་མེ་ལ་འཁོར་ལོ་བསྲེག །དེ་ཡི་ཐལ་བ་ཆང་ལ་སྦྱར། །ལྟོ་སྟོང་དག་ལ་འཐུང་གྱུར་ན། །དེས་ལུས་རྡོ་རྗེ་ལྟ་བུར་འགྱུར། །ཕྱི་པ་དག་དང་ནང་པའི་བྱད། །ཐེབ་སྟོང་བཅུག་ཀྱང་གླགས་མི་རྙེད། །སླར་ཡང་ཁོ་རང་ཉིད་ལ་ཟློག །རབ་གནས་ལེགས་པར་བྱས་ལྕི་པ་ཡི། །འཁོར་ལོ་ཆ་གཅིག་ལུས་ལ་བཏགས། །ཞལ་ཤེས་ཡང་དག་ཡིན་པའོ། །བསྟན་ལ་གནོད་བྱེད་ཤིན་ཏུ་གསང་། །ཨྠྀི། འགྲོ་རྣམས་དག་གི་ཕྲུ་མ་ལ། །སྐུ་གསུང་ཐུགས་


CMR018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡི་གེ་བདུན། །རྒྱ་སྣག་དག་གིས་བྲི་བར་བྱ། །བྲི་གཞི་ཤོག་གུ་དག་ལ་ནི། །བྱང་སེམས་དཀར་དམར་སྟག་ལོ་མའི། །སྲིན་ལག་ཁྲག་གིས་ལེགས་པར་བྱུགས། །ཡང་ན་དོམ་མཁྲིས་གྷི་ཝཾ་དང་། །གླ་རྩི་དག་གིས་བྱུགས་ཀྱང་རུང་། སངས་རྒྱས་སྟོང་གི་བྱིན་རླབས་ཀྱི། །ཡིག་རྒོད་བརྒྱད་ཅུ་རྩ་བརྒྱུད་འདི། །ཚག་མེད་ཤོག་གུ་ལ་བྲིས་ནས། །དྲི་བཟང་དག་གིས་བྱུགས་ནས་ནི། །ལྟེབ་ལ་སྐུ་འཁོགས་ནང་གབ་སྤྲད། །ཨཧཧཧསཏསཏཀིཚརྩིརལིངསཔར ཁྱད༔ ཁརཔརནོམཁོདམགོརཧལ ནིངངཡནི༔ ༀདཀྲུགལེཏྲིསྭཱཧཱ། ཀཔལསེངམས་ཧྲིམསངཙཨནིཀུལཡེ སྭཱཧཱཿ ཀམཁརཚངབལིདེནསནསསགགསུམཨཀླདེགྲིངསཱདྷཱ ཞེས་ཕྲེང་གཅིག་བྱའོ། །རྫས་ནི། དོམ་མཁྲིས། བཟང་དྲུག །ག་པུར་། གྷི་ཝཾ། གུ་གུལ། ཙནྡན་དཀར་དམར། ཨ་ག་རུ། གླ་རྩི་དག་ནི་བྱུག་པར་བྱའོ། །གཡོགས་ནི་ར་ཐུག་འབྲས་བུའི་པགས་པ། དང་པོ་དར་སྔོན་པོས་དྲིལ། དེ་ནས་དཀར་པོ། དམར་པོ། སེར་པོ། ལྗང་གུ་དང་ལྔས་དྲིལ་ལ་སྐུད་པ་སྣ་ཚོགས་ཀྱིས་དཀྲིས་བའོ། ལུག་མར་དུད་པས་བདུག་གོ། །དེ་ཡི་ཞལ་ཤེས་རྫོགས་སོ།།


CMR018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲའི་རྒྱབ་ཡིག་དང་ཟ་ཡིག་ཟུར་གབ་ཀྱི་ཨུ་པ་དེ་ཤ་བཞུགས་སོ། །བཛྲ་ཌཱཀི་སེང་ཧ་མུ་ཁ་ཡེ་ན་མ༔ མན་ངག་གུད་དུ་བཀོལ་བ། །མར་གྱིས་དྲིལ་ལ་འཁོར་ལོ་བཏགས་ཁར་ཟ་ཞེས་པ་ཙཀྲུ་གསུམ་པོའི་རྒྱབ་ཏུ་མ་ནོར་བར་བྲིའོ། །སྐུའི་ཙཀྲའི་རྒྱབ་ཡིག་ནི། གསུང་གི་འཁོར་ལོའི་རྒྱབ་ཡིག ཐུགས་ཀྱི་འཁོར་ལོའི་རྒྱབ་ཡིག ནུས་པ་བསྐྱེད་ཕྱིར་ཟན་དྲིལ་བཏགས་ཚེ་ཟ། ཟ་ཡིག་གསུམ་ཟ་ཆེ་གདན་དང་ལྟ་ཕྱོགས་རྫས་རྣམས་ཞལ་ལས་ཤེས། ཤིན་ཏུ་ཟབ། སྤྱི། ཤས་དྲིལ་ལ་ཙཀྲ་བཏགས་ཚར་དུས་སྦྱིན་བྱད་མ་ཁ་ཕུང་དུ་འགྲོ། སྲུང་བ་རྡོ་རྗེའི་གོ་ཆའི་ཟ་ཡིག་ནི། མཐའ་ནས་ཡར་དྲིལ་མར་གྱིས་བཏུམ་ལ་


