Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གོ་མཚོན་གྱི་བསད་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གོ་མཚོན་གྱི་བསད་པའི་ཟིན་བྲིས།next

རྡོ་རྗེ་གོ་མཚོན་གྱི་བསད་པའི་ཟིན་བྲིས།


CMR018_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གོ་མཚོན་གྱི་བསད་པའི་ཟིན་བྲིས་བཞུགས་སོ། །


CMR018_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཌཱཀྐི་ནཱི་ཡེ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །རྡོ་རྗེ་གོ་མཚོན་བསད་པའི་ཟིན་བྲིས་ལ། །དུས་ནི་དགོང་ཆུང་སྤྲེའུ་ཡི་དུས་ཚོད་ལ། །སྲོད་ཀྱི་དུས་དང་ནམ་གུང་ནམ་ཡང་རུང་། །ཁ་ནི་ནུབ་བམ་གནོད་པའི་ཕྱོགས་སུ་བལྟ། །རང་ཉིད་མཁའ་འགྲོ་སེང་གེའི་གདོང་པ་ཅན། །སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །ལག་གཡས་མཛུབ་མོ་གནམ་ལྕོགས་ལྡན་པའི་སྟེང་། །མཐེ་བོང་ཆུ་གྲི་སྤུ་གྲི་འབར་བ་ཡིས། །བྱད་མའི་སྐེ་ནི་རྡོག་རྡོག་བཅད་པར་བསམ། །ཕྲེང་རྡོག་ཕར་ལ་བཅད་ཅིང་བགྲང་བའི་ཚེ། །མདུན་དུ་ས་དོང་གྲུ་


CMR018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཏིང་ཟབ་པ། །དམྱལ་བའི་ཡུལ་དུ་ཟུག་པའི་ནང་དེ་ནས། །ལས་ཀྱི་གཤིན་རྗེའི་ལྟོ་བ་རི་རབ་ཙམ། །ཁ་གདངས་མཆེ་གཙིགས་ལྗགས་ནི་བརྐྱངས་པའི་ནང་། །དགྲ་མགོ་དྲུག་སྡུག་སོང་བར་བསྒོམ་ཞིང་བཟླས། །ཕཊ༔ཡ༔ར༔མ༔ས༔ར༔ད༔ཤ༔ཙ༔ར༔མ༔ས༔ཀ༔ཨ༔ གཡོན་ཐོད་ཁྲག་ཁ་ཊཾ་གྲི་ཁུག་ན་བསྣམས་པ། སྐུ་སྨད་ཟངས་ཀྱི་ཕུར་བུས་དགྲ་བོའི་སྙིང་ཁ་ནས་་གཟིར་བ། དེ་ཡི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་གཡོན་དུ་འཁྱིལ་བར་བསྒོམ། མདུན་དུ་བྱད་མ་ལྷ་སྲུང་བསྐྱེད་ལ། རང་གི་ཐུགས་ཀ་ནས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དགུ་པ་གཅིག་སྤྲོས་


CMR018_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པས། བྱད་མ་ལྷ་སྲུང་ལ་ཕོག་པས། མཁར་ལ་གནམ་ལྕགས་ཕོག་པ་བཞིན་ནག་ཆོམ་ཆོམ་སོང་བར་བསམ། དེ་ནས་ཡང་འཁོར་ལོ་སྤྱི་བོའི་གཙུག་མན་ཆོད་བཀབ་ནས། རང་གི་ཐུགས་ཀ་ནས་བདུད་བཙན་གཤིན་རྗེ་བོང་ཚང་ཁ་ཕྱེས་པ་བཞིན་དུ་འཕྲོས་པས། བྱད་མའི་ཤ་ཟོས་ཁྲག་འཐུང་བར་བྷེ། སྔགས་བསད་པའི་དུས་སུ་རང་གི་ཕུང་ཁམས་སྐྱེ་མཆེད་བ་སྤྱིའི་བུ་ག་ནས། མཁའ་འགྲོ་མ་སྟོང་རྩ་བརྒྱད་ལུས་གོ་ཁྲབ་གྱོན་པ་བཞིན་ཁྲིགས་སེ་བྷེ། དེ་རྣམས་ཀྱིས་དགྲ་བོ་བསད་པའི་སྔགས་དི་རི་རི་བྱས་པར་བསྒོམ། ལག་གཡས་པའི་མཐེ་བོང་ཟངས་མའི་གྲི་གུག །མཛུབ་མོ་གནམ་ལྕགས་ཀྱི་གདན་ལ། དེ་གཉིས་བར་དུ་སྐྱེ་རྦད་རྦད་བཅད་པར་བསྒོམ། དགྲ་བོ་བྱད་མའི་མགོ་བོ་ཕྲེང་རྡོག་ཕར་ལ་བཅད་ཅིང་བགྲང་བའི་ཚེ། མདུན་དུ་སོ་དོང་གྲུ་གསུམ་གཏིང་ཟབ་པ། དམྱལ་བའི་ཡུལ་དུ་ཟུག་པའི་ནང་དེ་ན། ལས་ཀྱི་གཤིན་རྗེ་ལྟོ་བ་རི་རབ་ཙམ། ཁ་གདངས་མཆེ་གཙིགས་ལྗགས་ནི་བརྐྱང་པའི་ནང་དུ། དགྲ་བོའི་མགོ་བོ་ཧྲུག་ཧྲུག་སོང་བར་བསྒོམ་ཞིང་གཤིན་རྗེ་ཚིམས་ནས་ཁ་བསྡམ་དམྱལ་ཡུལ་སོང་བར་བསམ། མཁའ་འགྲོ་མའི་མན་ངག་བཅུ་བཞིའི་ལུགས་གཅིག་ལ། རང་ཉིད་མཁའ་


