Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྲུང་ཟློག་བསད་གསུམ་གྱི་རླུང་འཁོར་ལག་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྲུང་ཟློག་བསད་གསུམ་གྱི་རླུང་འཁོར་ལག་ཁྲིད།next

མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྲུང་ཟློག་བསད་གསུམ་གྱི་རླུང་འཁོར་ལག་ཁྲིད།


CMR018_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྲུང་ཟློག་བསད་གསུམ་གྱི་རླུང་འཁོར་ལག་ཁྲིད་བཞུགས་སོ།།


CMR018_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྲུང་ཟློག་བསད་གསུམ་གྱི་རླུང་འཁོར་ཟབ་མོ་འབྲི་བར་བྱའོ། །ཆོས་བདག་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འཁོར་ལོ་སྟེང་འོག་གཉིས་ཀར་མུ་ཁྱུད་ལྔ་ལྔས་བསྐོར་བ་ལ། སྲུང་འཁོར་ལ། སྟེང་འོག་མུ་ཁྱུད་དང་པོ་ལ། ཡིག་མགོ་ནང་བསྟན་གྱིས། ཨ༔ཀ༔སམར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ དེ་བཞིན་དུ། ཨ༔ཀ༔ས༔མ༔ར༔ས༔ ནད་གདོན་བགེགས་བར་ཆད་མཱ་ར་ཡ་ཕཊ༔ ཅེས་པ་བྲི། གསུམ་པ་ལ་སྔགས་ཚར་གཉིས་བྲི། བཞི་པ་ལ་སྔགས་ཚར་གསུམ་བྲི། ལྔ་པ་ལ་ནད་བཞི་བརྒྱ་རྩ་བཞི་བགེགས་


CMR018_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྟོང་ཕྲག་བརྒྱད་ཅུ་གདོན་རིགས་སུམ་བརྒྱ་དྲུག་ཅུ་རྐྱེན་ཉི་ཁྲི་ཆིག་སྟོང་ལྟས་ངན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སྲུང་བར་གྱུར་ཅིག །ཞི་བར་གྱུར་ཅིག་སརྦ་རཀྵ་ཀུ་རུ་སྭཱ་ཧཱ། འོག་འཁོར་ནི་གོང་དང་འདྲ་ལ་ཡིག་མགོ་ཕྱིར་བསྟན་བྱ་བ་གང་མང་དུ་ཨ་ཐམས་ཅད་ཞལ་སྦྱར་ལ་། རྫས་ནི་སིན་དྷུ་ར་འཁྲུལ་མེད། གླ་རྩི། ཁ་ཆེ། གུར་གུམ། ཛཱ་ཏི། ལི་ཤི། ཨ་རུ་ར། བ་རུ། །སྐྱུ་རུ། གི་ཝང་། དམ་རྫས་བྱིན་ཅན་བཅས་ཁྱབ་པར་བྱུགས། འོག་པདྨ་འདབ་བརྒྱད། གནམ་འཁོར་ལོ་རྩིབས་བརྒྱད་བཅས་བྲིས། དར་ནག་གིས་བཏུམ་ལ་རབ་གནས་


CMR018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་རླུང་ཁང་དུ་ཆོས་སྐོར་ལ་བསྐོར་བས་ནད་གདོན་བགེགས་དང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སྲུང་ཞིང་ཞི་བར་འགྱུར་རོ། །ཟློག་པ་ནི། སྟེང་འོག་གཉིས་ཀར་མུ་ལྷཁྱུད་ལྔ་ལྔས་བསྐོར་བ་གོང་དང་མཚུངས་པ་ལ། སྟེང་འཁོར་མུ་ཁྱུད་དང་པོ་ལ་སྔགས་ཚར་གཅིག་བྲི། གཉིས་པ་ལ། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔ ཕ་རོལ་པོའི་རྦོད་གཏོང་མཐུ་གཏད་མཱ༔ར༔ཡ༔ཕཊ༔ མུ་ཁྱུད་གསུམ་པ་ལ་སྔགས་ཚར་གཉིས་བྲི། བཞི་པ་ལ་སྔགས་ཚར་གསུམ་བྲི། མུ་ཁྱུད་ལྔ་པ་ལ། བྱད་ཁ་ཕུར་ཁ་ཟོར་ཁ་གཏད་ཁྲམ་ཕྲ་མེན་འགོང་ཆོག་སྡེ་ཤོར་རླུང་གསུམ་དབྱེ་རྨོངས་བསྐད་གཟིར་ཧོམ་ཟོར་མཐུ་མདོ་སྒྲུབ་མནན་སྲེག་འཕང་གསུམ་ཆག་ཆེན་ཉམ་ང་རྨིས་ལྟས་མཚན་མ་ངན་པ་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག ། ཅེས་བྲི། སྟེང་འོག་གོང་དང་འདྲ་བ་ལས། སྟེང་འཁོར་ཡིག་མགོ་ནང་བསྟན་དང་། འོག་འཁོར་ཡིག་མགོ་ཕྱི་ལ་བསྟན། བརྒྱའམ་ཉེར་ལྔ་ལས་མགོ་ཕྱོགས་གཅིག་ཏུ་བརྩེགས། སྟེང་འོག་གོང་དང་འདྲའོ། །རྫས་ལ་གུ་གུལ་ནག་པོ། མུ་ཟི་ནག་པོ། ཤུ་དག །སྤྲུ་ནག །སྨན་ཆེན། བོང་ནག །ལྡོང་རོས། ཡུང་བ། གླ་རྩི། འབྲོང་གི་སྙིང་ཁྲག་