CMR018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ནམ་མཁར་ལྟ་ཞིང་ཚེས་གཅིག་ཉི་ཤར་དུས་གོམ་པ་དགུ་བོར་ལ་ཟའོ། བཟློག་པ་བར་གྱི་སྐྱོགས་རྡོ་འདི་མགོ་ནས་ཕྱིར་དྲིལ་མར་ནང་བཏུམ་ལ་མིག་བར་སྣང་ལ་ལྷོ་ཕྱོགས་སུ་གོམ་པ་དགུ་བོར་ལ་ཚེས་བཅོ་ལྔ་ཉིན་ཕྱེད་ལ་ཟའོ། བསད་པ་དམ་ཉམས་སྲོག་གི་སྤུ་གྲི་མགོ་ནས་མར་དྲིལ་མར་གྱིས་བཏུམ་མིག་ས་གཞིར་བསྒྲད་ལ་བྱང་དུ་གོམ་པ་དགུ་བོར་ལ་ཉེར་དགུའི་དགོང་མོ་ཉི་མ་ཟེར་རེ་རེ་བའི་དུས་མིད་དོ། སྲུང་ཟློག་བསད་པའི་ཟ་ཡིག་འདི་གསུམ་རྒྱ་ཤོག་གཙང་མ་ལ་རྒྱ་སྣག་གིས་བྲིས་ལ་མཇུག་ནས་ཡར་དྲིལ་ལ་ཟའོ། །སྲུང་ཟློག་བསད་གསུམ་གྱི་ཟ་ཡིག་བཟའ་བ་དང་། སེང་གདོང་མའི་སྲུང་ཟློག་བསད་པའི་སྒོ་ནས་རྣལ་འབྱོར་བསྒོམ་པ་དང་འབྲེལ་བར་བྱ་ཞིང་དྲག་སྔགས་ཡི་གེ་བཅུ་བཞི་པ་ལ་སྲུང་ཟློག་


CMR018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསད་གསུམ་ཤམ་བུ་སྦྲེལ་བ་བཟླ་བཞིན་པས་ཟ་སྟེ། ཞལ་ཤེས་བཀའ་རྒྱ་མའོ། དམ་མེད་ལ་གསང་ངོ་། །སྐུའི་ཟ་ཡིག་ཟླ་བ་གང་རུང་གི་ཚེས་གཅིག་ལ་ཟ་སྟེ་ལུས་བྱད་དུ་བཅུག་པ་ལས་གྲོལ། །གསུང་གི་ཟ་ཡིག་ཟླ་བ་གང་རུང་གི་ཚེས་བཅོ་ལྔ་ལ་ཟ་སྟེ་ངག་བྱེད་དུ་བཅུག་པ་ལས་གྲོལ། ཐུགས་ཀྱི་ཟ་ཡིག་ཟླ་བ་གང་རུང་གི་ཉེར་དགུ་ལ་ཟ་སྟེ་ཡིད་བྱེད་དུ་བཅུག་པ་ལས་གྲོལ། སེང་གདོང་མའི་ཡང་ཟློག་བྱེད་མ་འབུམ་རྡུགས་ཀྱི་ཟ་ཡིག་སྟེ། བན་བོན་མུ་སྟེགས་ཀྱི་བྱད་ཁ་དྲོད་གཏོང་། མཐུ་གཏད། རླུང་འཁོར། སྦྱིན་སྲེག །ཐུན་ཟོར། མི་ཁ། བྲ་


