Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདག་གི་བསད་པའི་སྲུང་འཁོར་སོགས་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདག་གི་བསད་པའི་སྲུང་འཁོར་སོགས་ཞལ་ཤེས།next

བདག་གི་བསད་པའི་སྲུང་འཁོར་སོགས་ཞལ་ཤེས།


CMR018_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བསད་པའི་སྲུང་འཁོར་རམ། རྒྱལ་དབང་དགུ་པས་མཛད་པའི་མངོན་རྟོགས་སོགས། མདོར་ན་སེང་གདོང་གཙོ་རྐྱང་ལྷན་ཅིག་སྐྱེས་མའི་མངོན་རྟོགས་གཅིག་གིས་བདག་བསྐྱེད་བྱས་ནས་མདུན་བསྐྱེད་ལྷ་མང་འདི་བཞིན་བསྒོམ་པར་བྱའོ། །ཡང་མཁའ་འགྲོའི་གཏོར་ཟློག་ལས་ཚོགས་ཁ་སྒྱུར་བདུན་དུ་བཅས་པ་འདི་ནི། ཕག་ཁྲོས་སེང་གསུམ་སྤྱིའི་ཟློག་གཞུང་འདི་བཞིན་ཡིན། ཉང་གི་གཏེར་མ་ཁྲོས་མའི་ཟློག་གཞུང་ཡང་འདི་རང་ཡིན་ཅིང་། འདིའི་སྔགས་ལ་ཡང་བཛྲ་བྷ་ར་ཧི་ཀྲོ་དྷེ་ཀ་ལི་འབྱུང་བའི་ཕྱིར་དང་། སེང་གདོང་མ་ཡང་ཡིན་ཏེ་ཁ་སྦྱོར་སྔགས་ལ་ཡི་གེ་བཅུ་བཞི་པ་འདི་ཉིད་གསལ་བར་གསུང་པའི་ཕྱིར་ཏེ། ཚིག་ཅུང་ཟད་བསྒྱུར་འོས་རྣམས་བསྒྱུར་ཤེས་པར་བྱ་ཞིང་། མཁའ་འགྲོའི་གཏོར་ཟློག་འདི་ནི་གཉན་པས་རང་དོན་མ་གཏོགས་གཞན་དུ་མི་རུང་ངོ་། བསྐང་ཟློག་སྦུག་མ་འདི་ནི་གཞན་དུ་རུང་སྟེ་སྐབས་དང་བསྟུན་ནོ།། ༄༅། །གཏེར་གཞུང་ལས། གཏོར་མ་འཕང་བའི་ཚེ་ལྷ་ཚོགས་ཁྲོས་འཁྲུག་རྔམས་པ་ནམ་མཁར་བཞུགས། གཏོར་མ་ལ་རང་དང་། སྒྲུབ་བྱའི་ཆག་ཆེན་ཉམ་ང་བྱད་ཕུར་དྲོད་གཏོང་སོགས་མི་མཐུན་བསྟིམ་པ་དེ་ཉིད་དུག་མཚོན་མེ་


CMR018_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཐོག་སེར་དུ་གྱུར་ཏོ། །བཏེག་པས་ལྷ་ཚོགས་རྣམས་དང་ལྷན་ཅིག་དགྲ་བོའི་ཡུལ་དུ་སོང་བས་དགྲ་བགེགས་ཐམས་ཅད་ཤུལ་མེད་རྗེས་མེད་དུ་བརླག་པར་བསམ་མོ།། ༈ ཐུན་ལ་བརྟེན་ནས་བསད་པ་ལ། ལྕགས་ཕྱེ། ཟངས་ཕྱེ། ཡུངས་ཀར། ཡུངས་ནག །སྐེ་ཚེ། ཤང་ཚེ། ཟི་ར་ནག་པོ། རྡོ་ཕྱེ། ཕུང་ས། ལན་ཚྭ། ཚྭ་བ་གསུམ། ཐང་ཕྲོམ་གཞན་ཡང་དུག་སྣ། ཁྲག་སྣ་བཅས་རང་གི་དྲི་མས་མ་ཕོག་པར་བྱས་ལ་ལྕགས་ཧོམ་དུ་བླུག །ཐུན་སྣོད་ཨེ་སྒྲོམ་འབར་བའི་དབུས་སུ་ཐུན་རྫོ་ས་ནད་མཚོན་དུག་གི་དངོས་པོ་རླངས་ཚེ པ་སྔོ་དམར་འཚུབ་པ་དགྲ་བོ་ཁ་ཕུང་རྗེས་མེད་དུ་བཏང་བའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཀྲོ་དྷ་ཏྲིག་ནན་ཨེ་ཧུར་ཐུ་ཛཿ གཟིར་ནན་ཀཱ་བ་ཙི་ཁཾ་ཤག་ལིང་མྱོག་པ་རྦད་རྦད༔ ཅེས་པས་བསྒྲུབས་ཏེ་བསད་ལས་ཀྱི་དུས་སུ་བརྡེག་གོ །སརྦ་མངྒ་ལཾ།། ཞལ་ཤེས།


previousབདག་གི་བསད་པའི་སྲུང་འཁོར་སོགས་ཞལ་ཤེས།next