Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེའི་གོ་ཁྲབ་བདག་བསྐྱེད་ཡི་གེ་དཀྱུས་ལྟར་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེའི་གོ་ཁྲབ་བདག་བསྐྱེད་ཡི་གེ་དཀྱུས་ལྟར་འདོན་འགྲིགས།next

རྡོ་རྗེའི་གོ་ཁྲབ་བདག་བསྐྱེད་ཡི་གེ་དཀྱུས་ལྟར་འདོན་འགྲིགས།


CMR018_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གོ་ཁྲབ་བདག་བསྐྱེད་ཡི་གེ་དཀྱུས་ལྟར་ལ། ཕུན་སུམ་ཚོགས་པར་གྱུར་པ་དང་། བསྙེན་པ་བྱ། བསྐང་ཟློག་འོག་ནས་པྲ་ཏིཙྪ་ཛ་ཧོ་བར། མདུན་བསྐྱེད་བསྙེན་པ་བྱ། གཏོར་བསྔོས་བྱིན་རླབས། ཨོཾ་ཨཱཧཱུྃ་བར། བཀའ་སྲུང་རྡོ་རྗེ་རྒྱལ་མཚན་ནང་། ཧཱུཾ། རྒྱལ་བའི་སྐྱེད་ཡུམ་ཌཱཀྐིའི་སོགས། དྷ་ཛ་ནི་ཕཊ༔ བར་བརྗོད། ཧཱུཾ། མཁའ་སྤྱོད་བདེ་ཆེན་ཞིང་ཁམས་སོགས་གནས༔ ཨ་ལ་ལ་སྟེ་ཚིམ་པར་མཛོད་བར། བདག་བསྐྱེད་གཏོར་བསྔོས་བྱིན་རླབས་ནས་བཟུང་། ཕྱག་འཚལ་སྲུང་མ་རྒྱ་མཚོ་ལའོ། །བར་བྱ། བསྐང་བ། ཧཱུྃ་བྷྱོ༔ དངོས་སུ་འབྱོར་དང་། ཡིད་ལས་སྤྲུལ་སོགས་བསྐང་བ། བསྒྲལ་ལས་ཟློག་པ་གཞུང་ལྟར་མཱ་ར་ཡ་ཕཊ་སྭཱ་ཧཱ། ཟློག་སྔགས་བྱ། གྲངས་བཟུང་བ་ལྟར་གསོ་བྲན་བྱ། ཧཱུྃ་བྷྱོ༔ ནུབ་ཕྱོགས་ཨོ་རྒྱན་སོགས། རཀྟ་མཱ་ར་ཡ་ཕཊསྭཱ་ཧི༔ ཟློག་སྔགས་ནི། གཏོར་ཆུང་ལྔ་བཤམས་ལ་དམག་འགྱེད་བྱ། གཏོར་ཆུང་མདོས་ནང་དུ་ཕུལ། ཧཱུྃ། དབུས་ནས་སོགས། མ་ཧཱ་བར། ཕྲ་མེན་བཅུ་བཞིའི་བསྐུལ་པ་འདོན། གཏོར་ཆུང་བཅུ་བཞི་ཙཱ་དམག་འགྱེད་ལྟར་ཕུལ། ལྷག་མ་བཏང་སྤྱི་འདུས་རྩང་སབ། དེ་ནས་དཀར་གཏོར་བྱིན་བརླབས་བྱས་ལ། གནམ་ཆོས་དཀར་གཏོར་བསྔོ། ན་མོ་རྩ་བརྒྱུད་སོགས་བྱ། གཏོར་འབུལ་རྣམས་རིམ་བཞིན་བཤམས་ལ་ཕུལ།


