Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གདོང་མ་སྒྲུབ་པའི་བགེགས་བཟློག་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གདོང་མ་སྒྲུབ་པའི་བགེགས་བཟློག་ཐབས།next

མཁའ་འགྲོ་སེང་གདོང་མ་སྒྲུབ་པའི་བགེགས་བཟློག་ཐབས།


CMR018_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མ་སྒྲུབ་པའི་བགེགས་བཟློག་ཐབས་བཞུགས་སོ།།


CMR018_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་སེང་ཧ་མུ་ཁ་ཡེ། སེང་གདོང་མ་སོགས་ཡི་དམ་གང་རུང་སྒྲུབ་ཀྱང་སྒབ་འདྲེ་མནན་པ་གལ་ཆེའོ། །ཁྱད་པར་སེང་གདོང་མའི་དབང་སྡུད་བྱ་བ་དང་། ལྷ་དབང་ཕྱུག་ཆེན་པོ་སྒྲུབ་པ་འདི་གལ་ཆེའོ། །མི་ལ་བླ་རྐུན་བྱིས་པའི་གཟུགས། ཕུང་འདྲེ་བསེ་རག་རི་བོང་མགོ །ཟ་ཁ་ལ་གནོད་སྲིན་མོའི་གཟུགས། །གོད་འདྲེ་དོམ་གྱི་མགོ་ཅན་བཞི། །ལིངྒ་མགོ་བསྣོལ་བཞི་ཙམ་བྲི། །སྣག་ཚ་གཙང་བ་གལ་ཆེའོ། །བུད་མེད་བྱིས་པའི་སྙིང་གར་ཏྲི། །རི་བོང་དོམ་གྱི་སྙིང་གར་དྲི། །ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོབཞི། །སྤྱི་བོར་ནན་དང་རྐང་ཞབས་ཡཾ། །རྐང་ལག་ལྕགས་སྒྲོག་གིས་བསྡོམ། ས་བོན་གྱི་མཐར་སོ་སོའི་མིང་དང་ཁུག་ཛ་མཱ་ར་ཡ་ནན་བྲིས། ལིངྒ་བཞིའི་འདུས་སོ་སྤྱི་བོར་རྒྱ་གྲམ་བྲིས་པའི་ལྟེ་བར་ཧཱུྃ་སྣུམ་བྷ་ཡ་ནན་ལཾ་


CMR018_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། ལིངྒ་བཞིའི་ཕྱི་རོལ་ནས་སྔགས་མགོ་ཕྱིར་བསྟན་པ་ལ། ཨོཾ་མི་ལ་ཀུ་རུ། སོགས་སྔགས་རིང་ཚར་གཉིས་གསུམ་གྱིས་བསྐོར། དེ་ནས་འགུགས་གཞུག་བརྒྱའམ་ཉེར་གཅིག་བྱས་ལ་ཁྱི་རའི་སྐུད་པས་རྒྱ་གྲམ་དུ་བཅིངས་ནས་ཧིཾ་ཁུང་དུ་བཅུག་ནས་དུས་གསུམ་མམ་དྲུག་ཏུ་འགུགས་གཞུག་བྱེད་ཅིང་ཞག་གསུམ་བསྒྲུབ། གལ་ཏེ་མཚམས་བྱེད་ན་སྒྲུབ་པ་ཁོ་ན་ཞག་བདུན་ནམ་རྟགས་མ་བྱུང་བར་ཉིན་རེ་འགུགས་གཞུག་དུས་གསུམ་དང་། དུས་སུ་སྔགས་རེ་བཟླས། རང་ཉིད་ཡི་དམ་རྟ་མགྲིན་ཕྱག་རྡོར་སོགས་ཁྲོ་བོ་གང་རུང་བསྐྱེད་ལ་དེའི་སྔགས་ཤམ་དུ་སྔགས་འདི་བཏགས་ལ་བཟླས་ནས་ཡུངས་ཀར་ལ་ཕུ་བཏབ་མཆིལ་མ་མ་སོང་བར་བྲུབ་ཁུང་གི་ལིངྒ་བྲན། བྲན་ཆར་ནས་ཁ་བཅད་ལ། མཆོད་རྟེན་གསེར་སྐུའམ། མེད་ན་ཚ་ཚས་མནན་ལ་