CMR018_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཞིབ་བཏགས་འཁོར་ལོ་ལ་ཁྱབ་པར་བྱུགས། མེ་རི་ལ་དུག་ཁྲག་བྱུགས་ལ་རབ་གནས་བསྐྱེད་ཆོག་དང་ལྡན་རླུང་ཁང་དུ་བོན་སྐོར་བྱེད་དོ། །བསད་པ་འདོད་ན། མུ་ཁྱུད་ལྔ་གོང་དང་འདྲ་བ་ལ། གཉིས་པ་ལ། ཨ༔ཀ༔ར༔ཙ༔ཤ༔ད༔ར༔ས༔དགྲ་བོ་ཧྥེ་མོ་སརྦ་མཱ་ར་ཡ་ཕཊ༔ ཅེས་བྲི། གཞན་མ་གོང་དང་འདྲའོ། །མུ་ཁྱུད་ལྔ་པོ་སྡང་བའི་དགྲ་བོ་མི་ནོར་རིགས་རྒྱུད་འཁོར་བཅས་སྐད་ཅིག་ཉིད་ལ་ཐལ་བར་བརླག་པར་གྱུར་ཅིག །མེད་པར་གྱུར་ཅིག །དངོས་པོ་མེད་པར་གྱུར་ཅིག །ཡུལ་མཁར་མི་ནོར་ཕྱུགས་གསུམ་ཕུང་བརླག་གྱུར་ཅིག་མཱ་ར་ཡ་ཕཊ༔ འཁོར་ལོ་ཞལ་སྦྱར་བའི་ཡར་མར་གཉིས་ལ། ལྟེ་བར་ཆོས་འབྱུང་དང་། ཐ་མར་མུ་ཁྱུད་ཀྱིས་བསྐོར་བ། ཆོས་འབྱུང་གི་ལྟེ་བར་སྔགས་བཅུ་བཞི་པས་བསྐོར། མུ་ཁྱུད་ལ། དགྲ་བོ་གདུག་པ་ཅན་མིང་རུས་འདི་ཞེས་བྱ་བའི་མི་ནོར་རིགས་རྒྱུད་དང་བཅས་པ་སྐད་ཅིག་ཡུད་ཙམ་ལ་ཐལ་བའི་རྡུལ་ཕྲན་དུ་བརླག་པར་གྱུར་ཅིག །མེད་པར་གྱུར་ཅིག་པས་བསྟིམ། མེས་ཚིག །རླུང་གིས་གཡེངས། ཆུས་ཁྱེར། མེད་པར་གྱུར་ཅིག །ཆོས་འབྱུང་བར་དུ་ལིངྒ་སྐྱེ་མཆེད་དོད་པ་བྲིས་ལ། ལྟེ་བར་མིང་