CMR018_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་རྡོ་རྗེ་རྒྱལ་མཚན་བསྐུལ་པ་གཏོར་འབུལ་བྱ། གཏོར་སྣོད་སྒྲུབ་ལ་འགུགས་གཞུག་བྱ། རྟ་བྲོ་ལ་གཅེར་བུ་ཁྲོས་ནག་སོགས་བྱ། ཚེ་འགུགས་བརྗོད། ཨ་རཱ་གས་ནག་པོ་འགྲོ་ཤེས་བཀོད་པ་ཆད་བརྟན་སོགས་སྤྱི་འདུས་ཕྱོགས་གང་བདེ་བྱ། ཨོཾ་བཛྲ་ཌཱཀི་སོགས་ནས་སེངྒེའི་གདོང་ཅན་ལྷ་མོར་འདུད་བར་མཆོད་བསྟོད་བྱ། བདག་བསྐྱེད་མཐའ་ནས་མ་འབྱོར་བ་སོགས་ནས་ཡིག་བརྒྱ་བརྗོད། རང་གི་ཐུགས་ཀའི་ཧཱུྃ་ལས་སོགས། ནམ་མཁའ་གཡའ་བྲལ་ལྟ་བུར་གྱུར་པར་བསམ། འདི་ལྟར་བསྐྱེད་རྫོགས་སྒོམ་པ་གསུམ་སོགས་ནས། བཀྲ་ཤིས་ཤོག ༈ སྟོང་པའི་ངང་ལས་སོགས། དོན་བྱའོ། དགེ་བ་འདི་ཡིས་སོགས། དེ་ནས་གྲོལ་ཉིན་རུང་གི་མཚམས་ནས། དཀར་གཏོར་གསེར་སྐྱེམས་བྱ། སྒོ་དབྱེ། བཅོམ་ལྡན་ཌཱཀི་སེང་གདོང་སོགས་ཕྲིན་ལས་མཛོད། བར་གཞུང་ལྟར་བྱ། མདོས་དཔག་ལ། ཧཱུྃ། སྣང་སྲིད་སྒོ་ཆུང་སོགས། གཏོར་ཆུང་བཅུ་བཞི་དུས་གཅིག་བཤམས་ལ་བྱིན་རླབས་བྱ། ཕྲ་མེན་བཅུ་བཞི་གཏོར་རྫོང་བྱ། དེ་ནས་ལིངྒ་བྲན་ལ་བསྒྲལ་ལས་གོང་གི་བྲུབ་ཁུང་བསྐྱེད་ཆོག་འགུག་གཞུག་བྱའོ། །གཏོར་འབུལ་བཤམས་ལ་ན་མོ་རྩ་བརྒྱུད་སོགས། བྱིན་བརླབས་བྱས། །དྲང་སྲོང་རྡོ་རྗེ་རྒྱལ་མཚན་གཏོར་འབུལ་ནང་ཡོད། གླུ་མོ་ཟོར་འཕེན་ན། ཧཱུྃ་བྷྱོ༔ མྱུར་མགྱོགས་སོགས། ནས་འཕེན་ཟློག་པ་བཀྱག་ལ། ཧོ་དགོངས་སུ་གསོལ་


CMR018_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སོགས། བཞེས་ཤིག །མདོས་བཀྱག །ཟློག་སྔགས། ཐལ་རྡེབ་གསུམ་བྱ། དམར་གཏོར་གཅིག་བཤམས་ལ་ཧ་ཧོ་ཧྲིསོགས་བྱིན་རླབས་བྱ། ཁྱད་པར་སློབ་དཔོན་སོགས། གྲོལ་བར་མཛོད་བར། གཏོར་མ་འབུལ། བཤལ་ཆུ་ནམ་མཁར་མཆོད། གཏོར་སྣོད་བྲུབ་ཁུང་འགུགས། རྟ་བྲོ་བྱ། ཧཱུྃ་བྷྱོ༔ གཅེར་བུ་ཁྲོའི་སོགས། རྗེས་ཆོག་ཚེ་འགུགས་ནས་བཟུང་མཆོད་བསྟོད་བཟོད་གསོལ་གཞུང་ལྟར་ཚང་བར་བྱའོ། །མངྒ་ལཾ། ཨ་རཱ་གས་བྲིས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེའི་གོ་ཁྲབ་བདག་བསྐྱེད་ཡི་གེ་དཀྱུས་ལྟར་འདོན་འགྲིགས།next