Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་དྲག་སྔགས་ཡན་ལག་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་དྲག་སྔགས་ཡན་ལག་ཟིན་བྲིས།next

སེང་གདོང་མའི་དྲག་སྔགས་ཡན་ལག་ཟིན་བྲིས།


CMR018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་དྲག་སྔགས་ཡན་ལག་ཟིན་བྲིས་བཞུགས་སོ།།


CMR018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱཀི་སེདྷ་མུ་ཁ་ཡེ། དྲག་མོ་སེང་གེའི་གདོང་ཅན་ལ། །རབ་ཏུ་གུས་པས་ཕྱག་འཚལ་ནས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དྲག་སྔགས་ཡན་ལག་ཅུང་ཟད་བཤད། །ཤ་ཟ་ཌཱཀིས་བཀའ་གནང་སྩོལ། །རྒྱལ་བའི་བསྟན་དང་བླ་མའི་སྐུ། །རྣལ་འབྱོར་བདག་ལ་སྡང་བའི་དགྲ། །དམ་ཉམས་ཆམ་ལ་འབེབས་པའི་ཕྱིར། །གློ་བུར་གཟའ་ནད་བཏང་བ་ནི། །ཁྱི་ལྤགས་འཁྱུད་སྒོར་མ་ལ། མཛེ་པོ། བོང་བུ། ཕག །མི་གཟའ་ནད་ཀྱིས་ཤི་བ། དེ་རྣམས་ཀྱི་ཤ་དང་ཁྲག་ལ་དུག་རིགས་གང་འཛོམ་དང་མུ་ཟི་ཤིང་ཀུན་སྦྱར་ལ། ལིང་ཚེ་དགུ་པ་མཐའ་


CMR018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་གཉིས་རིམ་གྱིས་བསྐོར་བའི་དབུས་སུ་ཨ རེའུ་མིག་ཤར་དུ་ཡ༔ ལྷོར་མ ནུབ་ཏུ་ཏྲི བྱང་དུ་དུ༔ ཤར་ལྷོར་ཏྲི ལྷོ་ནུབ་ཏུ་ཤ ནུབ་བྱང་དུ་ན༔ བྱང་ཤར་དུ་ལི དེ་རེ་རེའི་གཤམ་དུ། དམ་ཉམས་དགྲ་ལ་གཟའ་ནད་སྨྱོ་འབོག་མྱུར་དུ་ཐོངས། ཞེས་དགུ་ཁ་ལ་བྲི། མུ་ཁྱུད་ནང་མ་ལ་ལྷ་འདྲེ་གཉན་དགུའི་མིང་བྲིས་ཤིང་། གོང་ལྟར་དམ་ཉམས་སོགས། མུ་ཁྱུད་ཕྱི་མ་ལ། ཀ༔ཙདཤམརས༔ར༔ས༔ ཡམར༔ས༔ཕཊ༔ ཅེས་ཚར་གསུམ་གྱི་མཇུག་ཏུ་དམ་ཉམས་སོགས་གོང་ལྟར། དགྲ་བོའི་དྲི་ཆེན་དྲི་ཆུ་སྐྲ་སེན་རྣམས་བཅུག་ཅིང་རབས་ཡུགས་ས་


CMR018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་དོར་རྟ་དང་ལ་ཆས་བཏུམ་སྟེ། གཟའ་བདུད་གཟའ་རྒྱལ་གནས་ངེས་པའི་སར་སྦས་ན་མྱུར་དུ་རྟགས་ཐོན་པར་འགྱུར་རོ། །འདིའི་གནད་མན་ངག་ཞལ་ལས་ཤེས་སོ། །ཟབ། སྤྱི། ༈ ཡང་དགྲ་ལ་མི་ཁ་བཏང་བ་ནི། སྲོག་ཆགས་གང་རུང་གང་རྙེད་ཀྱི་ལྕེ་དང་སྦྱང་སྨོན་དུག་རིགས་ཀུན་སྨན་ཚང་མའི་དྲི་ཆུ་དང་སྦྱར་ཏེ། ལིང་ག་ཞལ་ཤེས་ལྟར་བྲིས་པའི་དཔྲལ་བར། ཨཀ༔དམ་ཉམས་དགྲ་ལ་མི་ཁ་ཐོངས། དེ་བཞིན་དུ། མགྲིན་པར་སམ སྙིང་གར་ལྟེ་བར་ཤད གསང་བར་རས༔ རྐང་པ་གཡས་ལ་མར༔ རྐང་པ་གཡོན་ལ་ཡཕཊ༔ ལག་པ་གཡས་ལ་ཨཎིཏཱི༔ གཡོན་ལ་ལོག་ཏྲི་པ་ལ་ཏྲི་དཾ༔ དམ་ཉམས་དགྲ་ལ་མི་ཁ་ཐོངས། ཞེས་ཐམས་ཅད་ལ་འགྲེས་སུ་བྲིས་ལ། བོང་བུའི་ཀླད་རྒྱུ། རབས་ཆད་མའི་དོར་རྟ་ལ་ཆ་རྣམས་ཀྱིས་བཏུམ་ནས་བྲག་ཟུར་གྱི་མཆོད་རྟེན་འགྲམ་འོག་ཏུ་སྦས་ན་མྱུར་དུ་རྟགས་ཐོན་པར་ངེས་ཏེ། འདི་ལ་ཞལ་ཤེས་ཟབ་མོ་ཐུགས་ལ་གབ་བོ། སྤྱི། རྒྱ༔ ༈ ཡང་དགྲ་ལ་གཉན་ནད་བཏང་བ་ནི། སྦལ་སྦྲུལ། སྡོམ་སྡིག །ཉ་ལྕོང་རྣམས་ཀྱི་ཤ་ཁྲག་དང་མཛེ་ཕོའི་ཀླད་པ་ཁྲག་དྲི་ཆེན་དྲི་ཆུ་གཉན་ནད་ཀྱིས་ཤི་