CMR018_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རུས། དབང་པོ་ལ། འོན། ལོང་། འགགས། ཞོ། སྙིང་གར་ནཾ། ཡན་ལག་བཞི། ཛཿཧཱུྃ་བཾ་ཧོ༔ ཆིངས། ཐ་མར་དགྲ་བོ་གདུག་པ་ཅན་ཞེས་པ་ནས། ནུས་པ་བརླག་པར་གྱུར་ཅིག །སྡོད་གནས་བརླག་པར་གྱུར་ཅིག །རང་གཤེད་རིང་ལ་ཕོབ་ཅིག །རང་ནུས་རང་ལ་ཟློག་ཅིག །རང་སྲོག་རང་གིས་ཆོད་ཅིག །སརྦ་པྲ་ཝེར་རཀཱ་མཱ་ར་ཡ་ཕཊ ཅེས་པའི་དམོད་ངན་དང་། འདིའི་རྫས་ལ་མི་གྲིས་བསད་ཀྱི་ཁྲག་རྣག་སྣག་ཚར་བསྲེས་ལ་འཁོར་ལོ་བྲིས། གླ་རྩི། མུ་ཟི་ནག་པོ། གུ་གུལ་ནག་པོ། ཤུ་དག་ནག་པོ། །སྤུ་ནག །བོང་ང་ནག་པོ། ཡུང་བ། ཐལ་ཆེན། རོ་སོལ། ཡུགས་སའི་སྐེ་རགས་བཅས་ལྷན་དུ་ཞིབ་པར་བཏགས་ལ་འཁོར་ལོར་ཁྱབ་པར་བྱུགས། སྲོག་ཤིང་གི་ཁོང་པར་བྱུགས་། ཕུང་ས་གསུམ་ལིང་ག་ལ་བྱུགས་སོ། །དགྲ་ཕོ་མོ་ནང་མི་བཟའ་ཚང་གང་ཡོད་རུང་ལིང་ག་སོ་སོར་བཀོད་ལ་གོང་ལྟར་བྱས་ལ་མིང་རུས་བཀོད། ལིང་ག་ཡུགས་སའི་སྐས་རྒྱ་གྲམ་དུ་བཅིངས་ལ་འཁོར་ལོའི་བར་དུ་སྟེམས། ཡིག་མགོ་ལྟ་ཕྱོགས་དང་སྟེང་འོག་རྣམས་འོག་འཁོར་ནི། ཟློག་འཁོར་བསད་འཁོར་གང་བྱེད་ཀྱང་། སྟེང་འཁོར་ལྟར་ཡིག་མགོ་ནང་


CMR018_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དུ་བྲིས་པ་གང་མང་། ཡབ་ཀྱི་འཁོར་ལོ་དཔེ་ཆུང་ལྟར་བྲིས་པ་སྟེང་དང་། ཡུམ་གྱི་འཁོར་ལོ་དཔེ་ཆུང་བྲིས་པ་འོག་ཏུ་བཅུག །བསད་ཟློག་གཉིས་བོན་སྐོར་དུ་རླུང་ཁང་དུ་བསྐོར་བས། ཆད་འདྲེ་རྒོད་གཏོང་མཐུ་གཏད་ངན་སྔགས་མི་མཐུན་པའི་ཕྱོགས་ཐམས་ཅད་འཕྲལ་དུ་བཟློག །ནུས་པ་བསམ་མི་ཁྱབ། བསད་པ་ནི་དགྲ་གང་ཡིན་ཀྱང་འཕྲལ་དུ་རྟགས་དང་མཚན་མ་གྲུབ་པ་དང་། རིགས་རྒྱུད་གཏོང་། ཡུལ་ཞིང་ས་མཁར་ཕུང་བརླག་ཏུ་འགྲོ་བའི་མཐུ་ནུས་དང་ལྡན་པའོ། །སྲུང་འཁོར་ནི། ནད་གདོན་བར་ཆད་མི་མཐུན་ཕྱོགས་ཐམས་ཅད་བསྲུང་ཞིང་ཞི་བར་འགྱུར་རོ། །སྲུང་ཟློག་བསད་གསུམ་གྱི་རབ་གནས་ནི། རང་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྒོམ། མདུན་དུ་མཆོད་གཏོར་བཤམས་པ་ལ། མཆོད་གཏོར་ཕྲིན་ལས་བཟླས་པ་ཚོགས་བར་དང་འཁོར་ལོ་མཎྜལ་གྱི་སྟེང་དུ་བཞག །སྦྱར་སྤོས་དང་གུ་གུལ་གྱིས་བདུག །བགེགས་བསྐྲད་ལ་ཕཊ་ཀྱི་སྒྲ་ཡི་རིག་པ་ངར་དང་ལྡན་པས་བཟླས་པ་ལྔ་སྟོང་བྱ། རང་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་ཕོག །ཐུགས་རྒྱུད་བསྐུལ་ཏེ་དེ་རྣམས་ཀྱི་འོད་


