Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མའི་ཟློག་པ་རྡོ་རྗེའི་ཕ་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེང་གདོང་མའི་ཟློག་པ་རྡོ་རྗེའི་ཕ་ལམ།next

སེང་གདོང་མའི་ཟློག་པ་རྡོ་རྗེའི་ཕ་ལམ།


CMR018_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མའི་ཟློག་པ་རྡོ་རྗེའི་ཕ་ལམ་བཞུགས་སོ། ༈ ན་མོ་སེདྷ་བཛྲ་མུ་ཁ་ཡེ། ཟློག་པའི་མན་ངག་བསྐྱེད་རིམ་སྲུང་འཁོར་གཞུང་ལྟར་ལས། དགོང་མོའི་ཐུན་ལ། རང་ཉིད་སེང་གདོང་སྐུ་མདོག་ནག་མོ་རལ་པ་ཤིང་ལོ་རྒྱས་པ་ལྟར་སྤྲུགས་ནས་མཁའ་འགྲོ་བྱེ་བ་ས་ཡ་འགྱེད་པ། ཕྱི་རོལ་འཁོར་ལོ་རྩིབས་སྟོང་གི་ནང་དུ་རང་འདྲ་བའི་སེང་༡ གདོང་མ་ནག་མོ་སྟོང་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པ། གཞན་ཡང་སྤྲུལ་པའི་སེང་གདོང་མའི་ཚོགས་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས་ཡི་གེ་བཅུ་བཞི་པའི་སྒྲ་འབྲུག་ལྡིར་བ་ལྟར་གྲག་ལ། ཨཀསསོགས། སྟོང་གསུམ་འུར་འུར་རྒྱ་མཚོ་ཁྱོམ་ཁྱོམ་རི་རབ་ལྡིག་ལྡིག་གནོད་བྱེད་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་འདིར་ཡོད་ཡེད་བཀའ་ཉན་གསུང་སྡོད་པར་བསམ། མཁའ་འགྲོ་མ་དེ་རྣམས་ཀྱིས་བྱད་མ་ལྷ་སྲུང་དང་བཅས་པ་གནོད་བྱེད་འབྱུང་པོ་ཐམས་ཅད་བསད་བཅད་ཤ་ཁྲག་ཚོགས་སུ་རོལ། འགའ་ཞིག་བཀུག་ནས། སྲུང་འཁོར་མཚོན་ཆའི་བར་བསྐྱུར་ནས་མཚོན་ཆ་རྣམས་གཡོན་དུ་འཁོར་བས་ཤ་ཁྲག་ཕྱེ་མར་གཏུབས་པས་མཁའ་འགྲོ་མ་རྣམས་ཀྱིས་ལྷག་མེད་དུ་གསོལ་བར་བསྒོམ། ཕྱི་


CMR018_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་སྲུང་འཁོར་གྱི་མེ་དཔུང་གཡོན་དུ་འཁྱིལ་ཞིང་འབར་བ་དང་ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་པར་བསྒོམ། ཨཀསོགས། ཞེས་གཏུབ་གཅོད་དྲག་ཏུ་བཟླས། ལག་པ་གཡས་ཀྱི་མཛུབ་མོ་ག༽མེ་ལྕགས་ཀྱི་གདན་ལ། མཐེ་བོང་ཟངས་ཀྱི་སྤུ་གྲིས་བྱེད་མའི་སྐེ་རྦད་རྦད་བཅད་པར་བསྒོམ་ལ། ཕྲེང་རྡོག་ཕར་ལ་བཅད་ལ་མདུན་དུ་དོང་གྲུ་གསུམ་གཏིང་ཟབ་པ་དམྱལ་ཁམས་སུ་ཟུག་པའི་ནང་ནས། ལས་ཀྱི་གཤིན་རྗེའི་ལྟོ་བ་རི་རབ་ཙམ་ཞལ་གདང་བ། མཆེ་བ་གཙིགས་པ་ལས་ལྗགས་བརྐྱང་བའི་ཁ་ནང་དུ་དགྲ་བོ་མགོ་མཇུག་སོང་བར་བསྒོམ་ཞིང་། ཕྲེང་བ་ཕྱིར་འདྲེན་ཅིང་ཕྲེང་སྐོར་སོང་ནས་རང་གི་ལག་མཐིལ་གཡས་ཉི་མའི་དཀྱིལ་འཁོར་རྩིབས་སྟོང་དང་ལྡན་པ་ལ་སྲེག་བྱེད་བསྐལ་པའི་མེ་དཔུང་འབར་བ། ལག་གཡོན་ཟླ་བའི་དཀྱིལ་འཁོར་རྩིབས་སྟོང་དང་ལྡན་པ་ལ་བསྐལ་པའི་ཆུ་བྲུབ་པ། རང་གི་སྣ་བུག་ནས་རླུང་གཉིས་བུས་པས་ཡེ་ཤེས་ཀྱི་རླུང་རབ་ཏུ་འཚུབ་པས་བྱད་མ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་ལག་པའི་ནང་དུ་བཀུག་ནས་བདེན་སྟོབས་བརྗོད་ཅིང་ཐལ་མོ་ལན་གསུམ་བརྡབས་པས་མེས་བསྲེག །ཆུས་བཤིག །ཐལ་བ་གཏོར། མདུན་འོག་གྲུ་གསུམ་ནང་


