Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚོན་ཟློག་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚོན་ཟློག་མདོར་བསྡུས།next

མཚོན་ཟློག་མདོར་བསྡུས།


CMR018_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཟློག་མདོར་བསྡུས། ན་མོ་ཌཱཀི་སེང་ཧ་མུ་ཁ་ཡེ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་བཏུད་ནས། །དེ་ཡི་ལས་ཚོགས་མན་ངག་མང་པོ་ཞིག །གབ་འཁྲུགས་བསལ་ནས་གསལ་དག་འདིར་འགོད་ན། །ཡེ་ཤེས་ཌཱཀིས་བྱིན་རློབས་བཀའ་གནང་སྩོལ། །དེ་ལ་སེང་གདོང་མའི་བསྙེན་སྒྲུབ་ཚད་དུ་འཁྱོལ་ཞིང་རྟགས་ཐོན་པའི་རྣལ་འབྱོར་པས། ལས་ཚོགས་གང་འདོད་སྒྲུབ་པ་ནི། །མཚོན་གྱི་གནོད་པ་སྲུང་བ་ནི། །རང་ལུས་གསེར་གྱི་རྡོ་རྗེར་བསྒོམ་ལ། དེ་ཡང་རྣམ་པ་གསེར་གྱི་རྡོ་རྗེ་ལ་ངོ་བོ་སེང་གདོང་མར་བསམ། ཨཀ༔ས༔ མར༔ཙཤདར༔ས༔མ༔ར༔ཡ༔ཕཊ༔ རྣོ་མཚོན་གྱི་གནོད་པ་ཟློག་ཅིག །ཅེས་མང་དུ་བཟླས་ལ་མཆིལ་མ་སྙིང་ཁར་བྱུག །ལུས་རྣམས་ཕུ་མཆིལ་བཏབ་བོ། །དེས་ལུས་ལ་མཚོན་མི་འཁོར་བ་དང་། གལ་ཏེ་ཁྱད་དུ་བརྒྱབ་ཀྱང་རབ་མི་ཕིག་ཐ་མ་ཡང་སྨྲས་ཚབས་ཆུང་ངེས་སོ། །ཨྠྀི། ཡང་འཁྲུག་གྲལ་དུ་འགྲོ་ན་རྐང་པ་གཡོན་གྱི་འོག་ནས་ས་བླང་ལ་གོང་གི་བ་དང་། སྔགས་དེས་སྔགས་ལ་དགྲ་ཕྱོགས་སུ་གཏོར་ན་རང་ལ་མཚོན་མི་འཁོར་བ་དང་ཕ་རོལ་གྱི་མདའ་ཚབ་ཉམས་པར་འགྱུར་རོ། །དེས་རང་གཅིག་པུ་མི་ཚད་ཕྱོགས་ཐམས་ཅད་ཐུབ་གསུངས། །


CMR018_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཕྱོགས་ཀྱི་གོ་ཆ་རྣམས་ལ་གོང་གི་སྔགས་དེས་སྔགས་པའམ། ཆུ་ལ་བཟླས་ཏེ་གཏོར་ན་གོ་ཆ་སྲ་བར་འགྱུར་རོ། །ཨྠྀི། གཞན་མཚོན་སྲུང་བཏགས་ན། རིབ་མཐིང་ཤོག་ལ་གསེར་གྱི་བྲི། འབྲིང་མཚལ། ཐ་མ་རྒྱ་ཤོག་ལ་རྒྱ་སྣག་སྨྱུག་གིས་བྲིས་ཏེ། ཨཀསམར༔ཙཤདར༔སམར༔ཡཕཊ༔ ནན་ཏ་ཕེ་ཁྲོམ་ཁྲོ་ཨོཾ་ཨོཾ་ཁྲོ་ཁྲོ་ཕེ་ཏ་ནན༔ ཞེས་བྲིས་ལ་གོང་གི་ཡི་གེ་བཅུ་བཞི་པ་ཤམ་བུ་ཅན་དེ་དང་ཁྲོ་ཁྲོ་ཕེ་ཏ་ཟེར་བའི་སྔགས་དེ་གཉིས་ཀས་སྔགས་ལ། ཨོཾ་གཉིས་མཚམས་ནས་ལྟེབས་ལ་སྔགས་ཁ་སྦྱོར་བྱས་ཏེ་དེ་ནས་ཅི་བདེར་ལྟེབས་ལ་བཏགས་ཤིང་། བསྲུང་བྱ་རྣམས་ལ་སྲུང་འཁོར་ཡང་རང་གིས་བསྒོམ་ན་མཚོན་མི་འཁོར་བས་སྲུང་བར་གསུངས་སོ། །ཨྠྀི། །གཡུལ་རྒྱལ་བར་འདོད་ན་རྩ་སྔགས་འདི་ལྟར་ལྟག་སྤྲོད་དུ་དར་རས་སོགས་ལ་བྲིས་ཏེ་དམག་དཔོན་སོགས་ཀྱི་མདུང་དར་ལ་བཏགས། དེ་ཉིད་སེང་གདོང་དམག་འདུལ་རྒྱལ་མོའམ་ཡང་ན་སེང་གདོང་གཞུང་ལྟར་བསྒོམ་ལ་རབ་གནས་བྱ། སེང་གདོང་མ་ལ་གཏོར་འབུལ་གཡུལ་རྒྱལ་བའི་བཀའ་བསྒོ་དམར་གཏོར་ལ་བཀུག་གཞུག་བྱས་ལ་