CMR018_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་དཀར་དམར་མཐིང་གསུམ་འཕྲོས། མདུན་གྱི་འཁོར་ལོ་ལ་ཐིམ་པས་ཡིག་འབྲུ་རྣམས་འོད་ཟེར་མེའི་ཚྭ་ཚྭ་འཕྲོ་བར་བསྐྱེད། རང་སྔགས་དང་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །སླར་ཡང་རང་ཉིད་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། འོག་མིན་ལ་སོགས་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྤྱན་དྲངས། འཁོར་ལོའི་ཡིག་འབྲུ་རྣམས་ལ་བསྟིམ། ཡིག་འབྲུ་རྣམས་སེང་གདོང་མར་བསྐྱེད་ལ། ཡིག་འབྲུ་བཅུ་བཞིའི་བཟླས་པ་བརྒྱ་རྩ་སོགས་བྱེད། སེང་གདོང་མ་འོད་དུ་ཞུ་ནས་ཡིག་འབྲུའི་རྣམ་པར་བསམ་ལ་མཆོད་བསྟོད་དང་། ཡེ་དྷརྨཱ་དང་སུ་པྲ་ཏིཥྛའི་རབ་གནས་བཞུགས་གསོལ་བཀྲ་ཤིས་དང་བཅས་པའི་མཇུག་ཏུ། འདོད་དོན་གསོལ་བ་བཏབ་པ་ནི། སྲུང་ཟློག་གཉིས་ཀྱི་རབ་གནས་སོ། །བསད་པའི་རབ་གནས་ནི། འཁོར་ལོ་རེ་བ་ནག་པོས་བཏུམ། གུ་གུལ། ཤ་ཆེན། ར་ནག་གི་ཤ །ཤུ་དག །ཤིང་ཀུན་གྱིས་བདུག །བདེན་བདར་གྱིས་དགྲ་བོ་གང་ཡིན་མིང་ནས་སྨོས་ལ་ལན་དགུ་འགུགས་གཞུག་བྱེད། འཁོར་ལོའི་བར་གྱི་ལིངྒ་གཉིས་མེད་དུ་བསྟིམ། བཟླས་ལ། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔ མི་འདི་ཞེས་བྱ་བའི་


CMR018_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་མཱ༔ར༔ཡ༔ཕཊ༔ ཡང་མི་ནོར་རིགས་རྒྱུད་དང་བསོད་ནམས། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔ མི་འདི་ཞེས་བྱ་བའི་མི་ནོར་རིགས་རྒྱུད་དང་བཅས་པ་ཐམས་ཅད་མཱར༔ཡ༔ཕཊ དེ་བཞིན་དུ་བཟའ་ཚང་སྤུན་ཟླ་ཡུལ་མཁར་ཞིང་གསུམ། མི་ནོར་རྫས་གསུམ་སོགས་གང་ལ་གང་དགོས་བསྒྱུར་ཤེས་པར་བྱའོ། །བསྐྱེད་རིམ་གསལ། བཟླས་པ་ལྔ་སྟོང་ལྔ་བརྒྱའི་བར་སྒྲུབ། འདོད་གསོལ་ཁ་བསྒྱུར་སོགས་གང་དགོས་རིགས་པས་དཔྱད། དགྲ་བོ་མི་ནོར་འཁོར་བཅས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་ལ། རབ་གནས་ཟློག་འཁོར་དང་མཚུངས། བསད་ཟློག་གཉིས་ཀྱི་དམོད་མོ་ནི། ཕོ་མོ་དགྲ་བགེགས་འདི་ཞེས་བྱ་བའི་མི་ནོར་འཁོར་དང་བཅས་པ་སྐད་ཅིག་གིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར་ཅིག །མེད་པར་གྱུར་ཅིག །སས་རྟིབས། མེས་ཚིག །རླུང་གིས་གཡེངས། ཆུས་ཁྱེར། ནུས་པ་ཐམས་ཅད་བརླག་པར་གྱུར་ཅིག །སྡོད་གནས་ཤོ་བརླག་པར་གྱུར་ཅིག །བྱེད་དང་རིག་སྔགས་ཀྱི་སྦྱོར་བ་དང་། རྫས་སྔགས་ཀྱི་ནུས་པ་ཐམས་ཅད་དང་། འཇིག་རྟེན་གྱི་མཐུ་དང་ནུས་པ། སྡེ་བརྒྱད་བསྐུལ་བའི་ནུས་པ། བྱད་