CMR018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་། ལྷ་འདྲེའི་གདོང་ཚུགས་སོགས་མདོར་ན་བྱེད་ཀ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །འདི་ལྟའི་ཟབ་དགུ་མན་ངག་ནི། །རྟ་རྨིག་ལྕགས་ཀྱིས་བཏུམས་ནས་སུ། །འཇིག་རྟེན་གསུམ་དུ་བཙལ་གྱུར་ཀྱང་། །རྙེད་པར་འགྱུར་བ་མ་ཡིན་ནོ། །ཌཱཀིའི་སྙིང་ཁྲག་དྭངས་མའི་བཅུད། །ཤིན་ཏུ་ཟབ་མོ་ཕྱུངས་ཏེ་གཏད། །ཅེས་གསུངས་ནས་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བ་ལ་གདམས་པ། གསེར་སྲང་གསུམ་གྱི་ཕྱག་རྟེན་མེད་པ་ལ་མན་ངག་མིང་ཙམ་ཡང་མི་སྟོན་པའི་བཀའ་རྒྱ་ལན་གསུམ་གདམ་མོ། །སྣོད་མེད་ལ་གསང་ངོ་། །གཉྫི་རྫོར་། ཁ་ཐཾ། ཟབ། སྤྱི། ༈ འདི་ལ་བསམ་གཏན་གྱི་ཟིན་བྲིས་བཞིན་བྲིས་པ་ཡིན། ཀར་ལུགས་དཔལ་ལུགས་སོགས་ཕྱོགས་ཐམས་ཅད་ན་ཆགས་མེད་ཀྱི་ལུགས་དེ་ཁོ་ན་ལྟར་ཡིན་འདུག་པ། དེ་གཉིས་རྫས་དང་ལྟེབ་ལུགས་སོགས་ཕྲན་བུ་མི་འདྲ་འདུག་ཀྱང་། རང་རང་གི་བཞེད་པ་ཁོ་ནས་དོན་འགྲུབ་པ་ཡིན་གསུངས་བླ་མ་ཚེ་དབང་ཀུན་ཁྱབ་ཀྱིས། གངས་དཀར་རྡོ་རྗེ་གདན་གྱི་དཔོན་སློབ་མཁས་པ་ཞིག་ལས་གསན། དེས་བསམ་གཏན་ལ། དེས་ཀརྨ་བདེ་ཆེན། དེས་བདག་ལའོ། །དེ་དང་ཞྭ་ལུ་གསེར་ལྡིང་མཁན་པོ་ལས། སློབ་དཔོན་ཞི་བ་ལྷས་གསན་པ་གཉིས་མཚུངས་པར། དེའི་ནང་ནས། ཞེས་སོགས་ནག་པོ། སརྒ་པ། རྒྱལ་པོ་ཡུངས་ཀར་ཏེ་ཁྲོ་ཞལ་ཅན་འབྲུ་བདུན་


CMR018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གསུངས། ཙིཏྟ་རཀྟ་ནི་སྙིང་ཁྲག །ཞལ་ཤེས་གནད་བཀྲོལ་ཤེར་ཕྱིན། རྡོར་གཅོད་མན་ངག་བཞིན་བསྲེག་ཐལ། ཚིལ་ཆེན་ནམ། གྲི་ཤ་སུ་རྙེད། དཔའ་བོ་གཡུལ་ཤིའི་ཁྲག་དང་བཅས། རྫས་སྣ་ལྔ་ལ་ཟློག་སྔགས་ཀྱིས་ངར་བླུད། ཙཀྲ་རྣམས་ཀྱི་ལྟེ་བར་ཚུམ་རེ་བླུག །འདི་སྐུ་ཞབས་ཞི་བ་ལྷས། སྐུ་ཞབས་འཕགས་སྤྲུལ་རིན་པོ་ཆེར་བརྒྱུད་པའི་ཞལ་ཤེས་གཅིག་བརྒྱུད་དམ་ཚིག་དང་འདི་ཕྱི་ཐུབ་པར་ཞུས་པ་ཡིན། འཁོར་ལོའི་རྫ་ས་ནི་གློ་བུར་དུ་བསད་པའི་རྒོད་སྤུ། གྲི་ཤ། གྲི་ཁྲག །སིམར། ཡུངས་ཀར། འཁོར་ལོ་བསྲེགས་ཐལ། ལུག་དོན་པོ་སྟོད་ནག་སྤྱང་ཀིས་བསད་པའི་རྩིབ་མ་གཉིས་མཚམས་ཚིལ་ཁུ། རས་དྲིལ་གྱི་མེ། ཞེས་རྒྱ་ཤོག་ལ་བྲིས་པས་དཀྲི་གསུངས༈ སྡོང་བུ་ལ། དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ། མ་རྙེད་ན་མན་ངག་གྲི་ཚིལ་དེས་འཁོར་ལོ་གྲོག །ཕྱི་ཐུམ་བཅས། ཕྱེད་ཆང་ལ་བཏབ་ནས་བཏུང་། ཐབས་ཤེས་ཟེར་བ་ཆ་གཉིས་ཡིན། འཁོར་ལོ་བཏགས་ཚར་སྐབས་སུ་དེ་ལ་རབ་གནས་དང་ལུག་རོ་ཆང་བཏབ་འཐུང་བས་འགྲུབ། ཕྱི་ཐུམ་འཁོར་ལོ་རང་བསྲུང་སྐབས་སུ། ཟུར་གསུམ་དབུས་མའི་རྩ་སྔགས་ལ། མཐིང་ཤོག་གསེར་གྱིས་བྲིས་པ་ཡི། རྩ་སྔགས་ཞལ་སྦྱོར་སྦྱར་ན་ཟབ། གཞན་སྡོང་བུ་ལ། དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ། ཞེས་ཤོག་གུ་ལ་དཀྲི་གསུངས། འདོགས་ལ་མི་དགོས་གསུངས། འདི་རྣམས་མཁྱེན་གཟིགས། རིན་ཆེན་ལྕི་སྟོད་བསྟན་འཛིན་རབ་རྒྱས་ལ་གནང་བ་དང་ཡང་མཐུན་པར་ཁུངས་བཙུན་ངེས་


CMR018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམཁའ་འགྲོ་སེང་གེའི་གདོང་ཅན་གྱི་ཙཀྲའི་ཞལ་ཤེས།next