Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་ཌཱཀིའི་ཟློག་པའི་ལས་མཐའ་སྦྱིན་སྲེག་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་ཌཱཀིའི་ཟློག་པའི་ལས་མཐའ་སྦྱིན་སྲེག་ཞལ་ཤེས།next

སེང་གདོང་ཌཱཀིའི་ཟློག་པའི་ལས་མཐའ་སྦྱིན་སྲེག་ཞལ་ཤེས།


CMR018_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཌཱཀི་སེང་ཧ་མུ་ཁ་ཡེ། སེང་གདོང་ཊཱཀིའི་ཟློག་པའི་ལས་མཐའ་ནི། །སྦྱིན་སྲེག་མེ་ཡི་སྤུ་གྲིའི་ཞལ་ཤེས་རྣམས། །སྔོན་ཆད་ཡི་གེ་མེད་པ་ཡི་གེར་བཀོད། །ཆོས་བདག་ཌཱཀིས་བཀའ་ཡིས་གནང་བ་སྩོལ། །ཟངས་ལྕགས་སྣོད་དུ་གཏོར་མ་ཟུར་གསུམ་ནི། །བྲ་སྲན་འབྲུ་ནག་བསྲེས་པའི་ཟན་ལ་བཅལ། །དེ་ཡི་སུམ་གཉིས་འཕྲད་དུ་བཅད་བྱས་ལ། །སྨད་དེ་གྲུ་གསུམ་ཧོ་ཁུང་གཟུགས་སུ་བྱས། །དེ་ནང་ལིངྒ་དཔེའུ་རིས་ལྟར་བཅུག །སྟོད་སྨད་མཚམས་སྦྱར་ཁྲག་གིས་དམར་ནག་བྱུགས། །ཕྱོགས་བཞིར་གཏོར་ཆུང་ཟུར་གསུམ་བཞི་ཡང་བཞག །ཤ་ཁྲག་མར་རྒྱན་མེ་རི་བཅས་པ་བྱ། །དབུ་ཕྱག་གྲངས་ཀྱི་རྩང་ཐུར་བཙུགས་བྱས་ལ། །མཚེ་དང་ཡུངས་དཀར་ནག་གིས་བརྒྱན་པར་བྱ། །མདུན་དུ་སྟེགས་སམ་གང་བདེའི་ས་རུ་བཞག །གཏོར་མའི་རྩེ་ནི་ལྷ་མོ་གཙོ་འཁོར་ལ། །སྐེད་པ་དྲག་པོའི་མཆོད་སྤྲིན་རྒྱ་མཚོར་དམིགས། །སྨད་ནི་གྲུ་གསུམ་ལྕགས་ཁང་འབར་བའི་ནང་། །ལིངྒ་བྱད་མ་མགོ་ཐུར་མནན་པར་དམིགས། །བཀུག་གཞུག་སྤྱི་ལྟར་ཡང་ཡང་བྱས་པའི་རྗེས། །དམིགས་པ་བདག་མདུན་ལྷ་མོའི་འོད་ཟེར་ལས། །ཕཊ་ཡིག་བྱོན་ཏེ་ཁོ་ཡི་གསང་ལམ་


