Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་ཆ་ལག་ལས་དུས་ཏྲི་ནག་མོ་བཅིངས་པའི་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་ཆ་ལག་ལས་དུས་ཏྲི་ནག་མོ་བཅིངས་པའི་ཐབས།next

སེང་གདོང་མའི་ཆ་ལག་ལས་དུས་ཏྲི་ནག་མོ་བཅིངས་པའི་ཐབས།


CMR018_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་ཆ་ལག་ལས་དུས་ཏྲི་ནག་མོ་བཅིངས་པའི་ཐབས་ཡོད། སེང་གདོང་མ་འདི་སྒྲུབ་པའི་ཚེ། དུས་ཏྲི་ནག་མོ་བརྩི་མ་ཤེས་ན། འགྲུབ་དཀའ་ཞིང་ལྷ་མི་ལྟར་བརྫུས་པས། ལྷ་རྟགས་གདོན་རྟགས་འབྱེད་དཀའ་བ་དང་། སྙིང་མི་དགའ་བ་དང་། གོད་འདྲེ་ལ་སོགས་འབྱུང་བས། དུག་ཤོག་ལ་དུག་ཁྲག་ར་ཁྲག་གིས་ལིངྒ་བུད་མེད་ནག་མོ་སྐུ་བཤལ་བ་ཡན་ལག་ལྕགས་སུ་བཅུག་པ་བྲིས་ལ། སྙིང་གར་དྲི་ཛའི་མཐར་སྒྲུབ་ལ་བར་དུ་གཅོད་པའི་གནོད་བྱེད་དུས་ཏྲི་ནག་མོ་ཁུག་མཱ་ར་ཡ་ཛ། ཞེས་བྲིས་པའི་ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ རྐང་ཞབས་སུ་ཡཾ། སྤྱི་བོར་ནན་བྲིས་ལ་ལིངྒ་འདི་མཐར་སྔགས་མགོ་ཕྱིར་བསྟན་ལ། གནོད་བྱེད་དུས་ཏྲི་ནག་མོའི་ལུས་ངག་ཡིད་གསུམ་ཆིངས་ཤིག་མཱ་ར་ཡ་ཧཱུཾ་བྷ་ཡ་ནན། དམན་མོ་ཏྲི་སྲོག་ཐུན། མཱ་ཡ་ར་ཤ་ཧཱུཾ་མཱ་ར་ཡ་རྦད་ནན། ཐུམ་རིལ་རྦད་ནན། སྒབ་འདྲེ་ཧཱུཾ་བྷ་ཡ་ཧུར་ཐུམ་མཱ་ར་ཡ་ནན། ཞེས་བྲིས། དེ་རྒྱབ་ཛཁཾ་གྱིས་བསྐོར་དེ་ལ་འགུགས་གཞུག་མང་དུ་བྱས་ལ་ལྟེབས་ནས། ཡུགས་ས་མའི་སྐྲ་ཤད་དམ་ཁྱི་རའི་སྐུད་པས་རྒྱ་གྲམ་དུ་བཅིངས་ལ་བྲུབ་ཁུང་དུ་བཅུག་ལ་སྟེང་མཆོད་རྟེན་བུམ་རིལ་ལམ་ཚྭ་ཚྭས་མནན་ལ་རང་


CMR018_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་རྒྱབ་ཕྱོགས་སུ་བཞག །རབ་ཤིང་སྤྱམ་ནག་གམ་མེད་ན་ཤིང་གང་རུང་ལ་ཆ་རུའི་གཟུགས་ཆུང་ཆུང་མང་དུ་བཟོས་ལ་ཚགས་བྱས་ལ། སེང་གདོང་མའི་བསྙེན་པ་ཁྲི་ཚོ་ཐོན་དུས་ཧཾ་ཁུང་ནང་དུ་ལིངྒ་སྟེང་དེར་ཤིང་གི་ཚ་དུ་རེ་འཕངས། དེ་ལྟར་སེང་གདོང་མའི་སྒྲུབ་པ་མ་ཐོན་བར་དུ་བྱེད། སྒྲུབ་པ་ཚར་ནས་སྒོ་ཐེམ་ཞབས་སུ་ལིངྒ་དང་ཆ་རུ་བཅས་པ་མནན། སྟེང་དུ་བྲོ་བརྡུང་། དེ་སྒྲུབ་ཚེ་བར་ཆད་དང་བསླུ་བ་མི་འོང་བ་ཟབ་བོ། །ཧཱུཾ། །དེ་ཕྱིར་རཱ་ག་ཨ་སྱས་སྦྱར་བའོ། །ཁ་ཐཾ། བཀྲ་ཤིས། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེང་གདོང་མའི་ཆ་ལག་ལས་དུས་ཏྲི་ནག་མོ་བཅིངས་པའི་ཐབས།next