CMR018_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་བསྐུལ་པ་གང་ཤེས་དང་། ཁྱད་པར་དམག་འདུལ་རྒྱལ་མོའི་བསྐུལ་པ་བྱས་ལ་དགྲ་ཕྱོགས་ཟོར་འཕང་ངོ་། །དེས་གཡུལ་ལས་རྒྱལ་ལོ། །འདིའི་མན་ངག་ཡི་གེ་བཅུ་བཞི་པ་ཚེག་དྲག་བཅུ་བཞི་ཡོད་མེད་གཉིས་ག་ལྟར་ལྟག་སྤྲོད་བྲིས་ཏེ་བཏགས་ན་བཟང་ངོ་། །འདིས་མདུང་རབ་གནས་དང་། རང་དང་དམག་དཔོན་བསྒོམ་བྱ་ནི། སྟོང་པའི་ངང་ལས་མེ་རི་རྡོ་རྭ་དུར་ཁྲོད་བརྒྱད་ཀྱི་དབུས་སུ། ཁྲག་མཚོ་རྦ་རླབས་འཁྲུགས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཆོས་འབྱུང་གདན་ཐབས་མཐིང་ནག་གི་སྟེང་དུ་གནམ་ལྕགས་ཀྱི་་འཁོར་ལོ་རྩིབས་བཞི་པའི་སྟེང་དུ་བདུད་བཞི་དང་རུ་ཏྲའི་གདན་ལ། རལ་གྲི་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་བདུད་སྡེ་བཅོམ་ཡེ་ཤེས་ཀྱི་ཁྲོ་བོ་དང་བདུད་དང་ལྷ་སྲིན་ཐམས་ཅད་ཀྱི་ནུས་པ་བསྡུས་ཡོངས་སུ་གྱུར་པ་ལས། ཀི་གཡུལ་ལས་རྣམ་རྒྱལ་མ། སྐུ་མདོག་སྔོ་ནག་སེང་ཞལ་དཀར་པོ་རབ་ཏུ་ཁྲོས་ཤིང་རྔམ་པའི་ངར་སྒྲ་འབྱིན་པ། ཤར་དུ་བདུད་དཔུང་འཇོམས་བྱེད་མ་སྐུ་མདོག་དཀར་ནག་སེང་ཞལ་སྔོན་མོ། །ལྷོར་བདུད་དཔུང་མཐར་བྱེད་མ་མ་སྐུ་དང་སེང་ཞལ་སེང་ནག །ནུབ་ཏུ་འགུགས་བྱེད་མ་མ་དམར་ནག་སེང་གེའི་གདོང་


CMR018_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཟངས་ཁྲབ་ཅན། བྱང་དུ་འབེད་མ་སེང་གེའི་གདོང་ཅན་ལྕགས་ཁྲབ་ཅན། གཞན་རྣམས་བསེ་ཁྲབ་དང་། ཐམས་ཅད་ཀྱང་བསེ་རྨོག་དང་བསེ་ཕུབ་ལ་རྔ་ཞོལ་ཕྱོགས་མདོག་ཅན༔ དར་མདུང་དམར་པོ་ལ་བ་དན་ཕྱོགས་མདོག་ཅན། མཆན་ཁུང་གཡོན་ནས་བསྒྲེང་བ། ཕྱག་གཡས་རང་མདོག་གི་རིན་པོ་ཆེའི་རལ་གྲི་འཛིན་བཞིན་པས་གནམ་ལྕགས་ཀྱི་མདའ་གཞུ་དགྲ་ཕྱོགས་སུ་འགེང་བ་སག་ལྷམ་དང་བཅས་པའི་ཞབས་གར་ཐབས་སུ་འགྱིང་ཞིང་། རང་དང་འདྲ་བའི་དམག་དཔུང་དཔག་ཏུ་མེད་པ་འགྱེད་པར་བསྒོམ་ལ། གནས་གསུམ་བྱིན་རླབས་ཡེ་ཤེས་པ་སྤྱན་དྲངས་བསྟིམ་ལ། ཁྲག་འཐུང་རིགས་སོ་སོས་དབུ་བརྒྱན་པར་བསམས་ལ། ཨརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད། །དམར་གཏོར་བཀུག་གཞུག་བྱས་ལ་ཟློག་པའི་གཞུང་གི་དམག་འགྱེད་གྱེར་ལ་གཏོར་ཟོར་བྱའོ། །ཡི་གེ་བཅུ་བཞི་པ་རྣོ་མཚོན་ཟློག་ཅིག་པའི་ཤམ་བུ་ཅན་མང་དུ་བཟླའོ། །མཚོན་གྲི་ཟློག་པ་མདོར་བསྡུས་ཨ་རཱ་གས་བཀོད་པས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག །མངྒ་ལཾ།། །།


previousམཚོན་ཟློག་མདོར་བསྡུས།next