Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་རླུང་བསྐོར་རྦོད་གཏོང་ཚར་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་རླུང་བསྐོར་རྦོད་གཏོང་ཚར་གཅོད།next

སེང་གདོང་མའི་རླུང་བསྐོར་རྦོད་གཏོང་ཚར་གཅོད།


CMR018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་རླུང་བསྐོར་རྦོད་གཏོང་ཚར་གཅོད་ཡོད། །


CMR018_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །སེང་གདོང་མའི་བཟློག་འཁོར་འདི་ལ། སྟེང་འོག་གི་འཁོར་ལོ་གཉིས། བར་དུ་དམོད་མོ་གཉིས་བྱ། སྟེང་གི་འཁོར་ལོ་ལ་མུ་ཁྱུད་རིམ་པ་ལྔ། མུ་ཁྱུད་དང་པོ་ལ། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ གཉིས་པ་ལ། ཨ༔ཀ༔ར༔ཙཤདརས༔ བདག་ལ་ཕ་རོལ་པོའི་བྱད་ཁ་བྱེད་པ་མར༔ཡ༔ཕཊ༔ ཅེས་བྲི། གསུམ་པ་ལ་སྔགས་ཚར་གཉིས་བྲིས་། མུ་ཁྱུད་བཞི་པ་ལ་སྔགས་ཚར་གསུམ་བྲིས། མུ་ཁྱུད་ལྔ་པ་ལ། བདག་ཁང་ཁྱིམ་འདི་ཡི་མི་ནོར་རྫས་གསུམ་བཏབ་པའི་ལོ་ཏོག་དང་བཅས་


CMR018_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕ་རོལ་བྱད་མ་མཁན་རྣམས་ཀྱིས་རིག་སྔགས་དྲག་པོ་དང་རྫས་སྦྱོར་ངན་པ་གང་བྱེད་པ་ཐམས་ཅད་དགྲ་བོ་བྱད་མ་ཁོ་རང་གི་སྟེང་དུ་ཟློག་ཅིག ཅེས་བྲིས། བསད་པར་འདོད་ན། མུ་ཁྱུད་རིམ་པ་ལ། ཨ༔ཀ༔ས༔མ༔ར༔མ༔ཤ༔ད༔ར༔ས༔ རྗེ་མ༔ར༔ཡ༔ཕཊ༔ བྱ་བ་བྲིས། མུ་ཁྱུད་ལྔ་པ་ལ། རྨི་མོ་མི་ནོར་འཁོར་དང་བཅས་པ་སྐད་ཅིག་ཉིད་ལ་བརླག་པར་གྱུར་ཅིག་མེད་པར་གྱུར་ཅིག །ཅེས་དམོད་མོ་གང་ཤེས་བྲིས། དེ་རྣམས་ཡིག་མགོ་ཕྱི་ལ་བསྟན། ༈ འོག་འཁོར་ནི། བཟློག་བསད་འཁོར་ལོ་གང་བྱེད་ཀྱང་། སྟེང་འཁོར་ལུགས་བཞིན་ལ། ཡིག་མགོ་ནང་དུ་


CMR018_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གང་མང་བྲིས། ཡབ་ཀྱི་འཁོར་ལོ་དཔེའུ་ཆུང་ལྟར་བྲིས་པའི་སྟེང་དང་། ཡུམ་གྱི་འཁོར་ལོ་དཔེའུ་ཆུང་ལྟར་བྲིས་པའི་སྟེང་འོག་གི་བར་དུ་སེང་གདོང་མའི་འཁོར་ལོ་འཇུག་པ་གལ་ཆེའོ། །སེང་གདོང་མའི་འཁོར་ལོ་ལ་མུ་ཁྱུད་རིམ་པ་ལྔ་བསྐོར་ལ་སྟེང་འཁོར་གནམ་ལྟ་ཡིག་མགོ་ནང་དང་། འོག་འཁོར་ས་ལྟ་ཡིག་མགོ་ཕྱིར་བསྟན་དེ་གཉིས་ཀྱི་ལྟོ་བ་ལ། །ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ ཅེས་བྲིས། དེའི་ཕྱི་མ་ལ། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔ བདག་ལ་ཕ་རོལ་གྱིས་བྱད་ཁ་ཕུར་ཁ་མཐུ་གཏད་ཆོད་གཏོང་རིག་སྔགས་ཐམས་ཅད་མ༔ར༔ཡ༔ཕཊ༔ ཅེས་བྲི། དེའི་ཕྱིའི་མུ་ཁྱུད་ལ། བདག་ལ་ཕ་རོལ་གྱིས་བསམ་སྦྱོར་ངན་པས་ལུས་བཅིངས་པ་ངག་མནན་པ་ཡིད་བཅིངས་པ་ཐམས་ཅད་ཁྲོལ། །རིག་སྔགས་ཀྱིས་བསམ་སྦྱོར་ངན་པ་སྒྲ་མོ་མ༔ར༔ཡ༔ཕཊ༔ ཅེས་པ་རྣམས་གཉིས་ཀ་ལ་བྲིས་ལ་ཡབ་ཡུམ་སོ་སོར་སྒྲིགས་སོ། །བོན་སྐོར་བྱེད་ན་ཡབ་ཀྱི་ཡིག་མགོ་ནང་། ཡུམ་གྱི་ཡིག་མགོ་ཕྱིར་བསྟན་ནོ། །དེ་བཞིན་བྱས་པས་དྲོད་གཏོང་སོགས་བཟློག་བསད་གང་བྱེད་ཀྱང་ནུས་པ་བསམ་གྱིས་མི་ཁྱབ་བོ། ༈ །འཁོར་ལོ་ལ་རབ་གནས་བྱ་བ་ནི། རང་ཉིད་ཡི་དམ་