CMR018_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། །སྙིང་ཁར་ཕྱིན་པས་གནམ་ལྕགས་འཁོང་ལོའི་སྟེང་། །འོག་མ་ཟངས་ལས་གྲུབ་པའི་འཁོར་ལོ་གཉིས། །རྩིབས་ནི་བཅུ་བཞི་རྣོ་ངར་སྤུ་གྲི་འདྲ། །སྟེང་མ་གཡས་དང་འོག་མ་གཡོན་དུ་འཁོར། །དང་པོ་འཁོར་ལོ་ཆུང་ངུ་གཉིས་ཡིན་པ། །ཁོ་ཡི་སྲོག་རྩྭ་ལྗང་མིག་ནང་དུ་འཁོར། །ཚིགས་མིག་ཆད་པས་འཁོར་ལོ་ཇེ་ཆེར་བསྐྱེད། །ཤ་ཁྲག་དོན་སྙིང་དབང་པོ་ཐམས་ཅད་གཏུབ། །དམར་ཉིལ་སོང་བ་གཏོར་མའི་སྨད་དང་འདྲེས། །སེང་གདོང་ལྷ་མོ་ཌཱཀི་བྱེ་བ་ཡིས། །བྱ་རྒོད་ཐེད་ལ་རུབ་བཞིན་གསོལ་བར་བསམ། །ཡི་གེ་བཅུ་བཞི་པ་ཡི་སྔགས་ཤམ་དུ། །གཞུང་གི་ཁཱ་ཧིའི་སྔགས་ཀྱིས་གཏོར་མ་བསྔོ། །དེ་དག་ཞག་གྲངས་ཚང་ངམ་རྟགས་ཐོན་དུས། །རྒྱུ་ལྡོག་ལེགས་པར་བརྩིས་ལ་དགྲ་ཕྱོགས་སུ། །གཏོར་མ་འཕང་ཞིང་དམོད་བཅོལ་གང་ཤེས་བྱ། །ལིང་རོ་དེ་ཉིད་མནན་པ་བྱ་བའམ། །ཡང་ན་ཡུངས་ཀར་སྦྱིན་སྲེག་ནང་དུ་ཕུལ། །དེ་ནི་གཏོར་མའི་ཞལ་གདམས་ཨྠྀིནརྒྱ། ༈ དེ་ནས་ལིངྒ་བྲི་ཚུལ་སྤྱི་ལྟར་ལ། །ཤོག་བུ་ལ་ནི་བོང་ང་སྐམ་པོ་བྱུག །དེ་སྟེང་སྣག་ཚ་གཙང་མའི་ནང་དུ་ནི། །བཙན་དུག་གྲི་ཁྲག་ཞད་ཙམ་བསྲེས་བྱས་ལ། །ལིངྒ་བྲི་ཚུལ་སྤྱི་དང་མཚུངས་པ་


CMR018_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །སྙིང་ཁར་ནི་ཡིག་ཆེན་པོ་གཅིག་གི་ནི། །ཀྲྀ་ཡི་མིག་ཏུ་འཁོར་ལོ་རྩིབས་བཅུ་བཞི། །བརྡ་མཚོན་སེན་མོ་ཙམ་ཞིག་བྲིས་པའི་དབུས། །ཡི་གེ་ཕཊ་ནི་ནག་པོ་བྲི་བར་བྱ། །ནི་མཐར་མིང་ཡིག་གང་དགོས་བྲི་བ་དང་། །དམིགས་ཡུལ་ངེས་པ་མེད་ན་སྤྱི་མིང་སྟེ། །གནོད་བྱེད་དགྲ་བགེགས་བྱད་མ་ཞེས་པའམ། །ཚེ་བསོད་སྲོག་ལ་བར་དུ་གཅོད་པ་ཡི། །སྒབ་འདྲེ་དམ་སྲི་ལ་སོགས་སྤྱི་མིང་བྲི། །དེ་རྒྱབ་བླ་ཤ་རེ་མ་ཏི་ལ་སོགས། །བླ་འགུགས་སྤྱི་ཡི་སྔགས་ཀྱིས་བསྐོར་བར་བྱ། །ཡན་ལག་འབྲུ་བཞི་ལ་སོགས་སྤྱི་དང་མཚུངས། །ལིངྒའི་རྒྱབ་ནས་ཡི་གེ་མགོ་ནང་བསྟན། །བསད་སྔགས་ཡིག་འབྲུ་བཅུ་བཞི་པ་དེ་ཉིད། །བཅུད་གཅིག་མ་འཁོར་བར་དུ་ཤོང་བར་བྲི། །དེ་རྒྱབ་ཛཿདང་ཁྲམ་གྱིས་འཁོར་བར་བསྐོར། །ལིང་ཁྲུས་འགུགས་གཞུག་ལྷ་དབྱེ་ལྟེབ་ཆག་སྤྱི་དང་མཚུངས། །ཚོན་སྐུད་ཤི་སྐྲ་ཁྱི་རའི་སྐུད་པ་གསུམ། །གང་འཛོམ་རྒྱ་གྲམ་བཅིང་ལ་གཏོར་མར་བཅུག །དེ་ནས་ལིངྒའི་ཞལ་གདམསཨྠྀི་རྒྱ། ༈ །སྔགས་ནི་རིམ་གྲོ་སྲུང་ཟློག་ཁོ་ན་ལ། །གཞུང་ལྟར་ཡི་གེ་བཅུ་བཞི་པ་ཡི་མཇུག །གནོད་བྱེད་དགྲ་བགེགས་བྱད་མ་མཱ་ར་ཡ་ཕཊ༔ ཅེས་པ་