CMR018_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཌཱཀྐི་མ་སྐུ་མདོག་ནག་མོ། སེང་གེའི་གདོང་ཅན་ཕྱག་གཉིས་མ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་བ། ལྷག་མ་སྐུ་ལུས་ཁྱབ་པའོ། །རལ་ཉག་རེ་རེ་ལ་ཤིང་དང་གྲི་ལྕགས་མི་རྐང་ལས་བྱས་པའི་ཕུར་པ་ཁྲག་བྱུག་པ་རེ་རེ་བཏགས་པས་ཐོག་སེར་འབེབས་པ། སྟོད་ལ་དར་ནག་གི་སྨད་ཤམ་གཡོགས་ཤིང་། རྐེད་པ་ལ་དུག་སྤྲུལ་རབ་ཏུ་བཅིངས་བ། ཕྱག་གཡས་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་གྲི་གུག་ལ་མེ་འབར་ཞིང་། གཡོན་བདུད་ཀྱི་ཁྲམ་ཤིང་ཁྲ་བོ་བསྣམས་པ། ཞལ་ནས་ཁྲག་དང་དུག་སྣ་སྐྱུག་པ། ཞལ་གདངས་མཆེ་བ་དམར་ནག་རབ་ཏུ་གཙིགས་པ། སྤྱན་གསུམ་མེ་ལྟར་འབར་བ་ལ། ཁྲག་གིས་མཆི་མ་འཛག་ཅིང་། ལྕགས་སྡིག་འོད་ལྟར་འཕྲོ་བ། བསད་སྔགས་བཟླས་ཤིང་། །ཕཊཙཡར༔མས༔ར༔ས༔ཤརམསཀ༔ དགྲ་བོའི་ཙིཏྟ་ལ་རྦད་རྦད། པྲཏིགིརཚྭབྷཏུཛལསྲྀཏུཧཱུྃ ཕཊ ཡག མ ཁྲེན༔ བཟློག༔ མ༔ ཁྲེན༔ བཟློག༔ ཌཱཀྐི༔ ཀ༔ བཟློག༔ ཌཱ་ཀི་ཁྲེན༔ བཟློག༔ བཟླས་པའི་རྟགས་ནི་བུད་མེད་ཚོགས། །ངུ་དང་རྒོད་པ་བྲང་བརྡུང་དང་། །ཐལ་བརྡབ་ཟོར་འཕེན་གཡབ་བརྡུང་བྱེད། །ཅི་


CMR018_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བྱུང་ན་རིག་པས་བརྟག དེ་ལྟར་རྨི་ལམ་བྱུང་ནི་མགོ་ལ། ཨོཾ་སྦྱར་ཕཊ་མ་ཁྲེན་བཟློག །འོག་མའི་སྔགས་གསུམ་ཁོ་ན་བགྲང་། །བསད་ཟློག་དྲག་ཟློག་གཉིས་ལ་བྱ། ཨྠྀི༔ འདི་རབ་གསེར་འབྲིང་དངུལ་ཐ་མ་མཚལ་དང་རྒྱ་སྣག་གིས་བྲིས། ༈ ལོ་གཅིག་གིས་ཆོག །ཚེས་གཅིག་ལ་སྲུང་བ། ལྔ་ལ་ཟློག་པ། ཉེར་དགུ་ལ་བསད་པ། བསྲུང་བའི་དུས་སུ་རང་ཉིད་ཤ་དང་ལྤགས་པ་གསེར་གྱི་ས་གཞི། གྲུབ་ཚད་སེམས་ཅན་ཐམས་ཅད་མཁའ་འགྲོར་བྷེ། ༈ སྲུང་བ་མགོ་ཕར་བསྟན། མཇུག་ཡར་བསྟན། དེ་ནས་མཁའ་འགྲོ་མ་