CMR018_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །སྔགས་ལ། ཨོཾ་མི་ལ་ཀུ་རུ་ནན། བསེ་རག་ཤ་ཏྲི་ནན། གོད་འདྲེ་ཙཀྲ་ནན། བསེན་མོ་རུ་ཊི་ནན། ཀ་ལ་ཤན་ཏཱི་ནན། གནོད་བྱེད་མཱ་ར་ཡ་ནན། ཨོཾ་སརྦ་མ་ཀི་ཏྲི་གནོད་བྱེད་སྤྱན་བཞིའི་སྲོག་ལ་མཱ་ར་ཡ་ནན། ཞེས་བཟླས་པས་རྟགས་ནི་སེམས་ཅན་བསད་པ་དང་། བཀྱིག་པ་དང་ཁ་བསྡམས་པ་དང་། དོང་ནང་དུ་བཅུག་པ་དང་། མཆུ་དང་མཚེ་བ་བཅག་པ་དང་། བརྡུང་བཙོག་བྱས་པ་རྨིས་ན་སུས་ཀྱང་མ་ཚོར་བར་སྒོ་ཐེམ་འོག་ཏུ་དོང་གྲུ་གསུམ་བྲུས་པར་འགུགས་གཞུག་བྱས་ལ་ཐལ་བ་མེ་ཁྲོལ་ཆུ་ཐིགས་བླུགས། རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་རི་རབ་གླིང་བཞི་བྲིས་པས་མནན་པ་དབྱིབས་སྟེང་དུ་གཏོར་བྲོ་གང་རུང་ཞིག་བརྡུང་། འདི་འདྲའི་གདམས་ངག་མ་ཤེས་ན། །ཡི་དམ་སྤྱི་དང་ཁྱད་པར་དུ། །སེང་གདོང་དབང་ཕྱུག་སྒྲུབ་པ་རྣམས། །དངོས་གྲུབ་མི་འབྱུང་བཀྲ་མི་ཤིས། །མི་ལ་བླ་རྐུན་བྱིས་པའི་གཟུགས། །ཚེ་ཐུང་རིགས་རྒྱུད་འཕེལ་མི་ཟ འཇུག །ཡུལ་འདྲེ་བསེ་རག་རི་བོང་མགོས། །ནོར་དབུལ་ལྟོག་འགོང་དབུལ་སྲི་བྱེད། །ཟ་ཁ་ལ་གནོད་སྲིན་མོའི་གཟུགས། །ཟ་ཁ་བགགས་ཤིང་འགྲོ་དོན་འགྲིབ། །གོད་འདྲེ་དོམ་གྱི་མགོ་ཅན་གྱིས། །རྟ་ཕྱུགས་ནོར་རྣམས་འཆི་བར་བྱེད། །དེ་ཕྱིར་མནན་པ་ཤིན་ཏུ་གཅེས། །མནན་པས་བཀྲ་ཤིས་དངོས་གྲུབ་འཕེལ། །ཁ་སྨྲས་གོད་ཁ་ཞི་བར་བྱེད། །ཕྱིས་ཀྱང་གནོད་འཚེ་འབྱུང་སྲིད་ན། །ཉི་མ་ཐལ་ཁ་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། ཐལ་མོ་བརྡབས་པས་


CMR018_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཞི། མནན་ཐབས་ཡིན། སྤྱི། འདི་ལ་རི་བོང་མགོ་ཅན་ལྟག་ཁུང་དུ་མདའ་བརྒྱབ་པའི་གཟུགས་ཤིག་ལྟོར་རྩི་བས་མུ་ཁྱུད་ལིངྒ་མགོ་བསྣོལ་བྲི་བ་དང་། སྔགས་འདྲ་མིན་མང་དུ་བྱུང་བ་རྣམས། དབང་ཕྱུག་ལ་སོགས་ལྷ་གཞན་སྒབ་འདྲེ་སེང་གདོང་ལུགས་ཀྱང་བཞི་མགོ་སྤྱོད་དང་། སྔགས་འདྲ་མིན་མེད་པོར་མ་ནོར་བར་བྱའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམཁའ་འགྲོ་སེང་གདོང་མ་སྒྲུབ་པའི་བགེགས་བཟློག་ཐབས།next