CMR018_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱེད་དུ་བསྒོམ། འཁོར་ལོ་རྣམས་ཀྱི་མདུན་དུ་མཆོད་པ་རྣམས་བཤམས་ལ། བསམ་བྱ་ནི། རང་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས། འཁོར་ལོའི་ཡིག་འབྲུ་རྣམས་མཁའ་འགྲོ་མ་སེང་གེའི་གདོང་ཅན་དུ་བསྐྱེད་ལ་བསྟིམ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གྲི་ཐོད་ཁ་ཊཾ་རུས་པའི་རྒྱན་གྱིས་བརྒྱན། །གཡས་བརྐྱང་གཡོན་བསྐུམ་མེ་དཔུང་དབུས་ན་བཞུགས། །སེང་གདོང་མཁའ་འགྲོའི་སོགས་ལ་ཕྱག་འཚལ་ལོ། །ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ཕཊ༔ ཅེས་བཟླས་མཆོད་བསྟོད་བྱ། སེང་གདོང་འོད་དུ་ཞུ། ཡིག་འབྲུའི་རྣམས་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་པ་འཁོར་དང་བཅས་པ་མདུན་གྱི་འཁོར་ལོ་ལ་བསྟིམ། ཡེ་དྷམ་བཟླས་ལ་རབ་གནས་བྱའོ། །བསད་པའི་འཁོར་ལོ་ཞལ་ལས་ཤེས། འདི་བ་རི་ལོ་ཙཱ་བས་ཕྱིར་བཟློག་གོང་ཁུག་མ་རུ་གྲགས་སོ། །འདིའི་སྲུང་ཟློག་གཉིས་ཀྱི་རྟགས་ཐོན་པ་མང་དུ་ཡོད། བསད་པའི་འཁོར་ལོའི་གནད། བར་དུ་ཟག་རྫས་དྲི་མ་གང་རྙེད་བྱུགས་པ་སོགས་


CMR018_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ལས་ཤེས་སོ། །འདིའི་དམོད་མོ་ནི། ཁོ་བོ་མིང་འདི་ཞེས་བྱ་བའི་མི་ནོར་འཁོར་དང་བཅས་པ་སྐད་ཅིག་ཉིད་ལ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར་ཅིག །བྱེད་དང་རིག་སྔགས་ཀྱི་སྦྱོར་བ་རྫས་ཀྱི་ནུས་པ་དང་། ཏིང་ངེ་འཛིན་གྱི་ནུས་མཐུ་དང་། སྡེ་བརྒྱད་བསྐུལ་བའི་ནུས་པ་དང་། བྱད་སྟེམས་ངན་པ་ཐམས་ཅད་བྱེད་མ་མཁན་ཁོ་རང་གི་སྟེང་དུ་སརྦ་སྟེམ་གྱི་ར་ར། ཞེས་པ་འདི་བསད་བཟློག་གཉིས་ཀ་ལ་བྱའོ།། ༈ སེང་གདོང་འཁོར་ལོའི་དགྲ་སྡབ་ལས། སྟེང་འཁོར་ཡབ། འོག་འཁོར་ཡུམ། དེ་གཉིས་རྒྱབ་ལ། སྟེང་ཚེའཁོར་རྒྱབ་ལ་རྡོ་རྗེ་རྒྱ་གྲམ་བྲི། འོག་འཁོར་རྒྱབ་ཏུ་པདྨ་འདབ་བརྒྱད་བྲི། གཞན་ལ་ཤོག་རིལ་དཔེ་ཆུང་ལྟར་དུ་བྲིས། ཡང་འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར། འཁོར་ལོ་འདི་ཡིག་མགོ་ནང་དུ་བསྟན། དབུས་ཀྱི་ལྟེ་བ་ལ། ཨོཾ་བཛྲ་ས་ཏྭ་སྭཱ་ཧཱ། ཞེས་པ་བཞི་བྲིས། དེའི་ཕྱི་ཡི་རྩིབས་བཞི་ལ། ཨོཾ་ཨ་མོ་གྷ་སིདྡྷི་སྭཱ་ཧཱ། ཨོཾ་རཏྣ་སགྷཾ་ཝ་སྭཱ་ཧཱ། ཨོཾ་བེ་རོ་ཙཱ་ན་སྭ་ཧཱ། ཨོཾ་ཨ་མི་ཏ་སྭཱ་ཧཱ། རྩིབས་མཆན་ལ། བིཞིཐརྦད། ཅེས་པ་རེ་རེ་བྲི། དེའི་ཕྱི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བྲིས། དེའི་ཕྱིར་ཡེ་དྷརྨ་ཚར་གཉིས་བྲིའོ། ༈ །ཡང་འཁོར་ལོ་མུ་ཁྱུད་