CMR018_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལས་ཀྱི་གཤིན་རྗེའི་ཞལ་དུ་ལྷག་མ་མེད་པ་སོང་བར་བསྒོམ་ལ་སྟོང་ཉིད་ཀྱི་རྒྱས་འདེབས། སྔགས་གྲངས་བརྒྱའམ་ཉེར་གཅིག་གང་རུང་གིས་ཆོག །དུས་ནི་དགོང་ཆུང་སྤྲེའུ་དུས་ནས་ཉི་མ་ཐལ་བའི་བར་མི་བྱའོ། །ཉི་མ་ཐལ་ནས་སྲོད་ཚུན་ལ་རུང་། ཤིན་ཏུ་གལ་ཆེ་ན་སྟོང་ཚར་ནུས་པ་ཆེ་ནས་ཁ་ཆད་མཐུ་འགྲས་ཡོད་ན་བརྒྱའམ་ཉེར་གཅིག་རེ་བཟློག་པའི་རྟགས་མ་བྱུང་བར་དུ་བགྲང་ངོ་། །རྟགས་ནི་དངོས་སུ་སེམས་དཔའ་སྐྱེ་བའམ། རྨི་ལམ་དུ་མེ་མཆེད་པ་བསད་པ། བཤའ་བ་ཆུ་རྒྱུར་བ་རྦབ་དང་སེར་བ་བཟློག་པ། གཏོར་མ་དང་ཟོར་བཤིག་པ། ཕུར་པའམ་མདའ་གཞུ་བཅག་པ། འཐབ་མོ་གཡུལ་ལས་རྒྱལ་བ། གཅན་གཟན་ཁ་བཅིང་བ་ལ་སོགས་རྨིས་ལྟས་བྱུང་ན་སྔར་གྱི་གྲངས་ལས་ཉུང་ཙམ་ལས་མི་བཟླ་། རྐྱེན་སྐག་ཆེ་བ་དང་རྦོད་གཏོང་རྒྱུན་དུ་ཡོད་པ་ན་བརྒྱ་རེ་མ་ཆག་པར་བཟླའོ། །ཐེབ་ཆེན་ཡོད་ཅིང་རྒྱུ་དུས་འཛོམ་པ་ལ་སོགས་དུས། དམར་གཏོར་བསྐུལ་པ་དང་བཅས་ཏེ་ཕ་རོལ་གྱི་ཕྱོགས་སུ་འཕང་ངོ་། །དེ་ནི་ཟློག་པའི་ལས་རིམ་རྒྱས་པའོ།། ༈ བསྡུས་པ་ལག་པ་གཡས་གསེར་དང་གཡོན་ཟངས་ཀྱི་འཁོར་ལོ་རྩིབས་སྟོང་བསྒོམ། ལག་གཡས་


CMR018_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གཡོན་ཉི་མའི་དཀྱིལ་འཁོར་རཾ། ལག་གཡས་ནམ་མཁའི་མཐིལ་དུ་ཉི་མ། གཡོན་སའི་མཐིལ་དུ་ཟླ་བ། དེ་གཉིས་བརྡབ་པའི་བར་དུ་གནོད་བྱེད་སྒོང་ལྤགས་བཙིར་བ་ལྟར་དམར་ཆལ་གྱིས་སོང་བར་བསམ། འདི་ནི་གཙོ་ཆེ་བྱད་ཟློག་དང་། ནད་ཀྱི་རིགས་དང་གདོན་གྱི་རིགས། བར་ཆད་རྐྱེན་གྱི་རིགས་ལྟས་ནང་ཆོ་འཕྲུལ་རྨིས་ལྟས་ངན་པ་མོ་ངན་ལ་སོགས་ལྟས་སྡིག་གང་ཟློག་འདོད་པ་དེ་དམིགས་པའི་བསྒྱུར་ཁ་བྱས་ན་མི་ཟློག་པ་གཅིག་ཀྱང་མེད། ཟློག་པའི་མན་ངག་གསལ་བར་བཀོད། ཉེས་འགལ་མཆིས་ན་ཌཱཀྐིའི་ཚོགས་ལ་བཤགས། །དགེ་བས་འགྲོ་ཀུན་བདུད་བཞིའི་གཡུལ་རྒྱལ་ཤོག །སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེང་གདོང་མའི་ཟློག་པ་རྡོ་རྗེའི་ཕ་ལམ།next