Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སེང་གདོང་མའི་མི་ཁ་དགྲ་ཟློག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སེང་གདོང་མའི་མི་ཁ་དགྲ་ཟློགnext

མཁའ་འགྲོ་སེང་གདོང་མའི་མི་ཁ་དགྲ་ཟློག


CMR018_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སེང་གདོང་མའི་མི་ཁ་དགྲ་ཟློག་བཞུགས་སོ།། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ མཁའ་འགྲོ་སེང་གདོང་བྱིན་རླབས་ནུས་མཐུ་ཡིས། །བདག་ལ་ཁ་དགྲ་བྱེད་པའི་མི་ཁ་ཟློག་ཅིག །མི་ཁ་ངན་པ་ཐམས་ཅད་ཟློག་ཅིག །མི་ཁ་ལྷ་དང་བསྡོངས་བ་ཟློག་ཅིག །མི་ཁ་བཙན་དང་བསྡོངས་བ་ཟློག་ཅིག །མི་ཁ་གཤིན་རྗེ་དང་བསྡོངས་བ་ཟློག་ཅིག །མི་ཁ་ཐེའུ་རང་དང་བསྡོངས་བ་ཟློག་ཅིག །མི་ཁ་རྒྱལ་པོ་དང་བསྡོངས་བ་ཟློག་ཅིག །མི་ཁ་འགོང་པོ་དང་བསྡོངས་བ་ཟློག་ཅིག །མི་ཁ་ཕོ་འདྲེ་པས་དང་བསྡོངས་བ་ཟློག་ཅིག །མི་ཁ་མོ་འདྲེ་དང་བསྡོངས་བ་ཟློག་ཅིག །མི་ཁ་སྲིན་མོ་དང་བསྡོངས་བ་ཟློག་ཅིག །མི་ཁ་ཀླུ་དང་བསྡོངས་བ་ཟློག་ཅིག །མི་ཁ་འདྲེ་དང་བསྡོངས་བ་ཟློག་ཅིག །མི་ཁ་བགེགས་དང་བསྡོངས་བ་ཟློག་ཅིག །མི་ཁ་བྱུར་དང་བསྡོངས་བ་ཟློག་ཅིག །སྟེང་ལྷ་ཡི་མི་ཁ་དགྲ་ལ་ཟློག་ཅིག །བླ་མའི་ཆོས་ར་ན་གླེང་བའི་མི་ཁ་དགྲ་ཅིག །མི་དཔོན་གྱི་ཁྲིམས་ར་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །བོན་པོའི་དབང་ར་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །བན་དེའི་ཚོགས་གྲལ་ན་གླེང་བའི་མི་ཁ་


CMR018_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་ཟློག་ཅིག །སྐྱེ་བོའི་མདའ་ར་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །བུད་མེད་ཀྱི་འཕང་ར་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །རྒན་པོའི་བྷི་ར་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །མགར་བའི་མགར་ཚང་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །གཡོག་མོའི་ཆུ་ལེན་བར་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །རྫི་བོའི་རྫི་གྲལ་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །སྤྲང་པོའི་སྤྲང་འདུས་ཚོགས་པའི་ཚོགས་གྲལ་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །ཚོང་པའི་ཚོང་གྲལ་ན་གླེང་བའི་མི་ཁ་དགྲ་ལ་ཟློག་ཅིག །བཟང་བྱས་ངན་དུ་མཐོང་བའི་མི་ཁ་དགྲ་ལ་ཟློག་ཅིག །བྱམས་པ་ཕར་ལ་བྱས་ན་སྡང་བ་ཚུར་ལ་བསྟན་པའི་མི་ཁ་དགྲ་ལ་ཟློག་ཅིག །མ་ལེན་པ་ལ་ཁ་ཡོག་འཕང་བའི་མི་ཁ་དགྲ་ལ་ཟློག་ཅིག་། ཕུགས་ནས་རྒྱུ་ཟས་ལ་སྡང་བའི་མི་ཁ་དགྲ་ལ་ཟློག་ཅིག །བར་ནས་མི་ལ་སྡང་བའི་མི་ཁ་དགྲ་ལ་ཟློག་ཅིག །སྒོ་ཡི་ཟོག་ལ་སྡང་བའི་མི་ཁ་དགྲ་ལ་ཟློག་ཅིག །རི་ཡི་ཞིང་ལ་སྡང་བའི་མི་ཁ་དགྲ་ལ་ཟློག་ཅིག །མི་ཡི་ཁྱིམ་ལ་སྔ་མའི་ལན་ཆགས་ད་ལྟའི་འཕྲལ་རྐྱེན་ལས་བྱུང་བའི་མི་ཁ་དགྲ་ལ་ཟློག་ཅིག །ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་


CMR018_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ནས་བྱུང་བའི་མི་ཁ་དགྲ་ལ་ཟློག་ཅིག །ཁྱད་པར་དུ་ཡང་དྲག་མོ་སེང་གེའི་གདོང་པ་ཅན་གྱི་བྱིན་རླབས་ནུས་མཐུ་ལ་བརྟེན་ནས་བདག་ལ་དགྲ་སྣ་གྱོད་སྣ་རྐུན་སྣ་ཐན་སྣ་རིམས་སྣ་ཡམས་སྣ་དང་བཅས་པ་དགྲ་ལ་སྒྱུར་ཅིག །ཁ་མཆུ་དང་གཏམ་ལབ་བྱས་པ་ཐམས་ཅད་དགྲ་ལ་ཕར་ཟློག་ཅིག །ཕྱིན་ཆད་མི་སྡང་བར་མཁའ་འགྲོ་གཙོ་འཁོར་རྣམས་ཀྱིས་གཟུ་དང་དཔང་མཛོད་ཅིག །བདག་ལ་ཁ་མཆུ་དང་མི་ཁ་ལས་རྒྱལ་བར་གྱུར་ཅིག །ཞི་བ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འདི་ཡང་གཏེར་བློན་རཱ་ག་ཨ་སྱས་སྦྱར་བའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམཁའ་འགྲོ་སེང་གདོང་མའི་མི་ཁ་དགྲ་ཟློགnext