CMR018_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་བགྲངས་བས་ཆོག་པ་ཡིན། །ལྷ་མོ་འདི་ཉིད་ཡི་དམ་བྱས་པ་ཡི། །སྔགས་པ་གཞན་དང་ནང་འགྲས་བྱུང་བ་ན། ཨ༔ཀ༔ས༔མ༔ར༔ཙ༔གཞུང་ལྟར་དང་། །དེ་མཐར་ཕཊཡར༔མསསོགས་གོ་ལྡོག་དང་། །གནོད་བྱེད་བྱེད་མ་མཱ་ར་ཡ་ཕཊ ཋསོགས་སྔགས་ཚན་གསུམ། །སྦྲེལ་མར་བཟླས་པ་དེ་ནི་མན་ངག་ཡིན། །དེ་དག་བཟློག་པ་ཁོ་ན་གཙོ་བོ་སྟེ། །བསད་པ་ཉིད་ལ་གཙོ་བོ་བྱེད་འདོད་ན། །དགོང་མོ་ནས་ནི་བསད་སྔགས་འདི་ཉིད་བཟླས། །ཡམརུཎ༔ཤདར༔ས༔མ༔ར༔ཡ༔ཕཊསོདསོད༔ སོད་སོད་གོང་དུ་གནོད་བྱེད་དགྲ་བགེགས་སོགས། །མིང་སྤེལ་བཅས་པ་བཟླ་བ་མན་ངག་ཡིན། །དམིགས་པ་གོང་གི་འཁོར་ལོ་བསྐོར་དམིགས་གཉིས། །དེ་ནི་སྔགས་ཀྱི་ཞལ་ཤེསཨྠྀི་རྒྱ། །དེ་དག་ངེས་པར་རྟགས་ཐོན་བྱེད་ན་སྟེ། །དེ་མིན་རང་གི་སྲུང་ཟློག་ཙམ་ལ་ནི། །གཏོར་མ་ལིངྒ་མི་དགོས་སྦྱིན་སྲེག་ཆོག །དེ་ཡང་བཟློག་ནི་མེད་པའི་དུས་སུ་སྟེ། །ཉི་ནག་མེད་དུས་ལ་སོགས་དྲག་པོའི་དུས། །ཉིན་གཅིག་ལ་ཡང་ཚར་གྲངས་དུ་ཐོན་བླུག །ཡུངས་ཀར་བརྒྱ་རྩ་མཆོད་བསྟོད་རྩི་བྱ་སྟེ། །སྦྱིན་སྲེག་ཚར་གཅིག་ཡིན་པ་ཤེས་པར་བྱ། །མང་དུ་བླུགས་ན་མཐར་


CMR018_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་བསྡུ་བཞག །མཐར་ནི་རང་ལ་བསྟིམ་སོགས་གཞུང་ལྟར་རོ། །དེ་ནི་ཞལ་ཤེས་ཡོངས་སུ་རྫོགས་པའོ། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །དགེ་བས་དཀོན་མཆོག་དབུ་འཕང་མཐོ་བ་དང་། །བསྟན་འཛིན་སྐྱེས་བུ་སྐུ་ཚེ་བརྟན་གྱུར་ཅིག །འབྲི་གུང་ལུགས་ནས་རཱ་ག་ཨ་སྱས་བྲིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསེང་གདོང་ཌཱཀིའི་ཟློག་པའི་ལས་མཐའ་སྦྱིན་སྲེག་ཞལ་ཤེས།next