CMR018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྟེམས་མཐུ་གཏད་མདོ་སྒྲུབ་ལ་སོགས་པ་ཐམས་ཅད། བྱེད་མ་ལྷ་སྲུང་དང་བཅས་པ་ཁོ་རང་གི་གཤེད་དུ་ཕོབ་ཅིག །བདུད་དུ་ཕོབ་ཅིག་།རང་སྲོག་རང་གིས་ཆོད་ཅིག །དགྲ་བོ་ཁོ་རང་གི་ལུས་ངག་ཡིད་གསུམ་ཁོ་རང་གིས་བརླག་པར་གྱུར་ཅིག །ཅེས་ཟློག་པ་དགུ་རྒྱབ། དམིགས་པ་གསལ། སྲུང་ཟློག་གཉིས་ཀྱི་དམིགས་པ་ནི། རང་གི་ཆོས་སྐྱོང་ལྷ་ལ་བཤོས་བུ་གསེར་སྐྱེམས་ཕུལ། ཕྲིན་ལས་བཅོལ། ཡུལ་བདག་ལ་བཤོས་གཙང་གསེར་སྐྱེམས་ཕུལ། རབ་གནས་རང་སྔགས་བརྒྱ་རྩ་དང་། རྟེན་འབྲེལ་སྙིང་པོ་ཉེར་གཅིག་ཙམ་དང་བཞུགས་གསོལ་བཀྲ་ཤིས་སྨོན་ལམ་བརྗོད་ལ་རང་གི་ཁང་ཐོག་ཏུ་བཞུགས། ཡང་ན་ཆུ་མིག་ཏུ་གོང་ལྟར་བྱས་ཏེ། ཀླུ་ལ་ཀླུ་གཏོར་དང་ཀླུ་སྨན་དཀར་གསུམ་མངར་གསུམ་གྱི་གཏོར་མ་ཕུལ། ཕྲིན་ལས་བཅོལ། ཡང་ན་རི་ཆེན་པོའི་རྩེ་རུ་བསྐོར་ཏེ། ཡུལ་ལྷ་ལ་གསེར་སྐྱེམས་ཕུལ། ཕྲིན་ལས་བཅོལ་ཡང་བསད་འཁོར་ནི། བྲག་རི་ནག་པོ་བྱང་དུ་བལྟ་བའི་རླུང་ལམ་ཡོད་པའི་བར། རབས་ཆད་ཁྲུ་བར་རླུང་ཁང་བཅོལ་ཏེ་ནང་དུ་བསྐོར། བདུད་བཙན་ལ་རི་ནག་ཤ་དང་གསེར་སྐྱེམས་སམ་གཏོར་མ་བཤོས་བུས་མཆོད་ལ་ཕྲིན་ལས་བཅོལ།


CMR018_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཆུ་མིག་གདོལ་པ་གནས་སར་ཀླུ་བཤོས་འབྲུ་སྣ་དཀཾར་གསུམ་མངར་གསུམ་རིན་ཆེན་ཕུལ་ལ་ཕྲིན་ལས་བཅོལ། ཡང་གནམ་ས་གྲུ་གསུམ་དུ་གཟའ་བདུད་རཱ་ཧུ་ལ་ལ་ར་ཤ་ར་ཁྲག་ཉ་ཤ་བཤོས་བུ་གསེར་སྐྱེམས་ཕུལ་ལ་ཕྲིན་ལས་བཅོལ། དེ་ལྟར་ལྷ་འདྲེ་མི་གསུམ་སུས་ཀྱང་མ་རིག་པ་དང་། རླུང་ལམ་འཕོག་ཅིང་གསང་རྒྱ་ཤིན་ཏུ་དམ་པ་གཅེས་སོ། །འདིར་ནི་བླ་མ་རྡོ་རྗེ་གདན་པ་ནས་བརྒྱུད། བ་རི་ལོ་ཙཱ་བའི་སྲུང་ཟློག་བསད་པ་ཁུངས་མར་གྲགས་པ་ཡིན་པས་གཅེས་སྤྲས་ཆེན་པོ་མཛོད། སྲུང་ཟློག་བསད་པའི་ནུས་པ་དང་རྟགས་ཐོན་པ་མང་པོ་བྱུང་བ་ཡིན་པས་ལོ་རྒྱུས་གཞན་དུ་གསལ། སྐལ་མེད་གནོད་བྱེད་སྡིག་ཅན་གྱི་ལག་ཏུ་མ་ཤོར་དམ་པར་མཛོད། སྐལ་ལྡན་ལས་ཅན་སྣོད་ལྡན་གྱིས་སངས་རྒྱས་བསྟན་པ་སྲུང་སྤྱོད་ཡུལ་དུ་བསྟན་པའོ། །འདི་ནི་རླུང་ལས་ཞུ་དྲགས་པ་དང་། ཆུ་ལས་རྦ་དྲགས་པའི་ལས། མེ་ལས་དབལ་ཚ་བའི་གདམས་པ། སྡང་དགྲ་གནོད་བྱེད་རྡུལ་དུ་བརླག་པ་དང་ཁ་ཕུང་དུ་འགྲོ་བའི་ལག་ལེན་མ། ཨྠྀི་།ཤུ་བྷཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྲུང་ཟློག་བསད་གསུམ་གྱི་རླུང་འཁོར་ལག་ཁྲིད།next