CMR018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཞལ་དུ་བྱད་མ་ལྷ་དང་བཅས་གསོལ་སྐྱིད་པར་བསམ། ཟློག་བསད་མགོ་རང་ལ་བསྟན། མཇུག་ཕར་བསྟན་ལ་དུས་གཅིག་ལ་མྱིད། ཨྠྀི༔ ཁ་ཐཾ༔ ས་མ་ཡ། ༈ །ཨེ་མ་ཌཱཀི་སེང་གེའི་གདོང་ཅན་གྱི། །བསྙེན་དང་སྲུང་ཟློག་བསད་གསུམ་མན་ངག་འདི། །བཀའ་གཏེར་གཞུང་ལུགས་མན་ངག་རྒྱ་མཚོའི་བཅུད། །དོན་གསལ་ཁྱེར་བདེ་ཆ་ལག་མ་ཚང་མེད། །གལ་ཏེ་ཤིན་ཏུ་དོ་གལ་ཆེ་བ་ན། །སྲུང་ཟློག་བསད་གསུམ་ལས་ཀྱི་ཁར་བསྒྱུར་བཅས། །གཞན་དུ་ཟུར་བཀོད་བཞིན་དུ་འདི་ལ་སྦྱར། །རྒྱུན་ཁྱེར་བྱ་ཐབས་འདི་ལ་མ་ཚང་མེད། །འདི་ཕྱིའི་དོན་ཆེན་མ་ལུས་འགྲུབ་པ་ལ། །འདི་ལས་ལྷག་པའི་བསྒྲུབ་རྒྱུ་གཞན་ན་མེད། །ཁྱད་པར་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གནམ་ལྕགས་རྡོ་རྗེ་ཕ་ལམ་གོ་ཁྲབ་འདྲ། །དེ་ཕྱིར་འདི་ནི་སྲུང་ཟློག་ཀུན་གྱི་མཆོག །ནད་གདོན་འབྱུང་པོ་བགེགས་དང་སྐལ་ངན་དང་། །འཇིགས་པ་བརྒྱད་སོགས་ཉེར་འཚེ་ཀུན་ལས་གྲོལ། །ལྷ་འདྲེ་མི་གསུམ་བན་བོན་མུ་སྟེགས་སོགས། །ཕྱི་ནང་ཀུན་གྱི་བྱད་མ་ཐམས་ཅད་ལ། །འདི་ལས་ཟབ་པའི་མན་ངག་མ་མཆིས་སོ། །རང་བྱད་རང་ལ་ཟློག་པའི་མཆོག་


CMR018_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཚེ་སྒྲུབ་ནོར་སྒྲུབ་ཀུན་ལ་འདི་ཉིད་མཆོག །ཙ་རླུང་བཅུད་ལེན་གཏུམ་མོ་འཕོ་བ་སོགས། །འདི་ཕྱིའི་དོན་ཆེན་སྒྲུབ་པའི་ལས་མཐའ་མང་། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་དང་། །བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །རྒྱུད་དང་མན་ངག་བརྒྱ་རྩ་བསྒྱུར་བའི་ནང་། །ལྷ་འདྲེ་མི་གསུམ་བན་བོན་མུ་སྟེགས་སོགས། །བྱད་ཁ་ཕུར་ཁ་མ་ལུས་བཟློག་པ་ལ། །ཟློག་པའི་ཡང་ཟློག་འདི་ལས་ཟབ་མ་རྙེད། །དེ་ཕྱིར་འདི་ལ་སྲུང་ཟློག་གཙོ་བོར་ཟུངས། །གཞན་ལ་མ་སྤེལ་སྙིང་གི་དཀྱིལ་དུ་སྦོས། །མང་དུ་སྤེལ་ན་མཁའ་འགྲོའི་བཀའ་ཆད་འོང་། །དེ་ཕྱིར་འདི་ལ་གདམས་པ་འཚོ་ཤེས་གྱིས། །འདི་ཉིད་ཉམས་སུ་ལེན་པའི་སྐལ་ལྡན་ལ། །བར་ཆད་བདུད་བགེགས་བྱད་མས་མི་ཚུགས་ཤིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ནས། །ནམ་ཞིག་འཕོས་ཚེ་ནུབ་ཕྱོགས་བདེ་ཅན་དུ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསུ་བར་ཤོག །ཞེས་པ་དེ་སྐད་རཱ་ག་ཨ་སྱ་ཡིས། །རང་གི་ཐུགས་དམ་དོན་དུ་བྲིས་པའོ། །གསང་རྒྱ ཟབ་རྒྱ བཀྲ་ཤིས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྡོ་རྗེ་གོ་མཚོན་གྱི་བསད་པའི་ཟིན་བྲིས།next