CMR018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤ་རུས་དམིགས་བྱའི་དྲི་མ་སྐྲ་སེན་དྲི་ཆུ་རྐང་རྗེས་ཀྱི་ས་རྣམས་སྦྱར་བ་མཛེ་པོའི་རྐང་དུ་བླུག་སྟེ། མི་ཁྱི་ཕག་གསུམ་གྱི་བྲུན་གྱིས་ཁ་བཅད། ལ་ཆས་དྲིལ་ནས་ཀླུ་གནས་ངེས་པའི་ཆུ་མིག་ཏུ་སྦས་ན་དོན་མྱུར་དུ་འགྲུབ་སྟེ། འདི་ལ་ཞལ་ཤེས་ཟབ་མོ་གཅིག་ཡོད་དེ། མ་ཤེས་ན་རང་ལ་ནད་འབྱུང་ངོ་། །ཨྠྀི། ༈ ཡང་དགྲ་ལ་ཤུ་བའི་ནད་བཏང་བ་ནི། མཇེ་ཕོའི་ཀླད་རྒྱའི་ནང་དུ་བཙན་དུག །རེ་ལྕག་ཐར་ནུ་བོང་དུག་པ། སྤྱང་དུག་པ། བྱ་རྒོད་སྤོས། བྱ་དུག་མི། གླ་རྩི། ཐང་ཕྲོམ་འབྲས་བུ། ཉ་སྦྲུལ། སྡོམ་སྡིག །སྦལ་ལྕོང་གི་ཤ་ཁྲག །མཛེ་ཕོའི་དྲི་མ་ཆེ་ཆུང་། རཀྟ་ཀླད་པ་གཉན་ཤུའི་ནད་ཀྱིས་ཤི་བའི་ཤ་རུས། དགྲ་བོའི་དྲི་མ་རྗེས་ས་རྣམས་བསྲེས་ཏེ། ཡུགས་ས་མོ། རབས་བཏོ། ཆད་མོ། མཛེ་ཕོ་རྣམས་ཀྱི་སྐུ་ཡི་སྲད་བུ་དགུ་སྒྲིལ་བྱས་ལ་ཁ་བཅིང་། ལ་ཆས་བཏུམ་ནས་ཀླུ་གནས་ངེས་པའི་ཆུ་མིག་ཏུ་སྦས་ན་དོན་འགྲུབ་སྟེ། ཞལ་ཤེས་གལ་ཆེ། དེ་མིན་ན་རང་ལ་གོད་ཁ་དང་ནད་འབྱུང་ངོ་གཟོབས་ཤིག །ཨྠྀི། ༈ ཡང་དགྲ་བོ་བྱང་སེམས་འཛག་པའི་ནད་ཀྱིས་གསོད་པ་ནི། །སྲིན་བྱ་འུག་པ་ཕོ་རོག་རྣམས་ཀྱི་ཀླད་པ་དང་ཁྲག་དང་མཛེ་ཀླད་སྦྱར་


CMR018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཟས་གང་རུང་དང་སྦྱར་ཏེ་བྱིན་ན་དེ་ཞུ་མ་ཐག་ཏུ་བྱང་སེམས་འཛག་གོ །འདི་ལ་ཞལ་ཤེས་ཡོད་ཨང་། སྤྱི། ༈ བུད་མེད་མ་རུངས་པ་དག་གི་ཟླ་མཚན་འཛག་པས་བསྒྲལ་ལྷན༔ སྦལ་པ། སྦྲུལ། སྡིག་ནག །འདི་རྣམས་ཀྱི་ཤ་ཁྲག་ཀླད་པ་གསུམ་མཛེ་ཀླད་དང་སྦྱར་བ་གོང་ལྟར་བཏང་ན་ངེས་ཏེ། འདི་ལ་ཞལ་ཤེས་གཅིག་ཡོད་དོ། །ཨྠྀི། ༈ ཡང་མི་ཕོ་མོ་སྐྲན་ནད་ཀྱིས་ཤི་བའི་སྐྲུན། དམུ་ཆུས་ཤི་བའི་གློ་སྙིང་། སེམས་ཅན་གང་རུང་གི་མཆིན་པ་སྐྲུན་ཁྱེར་རྣམས་མཛེ་ཀླད་དང་སྦྱར་ཏེ་བཏང་ན། དགྲ་བོ་སྐྲན་ནད་ཀྱིས་མཱ་ར་ཡ། །འདི་ལ་རྫས་གབ་ཆུང་ཡོད་དོ། །ཨྠྀི། མངྒ་ལཾ་ཤུ་བྷཾ། དཔལ་རི་རྩེའི་ཕྱག་དཔེ་དཔེ་རྙིང་ཁུངས་མ་ལས་བཤུས་ཤིང་ཞུས་དག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེང་གདོང་མའི་དྲག་སྔགས་ཡན་ལག་ཟིན་བྲིས།next