Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མ་ཡི་ཐུན་མོང་མ་ཡིན་པའི་སྦྱིན་སྲེག་མེའི་སྤུ་གྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མ་ཡི་ཐུན་མོང་མ་ཡིན་པའི་སྦྱིན་སྲེག་མེའི་སྤུ་གྲི།next

སེང་གདོང་མ་ཡི་ཐུན་མོང་མ་ཡིན་པའི་སྦྱིན་སྲེག་མེའི་སྤུ་གྲི།


CMR018_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མ་ཡི་ཐུན་མོང་མ་ཡིན་པའི་སྦྱིན་སྲེག་མེའི་སྤུ་གྲི་བཞུགས་སོ། །


CMR018_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་ཨུ་པ་དེ་ཤ། རང་ཉིད་སེང་གདོང་མ་བསྐྱེད་རིམ་གསལ་བར་བསྒོམས་པའི་མདུན་དུ། སྣོད་ཟངས་ལྕགས་སམ་མེད་ན་གང་རུང་མེ་ཁྲོལ་དམར་འུར་རེ་བ་བླུག་ལ་བཞག །ཐོད་སྟེང་ངམ་ཟངས་ལྕགས་ཀྱི་སྣོད་དུ་ཐེབ་ཙེའི་ནང་དུ་ཡུངས་ཀར་བཤམས། མེ་དང་ཡུངས་ཀར་བྲན་ལ། ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མ་འཁོར་དང་བཅས་པའི་བདེན་པས་གནོད་ཅིང་འཚེ་བའི་བྱད་མ་རྦོད་གཏོང་དང་བཅས་པ་ཡུངས་ཀར་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་བརྒྱ་རྩ་བརྒྱད་ཉེར་གཅིག་འགུགས་


CMR018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་བྱས་ལ་བསྟིམ། ཨོཾ་བཱི་ཤཱ་ཌཱཀི་ནི་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་མེ་ཁྲོལ་མི་དམིགས་པ་ལས་དྲག་པོའི་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་རལ་གྲིས་མཚན་པ། བསྐལ་པའི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་མེ་ལྷ་སེང་གདོང་མ་སྐུ་མདོག་དམར་ནག་གྲི་གུག་ཐོད་ཁྲག་ཁ་ཊཾ་བསྣམས་ནས་གར་སྟབས་སུ་རོལ་བ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཛཿཧཱུྃ་བཾ་ཧོཿ དེ་ནས་ཡུངས་ཀར་འབྲུ་རེ་རེ་མཐེབ་སྲིན་གྱིས་བཟུང་ལ། མེ་ཁྲོལ་གྱི་ཁ་བསྐོར་ལ། ཨ༔ཀ༔ས༔མ༔ར༔ཙཤདར༔ས༔མ༔


CMR018_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ར༔ཡ༔ཕཊ༔ བྱེད་མ་མཱ་ར་ཡ་ཕཊ༔ ཅེས་ཡུངས་ཀར་བྱད་མ་དངོས་སུ་གསལ་བར་བསམ། སེང་ཞལ་གནམ་ས་ཙམ་གདངས་པ་མེ་འབར་བའི་ནང་དུ་འཕང་བར་དམིགས། །གྲངས་བརྒྱ་རྩ་བརྒྱད་སོང་ནས། བཛྲ་ཌཱཀི་སེང་ཧ་མུ་ཁ་ཨཧཱུྃ༴ སོགས། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཧཱུཾ། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། སོགས་ཀྱིས་བསྟོད། མཐར་མེ་ལྷ་འོད་དུ་ཞུ་ནས་རང་གི་སྙིང་གར་ཐིམ་པར་གྱུར། སྟོང་ཉིད་ཀྱི་རྒྱས་བཏབ་འདི་ཉེར་དགུ་གལ་ཆེ་དུས་ལན་རེ་བྱའོ། །ཡང་གཏོར་མ་སྙིང་ལ་ཟུར་བཏོད་པ་ལྟ་བུའི་འོག་ཏུ། བྱད་མའི་ལིངྒ་ཞལ་ཤེས་ལྟར་བཞག་གཏོར་མ་བྱད་མའི་ཤ་ཁྲག་ཏུ་དམིགས་ལ། མཁའ་འགྲོའི་ཞལ་དུ་དམར་ཆིལ་ཆིལ་གསོལ་བར་ཟླུ བསམ། ཡི་གེ་བཅུ་བཞི་པའི་ཤམ་དུ། བྱད་མ་གནོད་བྱེད་ཚེའི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚྭ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། བཞེས་ཤིག་རོལ་ཅིག །དེ་ལྟར་གཏོར་མ་ཕུལ་ཞིང་ཞག་བདུན་སྦྱིན་སྲེག་བྱས་ན། བྱད་མ་དེ་ཉིད་རྡུལ་དུ་བརླག་པར་ཐེ་ཚོམ་མེད། འདི་ལ་ཞལ་ཤེས་གསུམ་ཡོད་པ་གསེར་གྱིས་བསླུ་བར་བྱའོ། །འདི་མ་སྤེལ་ཅིག །སྤེལ་ན་མཁའ་འགྲོའི་ཆད་པ་འོང་། ཞེས་པ་འདི་རཱ་ག་ཨ་སྱས་སྨྲས་སོ། །སརྦ་མངྒ་ལཾ། །བྷ་ཝནྟུ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེང་གདོང་མ་ཡི་ཐུན་མོང་མ་ཡིན་པའི་སྦྱིན་སྲེག་མེའི་སྤུ་གྲི།next