CMR018_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཡིག་མགོ་ཕྱིར་བསྟན་ལ། དབུས་ཀྱི་ལྟེ་བ་ལ། ཨོཾ་བཛྲ་དྷ་རི་ཏྲི་ཤྭ་རི་མུ་ཞེས་པ་བཞི་བྲིས། དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ། ཨོཾ་མ་མ་ཀི་རི་ཀི་རི་སྭཱ་ཧཱ། ཨོཾ་ཏ་རེ་ཏ་རེ་སྭཱ་ཧཱ། ཨོཾ་པཎཱ་རེ་ཝ་མི་ཝར་ཏེ་སྭཱ་ཧཱ། ཨོཾ་ལོ་རྩ་ནི་བ་སུ་ཏུ་སྭཱ་ཧཱ། ཞེས་བྲིས། དེའི་ཕྱི་མ་ལ་ཨཱ་ལི་ཀཱ་ལི་བྲིས། དེའི་ཕྱི་མ་ལ་ཡེ་དྷརྨ་ཚར་གཉིས་བྲིས། གཙོ་བོ་རྣམས་ཡི་གེ་དབུ་ཅན་གཟབ་པར་བྲིས། ལྷག་ཆད་མེད་པར་བྲིས་གསུབ་མེད་པར་གཅེས། པདྨའི་འཁོར་ལོ་ཡུམ་དང་ཁ་སྦྱོར། རྩིབས་ཀྱི་འཁོར་ལོ་ཡབ་དང་ཁ་སྦྱོར། དེའི་བར་དུ་སེང་གདོང་མའི་འཁོར་ལོ་བཅུག་ལ་ཆོས་སྐོར་དུ་བསྐོར་བས། རྩོད་གཏོང་བྱད་མ་མཁན་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཁོ་རང་ལ་བཟློག །འདབ་ཤོག་གཅིག་ལ། མཾ་མཾ་མ་ཏྲི་ཛ་འབྱུང་བ་རླུང་གི་ལས་འདི་འགྲུབ་པར་གྱུར་ཅིག །དེ་བཞིན་དུ་དེའི་རྒྱབ་ལ། ཡཾ་ཡཾ་ཡ་ཏྲི་ཛ་འབྱུང་བ་རླུང་ཀུན་འདྲེ། ཡང་དེའི་རྒྱབ་ལ། རཱ་ཛ་པུ་རུ་ཛ་འབྱུང་། ཡང་དེའི་རྒྱབ་ལ། བུ་བུ་བུ་ཏྲི་ཛ་འབྱུང་། ཞེས་བྲིས་སོ། །སེར་བ་སྲུང་ན་གཞན་གྱིས་སེར་གཏའ་བཅུག་པ་མཐོ་གནོན་གསུང་གསུང་པའི་ཟབ། ཨྠྀི། སེང་གདོང་མའི་རླུང་བསྐོར་བསྐོར་ཐབས་ཟབ་མོ་རྫོགས་


CMR018_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ས་མ་ཡ། རྒྱ་རྒྱ་རྒྱ། བཀྲ་ཤིས། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེང་གདོང་མའི་རླུང་བསྐོར་རྦོད་གཏོང་ཚར་གཅོད།next